【གསར་བརྗེའི་ཉམས་ཞིབ།】མཚོ་བྱང་ཁུལ་གྱི་ཁྱབ་ཁོངས་སོ་སོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཏང་དོན་ལས་སྒྲུབ་པའི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་མགོ་བརྩམས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཏང་དོན་ལས་སྒྲུབ་པའི་ཏང་དོན་བྱ་བའི་རིགས་པའི་གཞུང་ལུགས་ཤེས་བྱ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁུལ་ཡོངས་ཀྱི་ཁྱབ་ཁོངས་སོ་སོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཏང་དོན་ལས་སྒྲུབ་པ་རྣམས་ལ་སློབ་སྦྱོང་དང་གོ་རྟོགས་སད་པའི་ཁྲོད་ཆབ་སྲིད་ཀྱི་ནུས་པ་དང་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད།  འགན་འཁྲི་སྒྲུབ་པའི་ནུས་པ་བཅས་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱ་ཆེད། མཚོ་བྱང་ཁུལ་ཨུའི་རྩ་འཛུགས་པུས་གཙོ་སྒྲུབ་དང་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭས་འགན་སྒྲུབ་གནང་བའི་མཚོ་བྱང་ཁུལ་གྱི་ཁྱབ་ཁོངས་སོ་སོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཏང་དོན་ལས་སྒྲུབ་པའི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཟླ6པའི་ཚེས18ཉིན་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་མགོ་བརྩམས་པ་དང་། མཚོ་བྱང་ཁུལ་གྱི་ཁྱབ་ཁོངས་སོ་སོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཏང་དོན་ལས་སྒྲུབ་པའི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭའི་སློབ་མ50སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས།          

སློབ་མགོ་རྩོམ་པའི་མཛད་སྒོའི་ཐོག་བསྟན་དོན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་གཉེར་བའི་དམིགས་ཡུལ་ནི་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སོ་སོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཏང་དོན་ལས་སྒྲུབ་པས་ཏང་དོན་བྱ་བའི་རིགས་པའི་གཞུང་ལུགས་ཤེས་བྱ་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རྩའི་ཏང་དོན་ལས་དོན་གྱི་བྱ་ཐབས་ཁོང་དུ་ཆུད་པ། ཏང་དོན་བྱ་བའི་ཉམས་མྱོང་བརྗེ་རེས་བཅས་བྱས་ཏེ་ཏང་དོན་ལས་སྒྲུབ་པའི་ལག་ལེན་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད་དང་ཁུལ་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སྤེལ་རྒྱུ་དེ་རེད། གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མས་ངེས་པར་དུ་གོ་སྐབས་ལ་གཅེས་སྤྲས་དང་འགལ་རྐྱེན་སེལ་བ། བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་ཧུར་ཐག་སྒྱུར་རྒྱུའི་རེ་བ་ཡོད་པར་བསྟན།

སློབ་མགོ་རྩོམ་པའི་མཛད་སྒོའི་ཐོག་ནན་གྱིས་བསྟན་དོན། གཞི་རིམ་ཏང་འཛུགས་སྐྱོང་གི་ལས་འགན་དཀའ་ཚེགས་ཆེ་ལ་འགན་འཁྲི་ཡང་ལྕི་བས་ཐེངས་འདིའི་གསོ་སྦྱོང་དེ་མགོ་རྩོམ་སར་བྱས་ཏེ་ཆབ་སྲིད་ཀྱི་གཤིས་རྒྱུད་སྦྱོང་བརྡར་དང་། དམངས་ལ་ཞབས་འདེགས་ཞུ་བའི་ཐད་སྣེ་ཁྲིད་ཡག་པོ་བྱེད་པ། གསར་གཏོད་དང་འགྱུར་ལྡོག་བརྩོན་ལེན་བྱེད་པའི་ཐད་སྣེ་ཁྲིད་ཡག་པོ་བྱེད་པ། སྔོན་ཐོན་ཕུལ་བྱུང་གཏོད་པའི་ཐད་སྣེ་ཁྲིད་ཡག་པོ་བྱེད་པ། སྒྲིག་བརྩི་ཁྲིམས་སྲུང་བྱེད་པའི་ཐད་སྣེ་ཁྲིད་ཡག་པོ་བྱེད་པ་དང་། བསམ་བློ་སྔར་བས་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེ། འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྔར་ལས་སྤྲོ་སེམས་དང་དེ་བས་བློ་སྟོབས་ཆེ་བའི་བློ་གྲོས་ལ་བརྟེན་ནས“མཚོ་བྱང་ལྔ”འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་ཟེར།        

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号