དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ།

ཅི་ཞིག་ལ་རྒྱལ་ཁབ་བདེ་འཇགས་ཉིན་མོ་ཟེར།

2024ལོ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་ནས་ལོ་ངོ10འཁོར་བའི་ལོ་དང་། ཟླ4པའི་ཚེས15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་དགུ་པ་ཡིན་ཞིང་། ད་ལོའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གྱི་བརྗོད་དོན་ནི“རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ། གསར་གཏོད་སྣེ་ཁྲིད་ལོ་འཁོར་བཅུ”ཞེས་པ་དེ་ཡིན། གཤམ་དུ་ང་ཚོས་མཉམ་དུ་རྒྱལ་ཁབ་བདེ་འཇགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་ཁག་ལ་སློབ་སྦྱོང་ཐེངས་ཤིག་བྱ།


གཅིག ཅི་ཞིག་ལ་རྒྱལ་ཁབ་བདེ་འཇགས་ཟེར།

2015ལོའི་ཟླ7པའི་ཚེས1ཉིན། ལག་བསྟར་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས》ནང་།  རྒྱལ་ཁབ་བདེ་འཇགས་ཞེས་པ་ནི་རྒྱལ་ཁབ་ཀྱི་སྲིད་དབང་དང་། བདག་དབང་གཅིག་གྱུར། མངའ་ཁོངས་ཆ་ཚང་། མི་དམངས་བདེ་སྐྱིད། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་རིགས་གཞན་དག་བཅས་ལ་སྤྱིའི་ཆ་ནས་ཉེན་ཁ་མེད་པ་དང་ཕྱི་ནང་གི་འཇིགས་སྐུལ་མི་ཕོག་པ། དེ་བཞིན་བདེ་འཇགས་རྒྱུན་མཐུད་ཀྱི་གནས་བབ་འགན་ལེན་བྱེད་པའི་ནུས་པར་ཟེར་ཞེས་གསལ་པོར་བཀོད་ཡོད།


གཉིས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་འོས་འགན་གང་དག་ཡོད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་དོན7པའི་ནང་གཏན་འབེབས་བྱས་པ་ལྟར་ན།

(གཅིག)རྩ་ཁྲིམས་དང་། ཁྲིམས་ལུགས་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་བྱ་དགོས། 

(གཉིས)རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་འགུལ་གྱི་ཁུངས་སྣེ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།

(གསུམ)རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་འགུལ་དང་འབྲེལ་བ་ཡོད་པའི་དཔང་རྟགས་ཤེས་རྟོགས་བྱུང་ཚེ་ཇི་མ་ཇི་བཞིན་གདོན་དགོས། 

(བཞི)རྒྱལ་ཁབ་བདེ་འཇགས་ཀྱི་བྱ་བར་སྟབས་བདེའི་ཆ་རྐྱེན་བསྐྲུན་པའམ་གཞོགས་འདེགས་ཞུ་དགོས།

(ལྔ)རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་། སྤྱི་བདེ་ལས་ཁུངས། དམག་དོན་འབྲེལ་ཡོད་ལས་ཁུངས་བཅས་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་གཞོགས་འདེགས་ཞུ་དགོས།

(དྲུག)རྒྱལ་ཁབ་ཀྱི་གསང་བ་ཤེས་རྟོགས་བྱུང་བ་རྣམས་དམ་སྲུང་བྱ་དགོས། 

(བདུན)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འོས་འགན་གཞན་དག་བསྒྲུབ་དགོས།

མི་སྒེར་དང་རྩ་འཛུགས་གང་ཡིན་ཡང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་སྤེལ་མི་ཆོག་ལ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་མཁན་མི་སྒེར་རམ་རྩ་འཛུགས་ལ་རོགས་དངུལ་སྤྲོད་པའམ་རོགས་སྐྱོར་གང་ཡང་བྱ་མི་ཆོག 


《རྩ་ཁྲིམས》ཀྱི་གཏན་འབེབས།

དོན་ཚན51པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་རང་དབང་དང་ཁེ་དབང་ལོངས་སུ་སྤྱོད་དུས། རྒྱལ་ཁབ་དང་། སྤྱི་ཚོགས། ཐུན་མོང་བཅས་ཀྱི་ཁེ་ཕན་དང་སྤྱི་དམངས་གཞན་གྱི་ཁྲིམས་མཐུན་རང་དབང་དང་ཁེ་དབང་ལ་གནོད་འཚེ་གཏང་མི་ཆོག

དོན་ཚན52པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་རྒྱལ་ཁབ་གཅིག་གྱུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད།

དོན་ཚན53པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་། རྒྱལ་ཁབ་ཀྱི་གསང་དོན་དམ་སྲུང་། སྤྱི་པའི་རྒྱུ་ནོར་ལ་གཅེས་སྤྲས། ངལ་རྩོལ་གྱི་སྒྲིག་ཁྲིམས་ལ་བརྩི་སྲུང་། སྤྱིའི་སྒྲིག་ལམ་ལ་བརྩི་སྲུང་། སྤྱི་ཚོགས་སྤྱིའི་སྤྱོད་བཟང་ལ་བརྩི་འཇོག་བཅས་བྱ་དགོས།

དོན་ཚན54པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་མེས་རྒྱལ་གྱི་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་ལ་སྲུང་སྐྱོང་བྱ་རྒྱུའི་འོས་འགན་ཡོད་ལ། མེས་རྒྱལ་གྱི་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་ལ་གནོད་པའི་བྱ་སྤྱོད་སྤེལ་མི་ཆོག

དོན་ཚན55པ། མེས་རྒྱལ་ལ་སྲུང་སྐྱོང་དང་། བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡོངས་ཀྱི་འོས་འགན་མཆོག་ཏུ་གྱུར་པ་ཞིག་ཡིན།

བཅའ་ཁྲིམས་ལྟར་དམག་སྐུལ་དང་ལེན་དང་ཡུལ་དམག་རྩ་འཛུགས་ནང་ཞུགས་རྒྱུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་འོས་འགན་གཟི་བརྗིད་ཅན་ཞིག་ཡིན།

དོན་ཚན56པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཁྲིམས་ལྟར་དཔྱ་ཁྲལ་འཇལ་བའི་འོས་འགན་ཡོད།


གསུམ། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་སྐབས་སྤྱི་དམངས་ལ་དབང་ཆ་གང་དག་ཡོད།

(གཅིག)སྤྱི་དམངས་དང་རྩ་འཛུགས་ཀྱིས་རྒྱལ་ཁབ་བདེ་འཇགས་ལས་ཀར་རྒྱབ་སྐྱོར་དང་རོགས་རམ་བྱེད་པའི་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་ཡོད། རྒྱལ་ཁབ་བདེ་འཇགས་ལས་ཀར་རྒྱབ་སྐྱོར་དང་རོགས་རམ་བྱས་པའི་དབང་གིས་རང་ཉིད་དམ་གཉེན་ཉེའི་མི་ལུས་བདེ་འཇགས་ལ་ཉེན་ཁ་དང་འཕྲད་ན། སྤྱི་བདེ་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་སྲུང་སྐྱོབ་བྱ་རྒྱུའི་རེ་འདུན་ཞུ་ཆོག སྤྱི་བདེ་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁྲིམས་ལྟར་སྲུང་སྐྱོབ་ཀྱི་བྱ་ཐབས་སྤྱད་དགོས།  

(གཉིས)སྤྱི་དམངས་དང་རྩ་འཛུགས་ཀྱིས་རྒྱལ་ཁབ་བདེ་འཇགས་ལས་ཀར་རྒྱབ་སྐྱོར་དང་རོགས་རམ་བྱས་པའི་དབང་གིས་རྒྱུ་ནོར་ལ་གྱོང་གུན་ཕོག་ན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གུན་གསབ་སྤྲོད་རྒྱུ། མི་ལུས་ལ་གནོད་འཚེ་བཟོས་པའམ་ཚེ་སྲོག་ཤོར་ན།  རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་འཆི་གོད་གུད་གསབ་དང་གཟིགས་སྐྱོང་བྱ་རྒྱུ། 

(གསུམ)རྒྱལ་ཁབ་བདེ་འཇགས་ལས་ཀའི་ཐད་སྤྱི་དམངས་དང་རྩ་འཛུགས་ཀྱིས་རྒྱལ་ཁབ་ལས་ཁུངས་ལ་སྐྱོན་བརྗོད་དང་བསམ་འཆར་འདོན་པའི་དབང་ཆ་ཡོད་ལ།  རྒྱལ་ཁབ་བདེ་འཇགས་ལས་ཀའི་ནང་རྒྱལ་ཁབ་ཀྱི་ལས་ཁུངས་དང་དེའི་ལས་བྱེད་མི་སྣས་ཁྲིམས་འགལ་དང་འགན་འཛོལ་ཤོར་བར་བསྐྱར་གཏུག་དང་།  ཉེས་གཏུག  ཐེར་འདོན་བཅས་བྱེད་པའི་དབང་ཆ་ཡོད།


བཞི། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་ཇི་ལྟར་བྱ་དགོས། 

(གཅིག)རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་དང་དཔྱད་གཞི། དངོས་རྫས་གཞན་དག་རྙེད་ཚེ་དུས་ཐོག་ཏུ་འབྲེལ་ཡོད་ལས་ཁུངས་དང་སྡེ་ཚན་ནམ་གསང་སྲུང་ལས་དོན་ཚན་པར་བསྐྱལ་དགོས། 

(གཉིས)རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་དང་དཔྱད་གཞི།  དངོས་རྫས་གཞན་དག་ཉོ་འཚོང་བྱེད་མཁན་ཡོད་པ་ཤེས་ཚེ། དུས་ཐོག་ཏུ་གསང་སྲུང་ལས་ཁུངས་སམ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་རྒྱུར་སྙན་སེང་ཞུ་དགོས། 

(གསུམ)རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་དང་དཔྱད་གཞི། དངོས་རྫས་གཞན་དག་རྐུ་བ་དང་འཕྲོག་མཁན་ཡོད་པ་ཤེས་ན་བཀག་འགོག་བྱེད་དབང་ཡོད་པར་མ་ཟད་འཕྲལ་དུ་སྙན་སེང་ཞུ་དགོས། 

(བཞི)རྒྱལ་ཁབ་ཀྱི་གསང་བ་ཕྱིར་ཤོར་བཞིན་པའམ་ཕྱིར་ཤོར་སྲིད་པའི་ཁུངས་སྣེ་ཤེས་ན་དུས་ཐོག་ཏུ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་ཐེར་འདོན་བྱ་དགོས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号