བོད་ལྗོངས་ཀྱི་རིག་དངོས་བདེ་འཇགས་ཀྱི་འགོག་སྲུང་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ།

2024ལོར། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་རིག་དངོས་ལས་རིགས་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས། བྱེད་ཐབས་རབ་དང་རིམ་པ་སྤྱོད་པ་་དང་རིག་དངོས་བདེ་འཇགས་ལྟ་འདོམས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བས་རིག་དངོས་བདེ་འཇགས་ཀྱི་འགོག་སྲུང་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།

2024ལོར། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཕྱི་རོལ་རིག་དངོས་སྲུང་སྐྱོབ་ཚན་པའི་ལྟ་སྲུང་མཁན་གྱི་དོ་དམ་བྱེད་ཐབས》བཟོ་བཅོས་བརྒྱབ་ནས་བཏོན་པས། ཕྱི་རོལ་རིག་དངོས་ལྟ་སྲུང་མཁན་གྱི་ལས་ཀའི་འགན་འཁྲི་དང་། དཔྱད་ཞིབ་བྱེད་ཐབས། བྱ་དགའ་ཆད་གཅོད་སོགས་ཀྱི་ནང་དོན་སྔར་བས་ཁ་གསལ་དུ་ཕྱིན་ཡོད། ཕྱི་རོལ་རིག་དངོས་སྲུང་སྐྱོབ་ཚན་པའི་ལྟ་འདོམས་བྱེད་ཤུགས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཉ་དེའུ་གནའ་ཤུལ་དང་རྒྱལ་དོན་གྲུབ་རྫོང་གནའ་ཤུལ་སོགས་རིག་དངོས་བདེ་འཇགས་སྲུང་སྐྱོབ་དོ་དམ་མ་ལག་རྣམ་གྲངས་སྐྲུན་འགོ་ཚུགས་པས་རྣམ་གྲངས་དེའི་འཛུགས་སྐྲུན་གྱིས་ཕྱི་རོལ་རིག་དངོས་ཀྱི་བདེ་འཇགས་འགོག་སྲུང་ནུས་པ་ཧ་ཅང་ཆེ་རུ་འགྲོ་རྒྱུ་རེད།

བོད་ཀྱི་རིག་དངོས་བདེ་འཇགས་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་ལས་དོན་བཀོད་སྒྲིག་གི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཆེད། རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་རིག་དངོས་དང་རྟེན་མཛོད་ཁང་གི་ཚན་པའི་བདེ་འཇགས་འགོག་སྲུང་གི་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་གྲྭར་གཏོང་ཆ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་རྒྱུན་རྣམ་ཅན་གྱི་བཞིན་རིག་དངོས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་པ་དང་། སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་རིག་དངོས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་འགོག་ཟོན་བྱས་པ་རེད། མིག་སྔར་ལྗོངས་ཡོངས་ཀྱི་རིག་དངོས་བདེ་འཇགས་དུས་བབ་སྤྱིར་ན་ལེགས་པོ་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号