མཚོ་སྔོན་ཡུལ་ཤུལ་གྱིས་རིག་ལྡན་གྲོང་ཁྱེར་བསྐྲུན་ནས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུས་པ།
ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་གྱི་རིག་ལྡན་གྲོང་ཁྱེར་གྱི་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་ཞབས་ཞུའི་ཐད་སྦྲེལ་ཁ་པར་མང་པོ་འབྱོར་ཞིང་། ལས་དོན་པས་བརྙན་ཤེལ་ཆེ་མོ་བརྒྱུད་གྲོང་ཁྱེར་དོ་དམ་དང་། དམངས་འཚོའི་ཞབས་ཞུ། སྤྱི་ཚོགས་བདེ་འཇགས་སོགས་ཀྱི་སྐབས་བསྟུན་ཆ་འཕྲིན་བསྡུ་རུབ་དང་། དབྱེ་ཞིབ། སྒྲུབ་གཉེར་་བཅས་བྱེད་བཞིན་ཡོད། “ང་ཚོས་གྲོང་ཁྱེར་དོ་དམ་གྱི་ནུས་ཕྱོད་ཆེ་རུ་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བསྐྲུན་པ་བཅས་དམིགས་ཡུལ་དུ་བརྩིས་ནས་ཆ་འཕྲིན་བརྒྱུད་སྤྲོད་མང་ཙམ་བྱེད་པ་དང་མང་ཚོགས་འགྲོ་རྒྱུག་ཉུང་ཙམ་བྱས་ཏེ་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། གྲོང་ཁྱེར་འཁོར་སྐྱོད་ཀྱི་ནུས་ཕྱོད་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་འགྲོ་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཡུལ་ཤུལ་གྲོང་ཁྱེར་གྱི་རིག་ལྡན་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་ཤུལ་གྲོང་ཁྱེར་གྱིས་དྲ་མིག་ཚན་པ115ཡི་ཞབས་ཞུའི་དོ་དམ་ཚད་བརྒལ་ཡོང་གཞིར་བྱས་ནས12345སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་དང“ཡུལ་ཤུལ་ཤར་གཏོང”Appཡི་པར་ལེན་ནུས་པར་བརྟེན་ཏེ་དྲ་མིག་བའི་ཁྱད་ཆོས་གང་ལེགས་བཏོན་པ་དང་ཆབས་ཅིག“གྲོང་ཁྱེར་དང་། ཤང་། གྲོང་ཚོ”བཅས་ཀྱི་རིམ་གསུམ་བརྙན་ལམ་གྱི་ལྡིར་སོ་སྤྲོས་ཆས་སྤྱད་དེ་གནད་དོན་སྣ་ཚོགས་སྐབས་བསྟུན་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་གཏོང་གིས“དྲ་ཐོག+དྲ་ཕྱི”དང“མི་ཐབས+རིག་ནུས”ཀྱི་ཐབས་ལམ་མང་པོའི་གནད་དོན་ཤེས་རྟོགས་ཀྱི་ལམ་སྲོལ་ཆགས་པར་བྱེད་པ་དང་། མི་སྒེར་གྱི་གནད་དོན་ལ་ཕྱོགས་པ་ནས་སྤྱི་པའི་གནད་དོན་ལ་དོ་ཁུར་བྱེད་པའི་བར་བསྒྱུར་བ། གནད་དོན་ཚུར་ལན་ལ་ཆ་རྐྱེན་“གང་ཡང་མེད་པ་དང”དུས་ཀྱི་ཁྱད་པར་མེད་པ”མངོན་འགྱུར་བྱུང་ཡོད། མིག་སྔའི་བར་ཡུལ་ཤུལ་གྲོང་ཁྱེར་གྱིས་ལས་སྟེགས་ཁག་བརྒྱུད་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་དོ་དམ་དང་། དམངས་འཚོ་འགན་སྲུང་། གཞི་རིམ་བཅོས་སྐྱོང་སོགས་ཀྱི་གནད་དོན65574བསྡུ་རུབ་དང་བདག་སྤྲོད་བྱས་ནས་གནད་དོན63564བདེ་བླག་ངང་ཐག་གཅོད་བྱས་པ་དང་ཐག་གཅོད་བྱེད་ཚད97%ཟིན་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注