སྡེ་ཁག་གཉིས་ཀྱིས་བོད་ལྗོངས་དིང་རིའི་ས་ཡོམ་གནོད་ཐེབས་ས་ཁུལ་དུ་བྱིས་པའི་གྱོན་ཆས་ཆ་ཚང4000ལྷག་མཐུན་སྦྱོར་རོགས་སྐྱོར་བྱས་པ།

གསར་འགོད་པས་ཟླ1པོའི་ཚེས25ཉིན་འཕྲལ་བསྟུན་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་དེར་རྒྱལ་ཁབ་གནོད་འགོག་གནོད་འཕྲི་གེགས་སེལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་འཕྲལ་བསྟུན་དངོས་ཟོག་ཆབ་སྲིད་དང་སྤྱི་ཚོགས་མཐུན་སྦྱོར་འགན་སྲུང་ལམ་སྲོལ་བརྒྱུད་དེ། གུང་གཞོན་ཚོགས་པ་ཀྲུང་དབྱང་མཐུན་སྦྱོར་ཐེབས་རྩ་ལྷན་ཚོགས་ཀྱི་གེགས་སེལ་མཐུན་སྦྱོར་ཚོགས་པ་དང་། ཨའེ་ཏེ་ཐེབས་རྩ་ལྷན་ཚོགས། ཀྲུང་ཧྭ་སི་ཡོན་ལས་གྲྭ་ཐེབས་རྩ་ལྷན་ཚོགས་སོགས་དང་མཉམ་དུ་གནོད་ཁུལ་ལ་སྲིང་གོས་དང་དོར་མ། དྲོད་སྲུང་ཚི་ལེན། ལག་ཤུབ། ཞྭ་མོ། སྲིང་ལྷམ་སོགས་ཚུད་པའི་བྱིས་པའི་གྱོན་ཆས་ཆ་ཚང4000ལྷག་ཞལ་འདེབས་བྱས་ཏེ། གནོད་ཁུལ་གྱི་བྱིས་པས་དྲོད་སྐྱིད་དང་ཞི་མཐུན་ངང་དགུན་དུས་དང་དུས་ཆེན་སྐྱིད་པོ་རོལ་ཐུབ་པར་སྔར་བས་འགན་ལེན་བྱས་ཡོད།

ཤེས་གསལ་ལྟར་ན། བོད་ལྗོངས་དིང་རི་རྫོང་གི་རིམ་པ6.8ཀྱི་ས་ཡོམ་གནོད་འགོག་གེགས་སེལ་ལས་དོན་ཕྱོགས་ཡོངས་ནས་བར་བརྒལ་བཀོད་སྒྲིག་དང་གནོད་ཕྱིའི་བསྐྱར་སྐྲུན་གྱི་དུས་མཚམས་སུ་བསྒྱུར་ནས། གནོད་འཚེ་ཕོག་པའི་མང་ཚོགས་གོ་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་ཁང་པར་སྤོས་བ་དང་། དངོས་ཟོག་སྣ་ཚོགས་མཁོ་སྤྲོད་འདང་ངེས་ཡོད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号