མཚོ་སྔོན་གྱིས་སྨན་བཅོས་འགན་སྲུང་དང་སྨན་རྫས། དམིགས་བསལ་སྨན་རྫས་དཀར་ཆག་གི་པར་གཞི་གསར་པ་ལག་བསྟར་བྱས།
2024ལོའི་ཟླ12པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ལ་གཏམ་བཟང་ཞིག་འབྱོར་ཡོད་དེ། ཞིང་ཆེན་གྱི་འགན་བཅོལ་ནང་ཞུགས་པའི་ནད་པའི་སྨན་རྫས་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་ཆེད། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཞིང་ཆེན་མི་ཤུགས་དང་སྤྱི་ཚོགས་འགན་བཅོལ་ཐིང་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ཀྱི་སྨན་རྫས་དཀར་ཆག(2025ལོ)》པར་འགྲེམས་བྱས་པ་དང2025ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། དེའི་ནང་བསྡོམས་པས་སྨན་རྫས་རིགས3219དང་ཀྲུང་ལུགས་སྨན་རྫས་རིགས1042འདུས་ཡོད།
ཐེངས་འདིར་སྨན་རྫས་དཀར་ཆག་ལེགས་སྒྲིག་བྱས་པ་དེས། ནད་ཐོག་རིན་ཐང་ཆེ་བ་དང་གསར་གཏོད་བྱེད་ཚད་མཐོ་བའི་སྐྲན་ནད་དང་མཐོང་དཀོན་པའི་ནད་སོགས་ཁྱབ་ཁོངས་ཀྱི་སྨན་རྫས་རིགས91སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་ཡོད། དཀར་ཆག་འགན་སྲུང་ཁྱབ་ཁོངས་རྒྱ་ཆེར་གཏོང་ཆེད། ཕྱོགས་གཅིག་ནས་སྨན་བཅོས་འགན་བཅོལ་གྱི་དམིགས་བསལ་སྨན་རྫས་དཀར་ཆག་ལ་སྨན་རྫས་རིགས35ཁ་གསབ་བྱས་པ་དང་། སྨན་རྫས་རིགས62ཕྱིར་བཏོན་ཡོད། མིག་སྔར་རང་རེའི་ཞིང་ཆེན་དུ་དམིགས་བསལ་སྨན་རྫས་དཀར་ཆག་ཁྱོན་བསྡོམས་རིགས345ཡོད་པ་དང་། ཕྱོགས་གཞན་ཞིག་ནས་སྨན་རྫས་རིགས50ཞིང་ཆེན་གྱི་སྒོ་བསྟེན་སྨན་ཁང་གི་དལ་ནད་དང་དམིགས་བསལ་ནད་ཀྱི་སྨན་རྫས་དཀར་ཆག་ནང་བཅུག་ཡོད། སྨན་རྫས་རིགས14གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི“ནད་གཉིས”སྨན་རྫས་དཀར་ཆག་ནང་ཁ་སྣོན་བྱས་ཏེ། སྒོ་བསྟེན་སྨན་ཁང་གི་དལ་ནད་དང་དམིགས་བསལ་ནད་ཀྱི“ནད་གཉིས”ནད་པའི་སྨན་རྫས་སྤྱོད་ཆོག་པའི་རང་བཞིན་ལ་སྔར་བས་འགན་ལེན་བྱས་ཡོད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注