གུང་ཧོ་རྫོང་གིས་དུས་རབས་གསར་པའི་ཏང་ཡོན་གདོང་ལེན་རུ་ཁག་སྦྱོང་བརྡར་བྱས།

ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ་དེ་ཏང་འཛུགས་སྐྲུན་གྱི་རྨང་གཞིའི་རང་བཞིན་གྱི་བྱ་བར་བརྩིས་ནས་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཏང་ཡོན་འཕེལ་རྒྱས་དང་། སློབ་གསོ། དོ་དམ་བཅས་གོ་རིམ་གསུམ་ལ་དམིགས་ཏེ། ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་དམ་འཛིན་དང་། བྱང་ཚད་མཐོ་བའི་ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། རྒྱུན་ཆད་མེད་པར་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་། འབོད་སྐུལ་ནུས་པ། འཐབ་འཛིང་ནུས་པ་བཅས་ཇེ་ཆེར་བཏང་།

གུང་ཧོ་རྫོང་གིས་རྒྱུན་ཆད་མེད་པར་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་པ་དང་།“རྫོང་ཡོངས་ཀྱི་དགེ་རྒན་མཛོད” འཚོལ་ཞིབ་གསར་འཛུགས་བྱེད་པ། ཧུར་ཐག་སྒོས་ཏང་ཡོན་ལ་གནད་འཁེལ་རིགས་དབྱེའི་དོ་དམ་བྱེད་པའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ།《གུང་ཧོ་རྫོང་གི་ཞིང་སྡེ་དང་འབྲོག་ཁུལ་གྱི་ཏང་ཡོན་ལ་རིགས་དབྱེའི་དོ་དམ་གྱི་ཆ་བསགས་དོ་དམ་བྱེད་ཐབས》གཏན་འཁེལ་བྱས་ནས་བཀྲམས་པ་དང་། “དམིགས་འབེན་རྣམ་པ་དང་། ལས་གནས་གཏན་འཁེལ་གྱི་རྣམ་པ། སྐུལ་ལྕག་རྣམ་པ། རྗེས་སྙེག་རྣམ་པ། རོགས་སྐྱོར་རྣམ་པ། སྙིང་ཉེའི་རྣམ་པ། སྐྱེད་སྲིང་རྣམ་པ”སོགས་ཀྱི་བྱེད་ཐབས་བརྒྱུད་ནས“ལས་གནས་སུ་ཡོད་པའི་ཏང་ཡོན་དང་། ལས་གནས་སུ་མེད་པའི་ཏང་ཡོན། ལས་གནས་ནས་བྲལ་བའི་ཏང་ཡོན། འཁོར་སྐྱོད་ཏང་ཡོན། དཀའ་ངལ་ཡོད་པའི་ཏང་ཡོན། ཏང་ཡོན་རྒན་པ།  གྲ་སྒྲིག་ཏང་ཡོན”བཅས་ཏང་ཡོན་ལ་དོ་དམ་བྱེད་པའི“བྱེད་ཐབས”བདུན་བཟང་པོར་སྒྲུབ་པ་བཅས་ཀྱི་སྟེང་ནས། ཞིང་སྡེ་དང་འབྲོག་ཁུལ་གྱི་ཏང་ཡོན་གྱི་གསར་བརྗེའི་སྒུལ་ཤུགས་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱས་ཏེ་དུས་རབས་གསར་པའི་ཏང་ཡོན་གདོང་ལེན་རུ་ཁག་ཅིག་སྐྱེད་སྲིང་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号