མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི“དུས་དེབ་ལེགས་ཤོས་བཅུ”འོས་སྦྱོར་སྐོར་གྱི་འབྲས་བུ་སྤྱི་བསྒྲགས།
《མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི“དུས་དེབ་ལེགས་ཤོས་བཅུ”ཡི་འོས་སྦྱོར་བྱེད་སྒོ་སྤེལ་པའི་སྐོར་གྱི་བརྡ་ཐོ》(མཚོ་སྔོན་དང་ཤིན་ཅང་གི་ཐོན་སྐྱེད(2024)ཨང43པ)ཡི་དགོངས་དོན་གཞིར་བཟུང་། དུས་དེབ་གཙོ་གཉེར་ཚན་པས་འོས་སྦྱོར་དང་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་ཞིབ་དཔྱད། རིགས་གཅིག་མཁས་པས་ཞིབ་དཔྱད་བཅས་བརྒྱུད“དུས་དེབ་ལེགས་ཤོས་བཅུ”ཐོག་མར་གཏན་འཁེལ་བྱས་པ་སྤྱི་ཟླ11པའི་ཚེས15ནས་སྤྱི་ཟླ11པའི་ཚེས19ཉིན་བར་ཡོངས་བསྒྲགས་བྱས་པ་ཡིན། དེའི་རིང་དུ་བསམ་འཆར་མི་འདྲ་བ་ཡོད་ཚེ་ཁ་པར་དང་། ཡིག་བསྐུར། ངོ་བཅར་ལ་སོགས་ཀྱི་ཐོག་ནས་མིང་བྲིས་ཏེ་མཚོ་སྔོན་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུས་གསར་འགྱུར་དཔེ་སྐྲུན་དོ་དམ་ཁྲུའུ་ལ་ཡོངས་བསྒྲགས་བྱ་ཡུལ་གྱི་འབྲེལ་ཡོད་གནད་དོན་སྙན་སེང་ཞུས་ཆོག་ལ། མིང་མ་བཀོད་པར་ཐེར་འདོན་བྱས་རིགས་དང་ལེན་མི་བྱ།
འབྲེལ་གཏུག་ཁ་པར། 0971-8482926
ས་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་བདུན་གཅིག་ལམ་ཨང་རྟགས346པ་ཡིན་པ་དང་། གློག་རྡུལ་སྦྲག་སྒམ། 45582119@qq.comཡིན་ནོ།།
མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི“དུས་དེབ་ལེགས་ཤོས་བཅུ”ཡི་ཐོག་མར་བདམས་པའི་མིང་ཐོ་གཤམ་གསལ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注