ཚེས9ཉིན་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུའུ་ཡིས་གཙོ་གཉེར་བྱས་པའི2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་ཐོན་ལས་བརྗེ་རེས་ཚོགས་ཆེན་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་དུ་་གོ་ཚུགས་པ་རེད། ཚོགས་ཆེན་དེ་བརྗོད་དོན་གཙོ་བོའི་གཏམ་བཤད་དང་། སྒོར་ཅོག་སྤེལ་རེས། ཕྱི་རོལ་གྱི་ལུས་རྩལ་རིག་གནས་མཉམ་འགུལ་མཚན་མོ་བཅས་ཚན་པ་གསུམ་དུ་དབྱེ་ཡོད།
བརྗེ་རེས་ཚོགས་ཆེན་ཐོག་ལུས་རྩལ་དང་ཡུལ་སྐོར། རི་འཛེག་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་མཁས་དབང་གིས་བརྗོད་དོན་མི་འདྲ་བར་དམིགས་པ་དང་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་དུས་བབ་དང་ཟུང་འབྲེལ་གྱིས་བརྗོད་དོན་གཙོ་བོའི་གཏམ་བཤད་དང་བརྗེ་རེས་མཉམ་སྤྱོད་ཀྱི་རྣམ་པའི་ཐོག་ནས་ཞིབ་འཇུག་གྲུབ་འབྲས་དང་ལག་ལེན་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། བོད་ལྗོངས་ཀྱི་ལུས་རྩལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཡོད། བོད་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས)ཁག་གི་འཐུས་མི་དང་ཚོགས་ཞུགས་ལས་རིགས་སྡེ་ཚན་གྱི་འཐུས་མི་ཚོས་སྒོར་ཅོག་སྤེལ་རེས་ཚོགས་འདུའི་ཐོག་བརྗེ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས།
བོད་ལྗོངས་ཆེད་དོན་ཡུལ་སྐོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཆུས་ཧྥུང་གིས་ཚོགས་ཆེན་ཐོག་བརྗོད་དོན་གཙོ་བོའི་བརྗེ་རེས་གཏམ་བཤད་གནང་བ།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་རི་འཛེག་ལུས་རྩལ་གྱིས་སྣེ་འདྲེན་བྱེད་པའི་རི་ཁུལ་གྱི་ཕྱི་རོལ་ལུས་རྩལ་ཐོན་ལས་ཀྱི་འགག་རྩའི་གནས་ལ་དམ་འཛིན་བྱས་ཏེ།“ལྟེ་བ་གཅིག་དང་རྒྱུད་གཉིས། ཡན་ལག་བཞི”བཅས་ཀྱི་ལུས་རྩལ་ཐོན་ལས་ཀྱི་བར་མཐོངས་ཁྱབ་ཚུལ་གཏོད་པ་དང་། ལུས་རྩལ་ཐོན་ལས་ཀྱི“གཏོར་གཟུགས་མཆོད་རྟེན་རྣམ་པའི”འཕེལ་རྒྱས་སྒྲོམ་གཞི་འཛུགས་པ། ཕྱི་རོལ་ལུས་རྩལ12358འཆར་གཞི་ལག་བསྟར་བྱེད་པ་སོགས་ཀྱི་བསམ་ཕྱོགས་དང་བྱ་ཐབས་བཏོན་པ་དང་འབྲེལ་ཚན་རིག་དང་མཐུན་པའི་སྒོ་ནས་ལུས་རྩལ་ཐོན་ལས་རྣམ་གྲངས་གསར་སྤེལ་དང་ལུས་རྩལ་ཐོན་ལས་ཁྲོམ་ར་སྐྱེད་སྲིང་ཧུར་ཐག་བྱས་ནས། ཁྱད་ཆོས་དང་ཤུགས་རྐྱེན་ལྡན་པའི་ལུས་རྩལ་འགྲན་བསྡུར་རབ་དང་རིམ་པ་གཉེར་ཡོད་པ་རེད། “འགྲན་བསྡུར་དང་བསྟུན་ནས་ཡུལ་སྐོར་དུ་སྐྱོད་པའི”བྱེད་སྒོ་བརྒྱུད་དུས་རབས་གསར་པའི་བོད་ཀྱི་རྣམ་པ་གསར་པ་དྲིལ་བསྒྲགས་དང་འགྲེམས་སྟོན་བྱས་ཏེ། ལུས་རྩལ་དང་རིག་གནས། ཡུལ་སྐོར། བདེ་ཐང་སོགས་ཀྱི་ལས་རིགས་མང་པོ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། འགྲན་བསྡུར་དེ་འཛད་སྤྱོད་དང་དཔལ་འབྱོར་གྱི“འཕར་གྲངས”སུ་བསྒྱུར་རྒྱུ་རེད། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་བོད་ལྗོངས་ཀྱི་ལུས་རྩལ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར35ཟིན་པ་དེ་དུས་མཉམ་ལས6.2%འཕར་ཡོད་པ་རེད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注