བདེ་སྐྱིད་ས་ཚིགས་འདིས“ཡོད་པ་གསུམ”གྱི་རྒན་གསོའི་ཐབས་ལམ་ཇི་ལྟར་གཏོད་ཡོད་དམ།

ད་ལོའི་ཟླ4པའི་ཚེས24ཉིན། དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གསུམ་ལྡན་གྲོང་ཚོས་གྲོང་ཚོའི་རྒན་རྒོན་རྣམས་སྒྲིག་འཛུགས་བྱས་ནས་ཆུ་ཤུར་སྲོག་ཆགས་གླིང་དུ་བསྐྱོད་པ་དང་། དེ་གར་ཁྲུང་ཁྲུང་སྐེ་ནག་དང་། གསའ། གཙོད་སོགས་ཡོད་པ་མ་ཟད། ད་དུང་གླང་ཆེན་དང་། སྤྲེའུ། རི་བོང་སོགས“མཐུན་པ་སྤུན་བཞི”ཡང་ཡོད་པས་རྒན་རྒོན་མི་ཉུང་བ་ཞིག་གི་རི་དྭགས་ལ་ལྟ་བའི་བསམ་འདུན་གྲུབ་ཡོད།

དཔྱིད་ཀར་ལྗོངས་རྒྱུ་བྱས་པའི་པར་རིས་དེ་གསུམ་ལྡན་གྲོང་ཚོའི་བདེ་སྐྱིད་ས་ཚིགས་ཀྱི་སྒོ་འགྲམ་གྱི་པང་ལེབ་དཀར་པོའི་ཐོག་སྦྱར་བ་དང་། བདེ་ཐང་ཤེས་བྱ་འཆད་ཁྲིད་དང་བྱ་སྤུའི་སྟོད་ཀོར་སྤྲོད་པ་སོགས་བྱེད་སྒོ་གཞན་དག་གི་པར་ནི་གསུམ་ལྡན་གྲོང་ཚོའི་རྒན་རྒོན་ཚོའི་ཚེ་མཇུག་གི་བདེ་སྐྱིད་ལྡན་པའི་འཚོ་བའི་བསྡུས་རིས་ཙམ་རེད།

གསུམ་ལྡན་གྲོང་ཚོ་ནི་ལོ8ལས་ཕྱིན་མེད་པའི་གྲོང་ཚོ་གསར་པ་ཞིག་ཡིན་ལ། བོད་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཐོག་མ་ཡང་ཡིན། 2016ལོར་གསུམ་ལྡན་གྲོང་ཚོ་སྐྱིད་ཆུའི་ངོགས་ཀྱི་གྲམ་ཐང་ཞིག་ཏུ་ཆགས་ཤིང་། ལོ་དེར་གནས་སྤོས་གྲོང་མི་དུད་ཚང184གཅིག་སྡུད་ཐོག་བསྐྲུན་པའི་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་ཁང་པ་སྟར་པ་བཅུ་ཕྲག་ཁ་ཤས་ནང་སྤོས་པ་རེད།

ཁང་པ་དང་ཐོན་ལས་ཕུད། བདེ་ཐང་ཡོང་བ་བྱ་རྒྱུ་དེ་ཡང་གསུམ་ལྡན་གྲོང་ཚོའི་དོན་གཉེར་བྱ་ཡུལ་གསར་པ་ཞིག་ཏུ་གྱུར་ཡོད།

ན་གཞོན་དར་མ་ཚོ་ཉིན་མོ་ལས་ཀ་སྐྱོད་སྐབས་ཁྱིམ་གྱི་རྒན་རྒོན་ལ་ལྟ་རྟོག་བྱེད་མཁན་མེད་པའི་གནས་ཚུལ་ལ་དམིགས་ཏེ། གསུམ་ལྡན་གྲོང་ཚོས2020ལོར་རྒན་གསོའི་ས་ཚིགས་བཙུགས་པ་རེད། 2022ལོར་ཅང་སུའུ་ཡི་བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་འོག་སླར་ཡང་ཐོག་སོ་གཉིས་ལྡན་གྱི་ཁང་པ་ཆུང་ཆུང་ཞིག་བསྐྲུན་ནས་རྒན་གསོའི་ས་ཚིགས་དེ་བདེ་སྐྱིད་ས་ཚིགས་སུ་རིམ་སྤོར་བྱས་ཏེ“བདེ་ཐང་གི་འགན་ནུས”དེ་བས་མང་པོ་སྒྲུབ་ཀྱི་ཡོད་པ་རེད།

བདེ་སྐྱིད་ས་ཚིགས་དེར་ཟ་ཁང་དང་། ལུས་སྲུང་ཁང་། ལུས་སྦྱོང་ཁང་སོགས་བཙུགས་ནས་གསུམ་ལྡན་གྲོང་ཚོས་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད་པས་རྒན་རྒོན་དང་གྲོང་མི་ཡོངས་ལ་ཞབས་འདེགས་ཞུ་སའི་འཐབ་ས་གསར་པ་ཞིག་ཏུ་གྱུར།

གསུམ་ལྡན་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོ་ཧྭ་ཏེ་མཱ་ཡིས། བདེ་སྐྱིད་ས་ཚིགས་བཙུགས་རྗེས་རྒས་དུས་འཚོ་རྟེན་ཡོད་པ་དང་། བྱིས་པ་སྐྱོང་མཁན་ཡོད་པ། ན་དུས་སྨན་བཅོས་ཐུབ་པ་བཅས་རིམ་བཞིན་མངོན་འགྱུར་བྱུང་ནས་གསུམ་ལྡན་གྲོང་ཚོ་འདི་ཉིད་ཆུ་ཚད་དེ་བས་མཐོ་བའི“ཡོད་པ་གསུམ”གྱི་ཕྱོགས་སུ་སྔར་བས་གོམ་སྟབས་སྤོས་ཡོད་ཅེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号