བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་བྱེད་ཐབས་སྣ་མང་བརྒྱུད་དེ་ཡུལ་སྐོར་དྲིལ་སྒྲོག་འོས་སྦྱོར་གང་ལེགས་བྱས།

འདི་ནི་གསེར་རྙེད་ཆུས་རིག་གནས་དང་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཐུབ་པ་ཆོས་སྒྲོན(གཡས)དང་གླུ་བ་ནོར་བུ་བསམ་འགྲུབ་གཉིས་ཀྱིས་དྲིལ་སྒྲོག་བརྙན་ཐུང་ལེན་བཞིན་པའི་ཚུལ་རེད།

ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་རིག་གནས་ཡུལ་སྐོར་སྔར་ལས་ལྷག་པའི་ངང་དྲིལ་སྒྲོག་དང་དཔལ་ཡོན་ལྡན་པའི་ཡུལ་སྐོར་འདུ་ཤེས་དར་ཁྱབ་གཏོང་བ་དང་། དཔལ་ཡོན་ལྡན་པའི་ཡུལ་སྐོར་འདུ་ཤེས་ཤུགས་ཆེ་རུ་གཏོང་བ། དཔལ་ཡོན་ལྡན་པའི་ཡུལ་སྐོར་བྱ་སྤྱོད་དར་སྤེལ་གཏོང་ཆེད། ཉེ་ཆར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་རྩ་འཛུགས་བྱས་ནས་ཡུལ་སྐོར་དྲིལ་སྒྲོག་འོས་སྦྱོར་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད།

བྱ་འགུལ་ཐོག་བོད་ལྗོངས་ཀྱི་གླུ་བ་གྲགས་ཅན་ནོར་བུ་བསམ་འགྲུབ་གདན་འདྲེན་ཞུ་ནས་མཉམ་དུ“རིག་གནས་ཡུལ་སྐོར་ཅུའུ་ཀྲང་གིས་ཁྱེད་རང་ཁྲིད་ནས་གསེར་རྙེད་ལ་ཡུལ་སྐོར་བྱེད”ཅེས་པའི་བརྙན་ཐུང་བླངས་པ་མ་ཟད། རྟ་རྒྱུག་འགྲན་བསྡུར་དུས་ཆེན་སོགས་ལ་བརྟེན་ནས་སྨྱན་སྦྱོར་སྟེགས་བུ་སོ་སོ་སྟེང་གི་བརྙན་ཐུང་གཏོང་ཚད་མི་ཐེངས་ཁྲི46.5ཟིན་ཡོད། དེ་དང་ཆབས་ཅིག་ཏུ་རིག་གནས་ཡུལ་སྐོར་འོས་སྦྱོར་བྱ་འགུལ་སྤེལ་ནས་ཡུལ་སྐོར་པ་ཚོར་གསེར་རྙེད་ཆུས་ཀྱི“མཚོ་བཞི་དང་རི་གཅིག”སོགས་ཀྱི་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་བྱས་པ་མ་ཟད། ཡུལ་སྐོར་པའི་དྲི་བ་ལ་ལན་བཏབ་པ་དང་བསྡོམས་པས་ཡུལ་སྐོར་པ་ཚོར་དྲིལ་སྒྲོག་རྒྱུ་ཆ་ལག་དེབ800དང་། ཆར་གདུགས་དང་ཉི་འགོག་པང་ལེབ། གཙང་ཤོག་སོགས་ཀྱི་རིག་གནས་ཡུལ་སྐོར་དྲན་རྟེན་ཐོན་རྫས800སྤྲད་པ་རེད།

ཐེངས་འདིའི་བྱ་འགུལ་གྱིས་ཤུགས་ཆེན་པོའི་སྒོ་ནས་གསེར་རྙེད་ཆུས་ཀྱི་ལྗོངས་ཁུལ་སོ་སོ་དང་མངར་ཟས། སྲོལ་རྒྱུན་རིག་གནས་དྲིལ་སྒྲོག་བྱས་པ་མ་ཟད། སྔར་ལས་ལྷག་པའི་ངང་ཡུལ་སྐོར་པས་གསེར་རྙེད་རིག་གནས་ཡུལ་སྐོར་ལ་རྒྱུས་ལོན་གཏིང་ཟབ་བྱེད་ཐུབ་པར་གྱུར། འབྲེལ་ཡོད་འགན་ཁུར་མི་སྣས་བརྗོད་དོན། མ་འོངས་པར་གསེར་རྙེད་ཆུས་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་རྒྱུན་མཐུད་ངང་དཔལ་ཡོན་ཡུལ་སྐོར་དྲིལ་སྒྲོག་བྱས་ནས་གསེར་རྙེད་རིག་གནས་ཡུལ་སྐོར་གྱི་འཛུགས་སྐྲུན་མཁན་དང་རྒྱུད་འཛིན་མཁན་བྱེད་པར་བརྩོན་ལེན་བྱས་ནས། རྣམ་པ་སྣ་ཚོགས་དང་ཕུན་སུམ་ཚོགས་པའི་དྲིལ་སྒྲོག་བརྒྱུད་དེ་གསེར་རྙེད་ཆུས་ཀྱི་ཡུལ་སྐོར་ལྗོངས་ཁུལ་སོ་སོ་ཁྱབ་གདལ་གཏོང་རྒྱུ་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号