ཐེམ་ཆེན་རྫོང་གིས་གཅེས་སྐྱོང་གི་བྱ་ཐབས་ཞིབ་ཕྲ་སྤྱད་ནས་ལས་བྱེད་པའི་འགན་འཁུར་དང་དུ་ལེན་པར་སྐུལ་འདེད་བྱས།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་ལས་བྱེད་པར་གཅེས་སྐྱོང་བྱེད་པའི་ཐད་བྱ་ཐབས་དངོས་འདོན་པ་དང་། ཕན་འབྲས་དངོས་འཚོལ་བ། བྱ་བ་དངོས་སྒྲུབ་པ་བཅས་མཐའ་འཁྱོངས་བྱས་ཏེ་ལས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། ལས་བྱེད་པའི་སློབ་སྦྱོང་ཐད་སྐུལ་འདེད་གཏོང་བ་བཅས་རྒྱུན་མཐུད་བྱས་ནས་རྒྱ་ཆེའི་ལས་བྱེད་པས་སྤོབས་པ་ཆེར་བསྐྱེད་ཀྱིས་ལས་སྒྲུབ་ལས་གཏོད་དང་འགན་འཁྲི་དང་དུ་ལེན་པར་སྐུལ་འདེད་བྱས།

ཆབ་སྲིད་ཀྱི་སྟེང་ནས་ཐུགས་ཁུར་ལ་དོ་སྣང་བྱས། བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཤང་དང་གྲོང་རྡལ་ལས་བྱེད་པའི་ལས་དོན་དང་འཚོ་བ་སོགས་ཐད་གནས་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱུང་བ་དང་། བརྟག་དཔྱད་ཞིབ་འཇུག་འབྲས་བུ་དང་ཟུང་འབྲེལ་བྱས་ཐོག《ཐེམ་ཆེན་རྫོང་གི་ལས་བྱེད་པའི་ལུས་སེམས་བདེ་ཐང་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་བཅུ》གཏན་འབེབས་དང་འགྲེམ་སྤེལ་བྱས་པ་དང་། བྱ་གཞག་ལ་སྐུལ་མ་གཏོང་བར་མཐོང་ཆེན་བྱས་པ་དང་། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་ལྟར་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། གཞི་རིམ་ལ་མཐོང་ཆེན་དང་ལག་ལེན་ལ་མཐོང་ཆེན། འགན་འཁུར་ལ་མཐོང་ཆེན་བཅས་ཀྱི་མི་སྣ་འདེམས་སྤྱོད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས།

ནུས་པའི་ཐད་དོ་སྣང་བྱེད་པར་མཐོང་ཆེན་བྱས། ལག་ལེན་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལེགས་འདེམས་བྱས་ནས་ན་གཞོན་ལས་བྱེད་པ4ཁུལ་ཐད་གཏོགས་སྡེ་ཁག་དུ་སློབ་སྦྱོང་དང་ལས་གནས་སྦྱོང་བརྡར་བྱེད་པར་མངགས་གཏོང་བྱས་ཤིང་། 《ཐེམ་ཆེན་རྫོང་གི“ཀླད་པ་བརྗེ་བའི”བཟོ་འགོད་ལག་བསྟར་ཇུས་གཞི》གཏན་འབེབས་བྱས་ཐོག གཙོ་གནད་ཁྱབ་ཁོངས་ཀྱི་ན་གཞོན་ལས་བྱེད་པ6ལེགས་འདེམས་བྱས་ཏེ་ཀྲེ་ཅང་དུ་ལས་གནས་དང་མཉམ་དུ“ཀླད་པ་བརྗེ་བའི”སློབ་སྦྱོང་བྱེད་པར་མངགས་ནས། ན་གཞོན་ལས་བྱེད་པའི་མཐོང་རྒྱ་དང་བསམ་ཕྱོགས་རྒྱ་ཆེར་གཏོང་བར་སྐུལ་འདེད་བྱས།

བསམ་བློའི་ཐད་ཀྱི་གཅེས་སྐྱོང་ལ་དོ་སྣང་བྱས། ཏང་ནང་གི་ཐུགས་ཁུར་ལ་མཐོང་ཆེན་བྱས་ཏེ། ཏང་ཡོན་རྒན་གྲས8ལ“གཟི་བརྗིད་ལྡན་པའི་ངང་ཏང་ནང་ཞུགས་ནས་ལོ་འཁོར50ལོན་པ”ཞེས་པའི་དྲན་གསོའི་རྟགས་མ་གནང་ཞིང་། ལས་བྱེད་པའི་གནོན་ཤུགས་སེལ་བ་དང་དཀའ་ངལ་སེལ་བར་རོགས་རམ་ཤུགས་ཆེན་བྱས་ཏེ། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་འཛིན་གྲྭའི་ནང་ལས་བྱེད་པའི་ལུས་སེམས་བདེ་ཐང་གི་སློབ་ཚན་ཇེ་མང་དུ་བཏང་བ་དང་། ལོ་འདིའི་ནང་གསོ་སྦྱོང་སྣ་ཚོགས་ཐེངས3སྤེལ་བ་དང་མི་ཐེངས240གསོ་སྦྱོང་ནང་ཞུགས།

འཚོ་བའི་ཐད་ཀྱི་སེམས་ཁུར་ལ་དོ་སྣང་བྱས། བདེ་ཐང་འགན་སྲུང་ལ་དོ་ཁུར་བྱས་ཏེ་རྒྱུན་ལྡན་ཅན་གྱི་བདེ་ཐང་གཟུགས་པོར་བརྟག་དཔྱད་བྱེད་པ་དང་ལས་བྱེད་པའི་རེ་འདོད་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ཏེ། ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་ལས་བཟོ་པ་ཁྱོ་ཤུག7ས་གནས་སོ་སོར་སྡོད་པའི་གནད་དོན་ཧུར་ཐག་སྒོས་ཐག་གཅོད་བྱས་པ་ལས་གཞན། ཞབས་ཞུའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱས་པ་དང་། ས་ཆ་གཞན་དུ་སྤེལ་རེས་བྱེད་པའི་ལས་འགན་འཁུར་བའི་ལས་བྱེད་པར་ཤེས་ལྡན་མི་སྣའི་ལས་ཤག་ཆ་ཚང18གྲབས་གསོག་བྱས་ཡོད་ལ། དངོས་སུ་འཚམས་འདྲི་དང་ཐུགས་ཁུར་བྱས་ནས་ལོ་འདིའི་ནང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཤེས་ལྡན་མི་སྣ་སྣ་ཚོགས་སོགས་མི500ལྷག་ལ་འཚམས་འདྲི་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号