བོད་ལྗོངས་ཆབ་མདོ་རུ་བལ་བོའི་ནང་འདྲེན་ཚོང་ཟོག་འགྲེམས་ཚོང་ཚོགས་འདུ་སྐབས་དང་པོ་གཉེར་བ། 

བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་བལ་བོའི་ནང་འདྲེན་ཚོང་ཟོག་འགྲེམས་འཚོང་ཚོགས་འདུ་སྐབས་དང་པོ་དེ་ཟླ8ཚེས18ནས་ཚེས28ཉིན་བར་ཆབ་མདོ་རུ་འཚོགས་པ་དང་། ད་ཐེངས་ཀྱི་བྱེད་སྒོ་དེ“ཇ་རྟའི་གནའ་ལམ་གྱི་དར་ལམ་གསར་པ་དང་། བདེ་སྐྱིད་ཆབ་མདོའི་ལེ་ཚན་གསར་པ”བརྗོད་བྱ་གཙོ་བོར་བྱས་ཤིང་། བྱེད་སྒོའི་རིང་བལ་བོ་དང་། འབྲུག་ཡུལ། ཕ་ཁི་སི་ཐན་སོགས་རྒྱལ་ཁབ་ནས་ཡོང་བའི་ཁ་གདན་དང་། འགེལ་གདན། མཆོད་མེ། ཤིང་བཟོས་ཐོན་རྫས་སོགས་ཁྱད་ལྡན་ཚོང་ཟོག་སྣ་ཁ་བརྒྱ་ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་དང་། འོས་སྦྱོར། ཕྱིར་ཚོང་བཅས་བྱས་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号