ལོ་ངོ30རིང་བོད་ལྗོངས་ཀྱིས་བོད་སྐྱོར་ལས་དོན་ཐད་གྲུབ་འབྲས་གཡུར་ཟ་བླངས།

ཚེས22ཉིན་ལྷ་ས་ནས་འཚོགས་པའི“ལོ་ངོ30རིང་ལ་སྤེལ་བའི་བོད་སྐྱོར་ལས་དོན་གནས་ཚུལ”གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ལས་རྒྱུས་ལོན་ལྟར་ན། བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལོ་ངོ30རིང་ལ་སྐོར10ལས་དོན་མི་སྣ་ཁྲི1.2ལྷག་གི་ཤེས་ལྡན་མི་སྣ་བོད་ལྗོངས་སུ་བསྐྱོད་དེ་ལས་དོན་གཉེར་བས། བོད་ལྗོངས་ཀྱི་རྣམ་པ་སོ་སོའི་བྱ་གཞག་ཐད་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ།

ཐོན་ལས་བོད་སྐྱོར་ཏེ་ལྷག་པར་དུ་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་གསོ་སྐྱོང་ཕྱོགས་ནས་ཕན་འབྲས་མངོན་གསལ་ཐོབ་པ་རེད། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་ཀྱིས་མུ་མཐུད་དུ་ཐོན་ལས་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱུན་མཐུད་ངང་ཐོན་ལས་ལས་གཞི་མ་དངུལ་གཏོང་ཚད་ལ་ཤུགས་བསྣན་ནས“ལོ་ལྔའི་འཆར་གཞི་བཅུ་བཞི”རིང་ལ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར17གྱིས་ཐོན་ལས་རོགས་སྐྱོར་ལས་གཞི229དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར44.06བཀོད་སྒྲིག་བྱས་ནས། ཕྱོགས་གཅིག་ནས་ཁྱད་ལྡན་ལེགས་ཆ་ཐོན་ལས་གསོ་སྐྱོང་དང་ཕྱོགས་གཞན་ཞིག་ནས་ཁྲོམ་རས་བོད་སྐྱོར་ལས་དོན་འཕེལ་རྒྱས་སུ་བཏང་།

སྨན་བཅོས་ཤེས་ལྡན་མི་སྣའི“སྒྲིག་འཛུགས་རང་བཞིན”གྱི་བོད་སྐྱོར་ལས་དོན་ཐད་གནས་བབ་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་ཕན་འབྲས་ཐོབ་ནས། མིག་སྔའི་བར་དུ་རོགས་སྐྱོར་སྨན་ཁང184ཡིས་སྐོར10ཆེད་མཁས་མི་སྣ2000མངགས་ནས་བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་རོགས་སྐྱོར་བྱས། ཕྱོགས་གཉིས་ཀྱིས་ཧུར་བརྩོན་བྱས་པ་བརྒྱུད་དེ་སྨན་ཁང་དོ་དམ་དང་སྨན་བཅོས་ཞབས་ཞུ་སོགས་ནས་ཕན་འབྲས་མངོན་གསལ་ཐོབ་ཡོད།

སློབ་གསོའི་ཤེས་ལྡན་མི་སྣ“སྒྲིག་འཛུགས་རང་བཞིན”གྱི་བོད་སྐྱོར་ལས་དོན་གྱིས་བོད་ལྗོངས་ཀྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བར་བཅུག 2016ལོར་སློབ་གསོ་པུའུ་སོགས་ཀྱི་པུའུ་ཨུ་བཞི་ཡིས་སློབ་གསོའི་ཤེས་ལྡན་མི་སྣ“སྒྲིག་འཛུགས་རང་བཞིན”གྱི་བོད་སྐྱོར་ལས་དོན་མགོ་ཚུགས་ནས། 2019ལོར་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས“སྒྲིག་འཛུགས་རང་བཞིན”གྱི་བོད་སྐྱོར་སློབ་གསོ་ཤེས་ལྡན་མི་སྣ་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་བདམས་མངག་སྤྱིའི་འཆར་གཞི་ནང་བཞག་པ་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར17གྱིས་བསྡོམས་པས་སློབ་གསོ་བོད་སྐྱོར་ཤེས་ལྡན་མི་སྣ2100མངགས་ནས། སྒྲིག་འཛུགས་རང་བཞིན་གྱིས་བོད་ལྗོངས་ཀྱི་སློབ་གྲྭ་ཆུང་འབྲིང21ལ་ཁ་གཏད་རོགས་སྐྱོར་བྱས།

ཉིན་ཤས་བསྟུད་མར། “རྒྱལ་ཡོངས་ཁ་གཏད་བོད་སྐྱོར་ལོ་ངོ30ལོན་པའི་གྲུབ་འབྲས་འགྲེམ་སྟོན”དྲ་ཐོག་དང་ཡུལ་དངོས་རྣམ་པས་མི་རྣམས་ལ་སྟོན་པ་དང་། འགྲེམ་སྟོན་དེས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་བའི་སྟེགས་བུ་ཞིག་བཙུགས་པ་མ་ཟད། གཅིག་སྡུད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གཙོ་བོར་འཛིན་པའི་ཏང་ཀྲུང་དབྱང་གི་བོད་བཅོས་བོད་བརྟན་བོད་དར་གྱི་ལག་ལེན་བསྟན་པ་དང་། དུས་རབས་གསར་བའི་ནང་ཏང་གི་བོད་བཅོས་དམག་འཐབ་སྣེ་ཁྲིད་འོག་ཏུ་བོད་ལྗོངས་ཀྱི་བྱ་གཞག་སོ་སོ་ཕྱོགས་ཡོངས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་མཚོན་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号