ཆབ་མདོ་ཁ་རུབ་ཆུས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་བ།

བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁང་ད་ལོའི་ཟླ6པའི་ཚེས29ཉིན་སྒོ་ཕྱེས་པ་དང་། བསྡོམས་པས་ཆབ་མདོ་གྲོང་ཁྱེར་གྱི་རྫོང་དང་ཆུས11། གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་སོགས་ཀྱི་སྐོར115ཡི་མི་ཐེངས3000གིས་སློབ་སྦྱོང་བྱེད་པར་སྣེ་ལེན་བྱས། 

ལས་དོན་མི་སྣ་ཀ་གཞིས་སྒྲོན་དཀར་གྱིས་མི་རིགས་མཐུན་སྒྲིལ་སྐོར་གྱི་གཏམ་རྒྱུད་བཤད་བཞིན་པ།

བརྗོད་དོན་སློབ་གསོ་ཁང་གི་འགྲེལ་བཤད་ལས་དོན་མི་སྣ་ཀ་གཞིས་སྒྲོན་དཀར་གྱིས། “འགྲེལ་བཤད་ཡག་པོ་ཞིག་རྒྱག་ཆེད། ངས་རྒྱུན་དུ་རྒྱུ་ཆ་བཙལ་ནས་སློབ་སྦྱོང་བྱས་པ་དང་། འགྲེལ་བཤད་ལས་དོན་བརྒྱུད། ངས་ཀྱང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་སྔར་ལས་གཏིང་ཟབ་པའི་རྒྱུས་ལོན་དང་ཚོར་སྣང་བྱུང”ཞེས་བཤད།

ཀ་གཞིས་སྒྲོན་དཀར་ནི་བོད་རྒྱ་ཟུང་འབྲེལ་གྱི་ཁྱིམ་ཚང་ཞིག་ནས་ཡོང་བ་དང་། མོས“ངའི་ཨ་ཕ་ནི་ཆབ་མདོ་བྲག་གཡང་རྫོང་གི་ཡིན་པ་དང་། ཨ་མ་ནི་སི་ཁྲོན་རྟའུ་རྫོང་གི་ཡིན་པས། ཁོར་ཡུག་དེ་ལྟ་བུ་ནང་ངས་ཆུང་དུས་ནས་རིག་གནས་གཉིས་དང་ལེན་བྱས་པ་ཡིན། དཔེར་ན་བོད་ཀྱི་ལོ་གསར་སྐབས་སུ་ང་ཚོ་ཨ་ཕའི་ཕ་ཡུལ་དུ་སོང་ནས་ལོ་གསར་རོལ་པ་དང་། དཔྱིད་གསར་དུས་ཆེན་སྐབས་སུ་ང་ཚོས་གཉེན་ཉེ་དག་རང་ཁྱིམ་དུ་གདན་འདྲེན་ཞུས་པ་ཡིན”ཟེར།

ལས་དོན་མི་སྣ་པད་མས་བརྗོད་དོན་གཙོ་བོའི་སློབ་གསོ་སྐོར་འགྲེལ་བཤད་བྱེད་བཞིན་པ།

བརྗོད་དོན་གཙོ་བོའི་སློབ་གསོ་ཁང་གི་འགྲེལ་བཤད་ལས་དོན་མི་སྣ་པད་མས“ང་སྔོན་ཆད་རྒྱ་ཡི་སློབ་གྲྭ་འགྲིམས་པས་ཆུང་དུས་ནས་མི་རིགས་མང་བའི་ཁོར་ཡུག་ནང་ནར་སོན་པ་ཡིན། ད་ལྟ་ངས་ཀྱང་སི་ཁྲོན་གྱི་རྒྱ་སྐད་བཤད་ཤེས”ཞེས་བཤད།

རྒྱུས་ལོན་པ་ལྟར་ན། ཆབ་མདོ་ཁ་རུབ་ཆུས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁང་ནི“གནའ་བོའི་དཔལ་ཡོན། གཅིག་རྒྱུན་གཅིག་འཛིན”དང“བསྐལ་བ་ཇི་སྲིད་བར་དུ། མཉམ་འགྲོ་མཉམ་བསྐྱོད”། “ཆབ་མདོ་བཅིངས་འགྲོལ། གསོན་ཤུགས་རྒྱས་པ”། “རབ་མཛེས་ལེའུ། འཆམ་མཛེས་མཉམ་གནས”བཅས་ཀྱི་ཚན་པ་བཞི་ཡིས་གྲུབ་ཡོད། བརྗོད་དོན་སློབ་གསོ་ཁང་གིས“ཡི་གེ+རི་མོ+དངོས་པོ+བརྙན”གྱི་ཐབས་ལམ་གྱིས་ཕྱོགས་ཡོངས་དང་ལངས་གཟིགས་ཅན་གྱིས་མི་རིགས་སོ་སོ་ཕན་ཚུན་བརྗེ་རེས་དང་མཉམ་འདྲེས་ལོ་རྒྱུས་འགྲེམ་སྟོན་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ནུས་པ་དར་སྤེལ་བཏང་ནས“ཀྲུང་ཧྭ་མི་རིགས་ཁྱིམ་གཞིས་གཅིག ཀྲུང་གོའི་འདུན་པ་མཉམ་གྱིས་བསྐྲུན”པའི་ཁོར་ཡུག་ཡག་པོ་བསྐྲུན་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号