གུང་ཧོ་རྫོང་གིས་རྒྱུད་འཛིན་གྱི་གཟི་བྱིན་དང་སྒྲ་སྙན་གྱི་དཀྲོལ་ཉམས་དགོང་ཚོགས་བདེ་ལེགས་ངང་སྤེལ། 

ཟླ8པའི་ཚེས14ཉིན། ཀྲུང་གུང་གུང་ཧོ་རྫོང་ཨུ་དང་གུང་ཧོ་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། རྫོང་ཨུའི་དྲིལ་སྒྲོག་པུའུ་དང་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་གཉིས་ཀྱིས་འགན་སྒྲུབ་གནང་བའི་འཆམ་མཛེས་གུང་ཧོའི་གླུ་གར་དགྱེས་སྟོན་སྐབས་དང་པོ་ལས་རྒྱུད་འཛིན་གྱི་གཟི་བྱིན། སྒྲ་སྙན་གྱི་དཀྲོལ་ཉམས་དགོང་ཚོགས་གུང་ཧོ་རྫོང་གི་མཚོ་སྔོན་པོའི་ཐང་ཆེན་དུ་བདེ་ལེགས་ངང་སྤེལ། ཞིང་ཆེན་ཕྱི་ནང་ནས་ཡོང་བའི་སྒྲ་སྙན་རྡུང་ལེན་པ་དང་དམངས་ཁྲོད་ཀྱི་ཕུལ་བྱུང་སྒྱུ་རྩལ་པ་དག་མཉམ་གཅིག་ཏུ་འཛོམས་ནས། རྒྱུད་དྲུག་གི་པི་ཝང་དཀྲོལ་ནས་བདེ་སྐྱིད་འཚོ་བར་བསྟོད་གླུ་བླངས་པས་ཡུལ་དངོས་ཀྱི་ལྟད་མོ་བ་དག་གི་དགའ་བསུ་ཆེན་པོ་ཐོབ།

སྒྲ་སྙན་ཞེས་པ་ནི་དབྱངས་རྟ་སྙན་ཞིང་འཇེབས་པའི་དོན་ཡིན་ཞིང་། མཚོ་བོད་མཐོ་སྒང་དུ་དར་ཁྱབ་ཧ་ཅང་ཆེ་བའི་བོད་ཀྱི་རོལ་ཆས་ཤིག་ཡིན་ལ། བོད་རིགས་ས་ཁུལ་ལ་ཁྱབ་རྒྱ་ཆེ་བའི་རོལ་དབྱངས་སྒྱུ་རྩལ་ཞིག་ཀྱང་ཡིན། ད་ལྟའི་བར་དུ་ལོ་ངོ1000ལྷག་གི་ལོ་རྒྱུས་ལྡན། 2008ལོའི་ཟླ6པའི་ཚེས7ཉིན་བོད་རིགས་སྒྲ་སྙན་རྡུང་ལེན་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རིམ་པ་གཉིས་པའི་མིང་ཐོའི་ནང་དུ་ཚུད་ཡོད།

འཁྲབ་སྟོན་པ་ཚོས་ངོ་མཚར་བའི་སྒྲ་སྙན་རྡུང་ལེན་གྱི་སྒྱུ་རྩལ་འཁྲབ་སྟོན་བྱས་པར་མ་ཟད། རང་ས་གནས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་མི་རིགས་ཡུལ་སྲོལ་གོམས་གཤིས་དང་དམངས་ཁྲོད་ཀྱི་རིག་གནས་སྣ་ཚོགས་འཁྲབ་སྟོན་བྱས་ཏེ། སྒྲ་སྙན་རྡུང་ལེན་གྱི་གླུ་སྐད་ཁྲོད་ནས་མེས་རྒྱལ་གྱི་དར་རྒྱས་གོང་འཕེལ་དང་བདེ་སྐྱིད་ཀྱི་འཚོ་བར་བསྟོད་བསྔགས་བྱས་པས། མེས་རྒྱལ་དང་ཕ་ཡུལ་ལ་བཅིངས་བའི་བརྩེ་བ་ཟབ་མོ་མཚོན་པར་བྱས།

ཐེངས་འདིའི་སྒྲ་སྙན་རྡུང་ལེན་དགོང་ཚོགས་འདི་བརྒྱུད་དེ་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱེད་པ་དང་རྒྱུན་འཛིན་བྱེད་པར་ཤུགས་སྣོན་བྱས་ཤིང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་རིན་ཐང་དེ་མངོན་པར་མ་ཟད། སྲུང་སྐྱོང་ལེགས་པོ་བྱེད་པ་དང་རྒྱུན་འཛིན་པ།བེད་སྤྱོད་ལེགས་པོ་བྱེད་པ་བཅས་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་རིན་ཐང་དེ་མངོན་པར་མ་ཟད། སྲུང་སྐྱོང་ལེགས་པོ་བྱེད་པ་དང་རྒྱུན་འཛིན་པ།བེད་སྤྱོད་ལེགས་པོ་བྱེད་པ་བཅས་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ལ་གསོན་ཤུགས་གསར་བ་བསྩལ་ནས། རིན་ཐང་བྲལ་བའི་གར་སྟེགས་འདོན་སྤྲོད་བྱས་ཏེ་ལོ་རྒྱུས་ཀྱི་རིག་གནས་རྒྱུན་མཐུད་དང་རིག་གནས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ཞིང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གཞི་གཅིག་གི་འདུ་ཤེས་ཆགས་སུ་བཅུག་པ་དང་། མི་རིགས་སོ་སོའི་ཕན་ཚུན་བར་འབྲེལ་འདྲེས་བྱེད་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号