བོད་ལྗོངས་སུ་རྒྱལ་སྤྱིའི་རྐང་འཁོར་འགྲན་བསྡུར་ཞིག་གཉེར་གྲབས་འདུག

གསར་འགོད་པས་སྤྱི་ཚེས9ཉིན་འཚོགས་པའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་ལྔ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ8ཚེས21ཉིན་ནས་ཚེས25ཉིན་བར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་གཉེར་བྱས་པའི་སྤྱི་ལོ2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་ལྔ་པ་དེ་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར་བཅས་སུ་གཉེར་རྒྱུ་རེད་འདུག

ད་ཐེངས་ཀྱི་འགྲན་བསྡུར་ཁྱོན་དུམ་མཚམས་གསུམ་དུ་དབྱེ་བ་དང་། འགྲན་བསྡུར་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ310.16ཡོད། སྤྱི་ཟླ8ཚེས21ཉིན་ལྷ་སའི་པོ་ཏ་ལའི་ཐང་ཆེན་དུ་འགོ་འཛུགས་མཛད་སྒོ་གཉེར་རྒྱུ་དང་། སྤྱི་ཟླ་8ཚེས་23ཉིན་ཉིང་ཁྲི་གྲོང་ཁྱེར་དུ་དུམ་མཚམས་དང་པོའི་འགྲན་བསྡུར་གཉེར་རྒྱུ། སྤྱི་ཟླ8ཚེས24ཉིན་ལྷ་ས་གྲོང་ཁྱེར་དུ་དུམ་མཚམས་གཉིས་པའི་སྐོར་རྒྱུག་འགྲན་བསྡུར་གཉེར་རྒྱུ། དེ་ནས་སྤྱི་ཟླ8ཚེས25ཉིན་གཞིས་རྩེ་གྲོང་ཁྱེར་དུ་དུམ་མཚམས་གསུམ་པའི་འགྲན་བསྡུར་དང་མཇུག་འགྲིལ་མཛད་སྒོ་གཉེར་རྒྱུ་རེད་འདུག མིག་སྔའི་བར་ལུས་རྩལ་པ150ལྷག་གིས་འགྲན་བསྡུར་ནང་ཞུགས་རྒྱུའི་ཐོ་འགོད་བྱས་ཡོད་པས། འགྲན་བསྡུར་གྱི་གཞི་ཁྱོན་དེ་ན་ནིང་ལས་མངོན་གསལ་གྱི་ཆེ་བ་ཡོད་པ་རེད།

སྐབས་འདིའི་འགྲན་བསྡུར་ནི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་རྒྱལ་ཁབ་དང་ས་ཁུལ་དབར་གྱི་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་དང་། ཨ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་མོར་གཞི་བཅོལ་ནས་ལུས་རྩལ་ཐད་ཕྱི་རྒྱལ་དང་སྤེལ་རེས་མཉམ་ལས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་རེད། ཡུལ་སྐོར་གོང་འཕེལ་དང་ཕྱི་རོལ་གྱི་བར་ཁམས་ཆེན་མོ་འཛུགས་སྐྲུན་བྱ་རྒྱུ་བརྗོད་གཞིར་བཟུང་བ་དང་། ཆེས་མཛེས་ཤོས་ཀྱི་གཞུང་ལམ་མྱུལ་ནས་ཧི་མ་ལ་ཡ་སྐོར་ཞེས་པ་འབོད་ཚིག་ཏུ་བཟུང་ཡོད། དེའི་དམིགས་ཡུལ་ནི་འགྲན་བསྡུར་ཞོར་ལ་ཡུལ་སྐོར་བྱེད་ཅེས་པའི་སྤུས་རྟགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་དང་། འགྲན་བསྡུར+འཛད་སྤྱོད་དང་། འགྲན་བསྡུར+རིག་གནས་ཡུལ་སྐོར། འགྲན་བསྡུར+ཐོན་ལས་བཅས་ལ་གཅིག་སྡུད་བྱས་ཏེ་མཉམ་འདྲེས་འགྲན་གཉེར་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད། ལྷག་པར་དུ། སྐབས་འདིའི་འགྲན་བསྡུར་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུས་རྩལ་ཐད་གནང་བའི་རྣམ་བཤད་གལ་ཆེན་དང་། བོད་ལྗོངས་ཀྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་། བོད་ལྗོངས་ཀྱི་གཟུགས་བརྙན་དྲིལ་བསྒྲགས་དང་འགྲེམས་སྟོན་བྱེད་པ་དང་། འགྲན་བསྡུར་གྱི་མིང་གྲགས་མཐོ་རུ་གཏོང་བའི་སྐར་ཁུང་གལ་ཆེན་ཞིག་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号