སྔར་ཆུ་ཚོད་གཉིས་གསུམ། ད་ཆ་སྐར་མ་བཅུ་ཙམ། དཔེ་རེད།

རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6168ཡོད་པའི་སྡེ་དགེ་ཁྲོ་ལ་ནི་སི་ཁྲོན་ནས་བོད་ལྗོངས་སུ་བསྐྱོད་སའི་རྒྱལ་ལམ་317འགྲིམ་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ལ་མཐོན་པོ་ཞིག་རེད། སྔོན་ཆད་ལ་དེའི་གཤམ་དུ་ཕུག་ལམ་མེད་པས། རླངས་འཁོར་དག་ངེས་པར་དུ་རི་བོ་མཐོན་པོ་དེ་འཛེགས་ནས་བསྐྱོད་དགོས་པ་དང་། རླངས་འཁོར་གྱི་ངོས་ནས་བཤད་ན་ལ་དེ་རྒྱག་པར་ཕལ་ཆེར་ཆུ་ཚོད་གཉིས་གསུམ་ཙམ་དགོས་ཀྱི་ཡོད། ཡང་སྒོས་སུ་དགུན་དུས་ལམ་ངོས་སུ་ཁ་བ་འབབ་པ་དང་དར་ཆགས་པ། དབྱར་དུས་སུ་དྲག་ཆར་འབབ་པ་སོགས་ཀྱི་གནས་ཚུལ་འཕྲད་སྐབས་རི་མགོར་རླངས་འཁོར་འགག་ནས་ཉིན་མ་གསུམ་བཞི་ཙམ་ལུས་པ་ཡང་རྒྱུན་རྣམ་ཞིག་ཡིན་ལ། དེ་བས་ཀྱང་སྐབས་དེར་ལ་དེའི་ཐོག་ལོ་ལྟར་རླངས་འཁོར་གྱི་ཆག་སྒོ་ཐེངས་འགའ་ཤས་ཐོན་པས། ལ་དེ་ནི་ཁ་ལོ་བ་རྣམས་འཇིགས་ཤིང་འགྲུལ་པ་རྣམས་སྐྲག་པའི་ལ་ཞིག་རེད། 

2017ལོའི་ཟླ་9ཚེས་26ཉིན་སྡེ་དགེ་ཁྲོ་ལའི་ཞབས་སུ་བསྐྲུན་པའི་ཕུག་ལམ་དེར་རླངས་འཁོར་ཤར་གཏོང་ཐུབ་པས། སྔར་རླངས་འཁོར་བཏང་ནས་ཆུ་ཚོད་གཉིས་གསུམ་ཙམ་བསྐྱོད་དགོས་པའི་ལ་དེ་དུས་ཐུང་སྐར་མ་བཅུ་ཙམ་ནང་བརྒྱུད་ཐུབ་པར་གྱུར་བ་དང་། དུས་དེ་ནས་བཟུང་རྒྱལ་ལམ་317བརྒྱུད་ནས་འགྲོ་མཁན་ཁ་ལོ་བ་རྣམས་ཀྱི་སེམས་ངལ་དང་འཇིགས་སྣང་ཆེ་ཤོས་ཤིག་མེད་པར་གྱུར་ཡོད་ལ། དེ་བས་ཀྱང་སྡེ་དགེ་སོགས་ལམ་དེའི་རྒྱུད་དུ་གནས་པའི་ཡུལ་གྲུ་ཁག་གི་མི་དམངས་ཀྱི་འགྲིམ་འགྲུལ་སྟབས་ཇེ་བདེར་གྱུར་ཅིང་། དེའི་རྐྱེན་ལས་ལམ་རྒྱུད་དེའི་དཔལ་འབྱོར་དང་། དམངས་འཚོ། རིག་གནས་སོགས་ཕྱོགས་གང་ས་ཅི་ཐད་ལ་འགྱུར་ལྡོག་བསམ་གྱིས་མི་ཁྱབ་པ་ཕྱིན་ཡོད། 

ཁྲོ་ལའི་ཕུག་ལམ་གྱི་བྲག་ཕུག་གཙོ་བོའི་རིང་ཚད་ལ་སྨི་7079ཡོད་པ་དང་ཕུག་ལམ་གྱི་ཐོན་སྒོ་གནས་ས་དེའི་མཚོ་འཕགས་ལ་སྨི་4378ཡོད་པས་གང་དེ་ནི་མིག་སྔར་འཛམ་གླིང་ཐོག་མཚོ་འཕགས་མཐོ་ཤོས་ཀྱི་གཞུང་ལམ་ཕུག་ལམ་རིང་ཤོས་དེ་ཡིན་པ་རེད།

2011ལོར་ཁྲོ་ལའི་ཕུག་ལམ་བསྐྲུན་འགོ་ཚུགས་པ་ནས་2016ལོར་བདེ་བླག་ངང་ཏལ་འབིགས་ཐུབ་པའི་བར་ལས་གྲྭ་དུས་ཡུན་ལོ་5འགོར་ཡོད། དེའི་རིང་ལས་གྲྭའི་བཟོ་སྐྲུན་པ་ཚོས་དཀའ་ངལ་མང་པོ་ཁྱད་དུ་བསད་ནས་དཀའ་གནད་མང་པོ་ཐག་གཅོད་བྱས་མཐར་དཀའ་ཚེགས་ཧ་ཅང་ཆེ་བའི་ཕུག་ལམ་ལས་གཞི་དེ་ལེགས་འགྲུབ་བྱུང་ཡོད། ད་ཆ་རླངས་འཁོར་ཕུག་ལམ་དེ་བརྒྱུད་ནས་ཕྱིན་ན་སྡེ་དགེ་ཁྲོ་ལ་འགྲིམ་པར་དུས་ཐུང་སྐར་མ་བཅུ་ཙམ་ལས་མི་འགོར་བས། སྔར་ཆུ་ཚོད་གཉིས་གསུམ་ཙམ་འགོར་བ་དེ་དང་བསྡུར་བ་བཏང་ན་བསམ་གྱིས་མི་ཁྱབ་པའི་ཁྱད་པར་དང་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་ཅིག་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号