བོད་སྐྱོར་སློབ་གསོ་ཡིས་བྱིས་པ་ཚོར་མ་འོངས་པའི་མདུན་ལམ་བསྐྲུན་པ།

ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་སློབ་ཆུང་དང་པོའི་བྱིས་པ་ཚོ།

ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གིས“དཔལ་འབར་རྫོང་ཧྥུའུ་ཅན་བོད་སྐྱོར་དགེ་རྒན་ལས་དོན་ཁང”བཙུགས་ནས་ཧྥུའུ་ཅན་གྱི་སློབ་གསོ་ཆེད་མཁས་དང་རྐང་འཛིན་པ་དཔལ་འབར་རྫོང་དུ་ཡོང་ནས་ཆེད་དོན་འཆད་ཁྲིད་དང་ཡུལ་དངོས་མཛུབ་སྟོན་གྱིས་ས་གནས་དགེ་རྒན་ཚོ་གསོ་སྦྱོང་སྤེལ་ཏེ་དཔལ་འབར་སློབ་གསོ་རྩ་བ་ནས་སྒྱུར་བར་རོགས་རམ་བྱས་པས་སློབ་གསོ་སློབ་ཁྲིད་སྤུས་ཚད་བརྟན་བརླིང་ངང་མཐོ་རུ་ཕྱིན། ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲུའུ་གྲོང་ཁྱེར་གྱི་བོད་སྐྱོར་དགེ་རྒན་ཚོའི་ཧུར་ཐག་འོག་ཏུ་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་སློབ་ཆུང་དང་པོ་སློབ་ཁྲིད་སྤུས་ཀ་དང་དགེ་སློབ་སྟོབས་ཤུགས། སློབ་སྦྱོང་ཆ་རྐྱེན། འཚར་ལོངས་ཁོར་ཡུག འཚོ་བའི་འགན་སྲུང་སོགས་ཀྱི་ཕྱོགས་གང་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་ནས། ཧྥུའུ་ཅན་དང་བོད་ལྗོངས་ཀྱི་མི་རིགས་རིག་གནས་བརྗེ་རེས་ལ་སྐུལ་འདེད་དང་། བྱིས་པ་ཚོའི་འཚོ་བ་ཕུན་སུམ་ཚོགས་པར་བཏང་བ། བྱིས་པ་ཚོའི་མཐོང་རྒྱ་བསྐྱེད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ས་བོན་བྱིས་པ་ཚོའི་སེམས་གཏིང་དུ་བཞག 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号