བོད་ལྗོངས་ཀྱིས་ཐོན་སྐྱེད་བྱས་པའི་ཨར་འདམ་ནེ་པ་ལར་ཕྱིར་གཏོང་བྱས་པ།

ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ཡར་ཆུ་ཨར་སྐྲུན་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ལྗང་མདོག་ཨར་སྐྲུན་རྒྱུ་ཆ་སྟེ། ཡར་ཆུ་རྟགས་ཅན་གྱི་ཨར་འདམ་སྐྱིད་གྲོང་འགག་སྒོ་ནས་བདེ་བླག་ངང་ནེ་པ་ལར་བཏང་བ་དང་། དེ་ནི་བོད་ཀྱིས་ལྗང་མདོག་ཨར་སྐྲུན་རྒྱུ་ཆའི་ཐོན་རྫས་ཁག་དང་པོ་ས་ཁོངས་སྒྲོལ་བའི་དུས་གཏན་རླངས་འཁོར་ལ་བླུགས་ནས་གཞི་ཁྱོན་ཅན་གྱི་ཕྱིར་གཏོང་བྱས་པ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ལྗང་མདོག་ཨར་སྐྲུན་རྒྱུ་ཆ་ཕྱིར་གཏོང་བྱེད་འབོར་ཏུན8000ཙམ་ཡིན་པ་དག་ཁག་བགོས་ནས་ནེ་པ་ལར་བཏང་སྟེ་ནེ་པ་ལའི་རོགས་སྐྱོར་རྣམ་གྲངས་འཛུགས་སྐྲུན་ལ་སྤྱོད་རྒྱུ་ཡིན་པ་རེད།

    གཞིས་རྩེ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་འགན་འཁུར་བས། ལོ་སྟོད་དུ་གཞིས་རྩེ་གྲོང་ཁྱེར་གྱིས་ཕྱི་ཕྱོགས་ཚོང་དོན་གྱི་ཁེ་ལས12སྒྲིག་འཛུགས་བྱས་ནས་ནེ་པ་ལའི་ཀ་ཏ་མན་རྡུར་སྐབས་བཅུ་བདུན་པའི་ཀྲུང་གོ་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་དང་ཚོང་འདུས་ལ་ཞུགས་ཡོད། གོམ་སྟབས་རྗེས་མར། ཁེ་ལས་གཙོ་བོ་རེ་རེ་བཞིན་ལ་འཚམས་འདྲི་བྱས་ནས་ཕྱི་རྒྱལ་དང་རྒྱལ་ནང་གི་ཟོག་ཁུངས་ཀྱི་སྣ་ཁ་དང་དབོར་འདྲེན་བྱེད་ཐབས་མཐིལ་རྟོགས་བྱས་ཏེ་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཟོག་འགྲེམས་བགྲོད་ལམ་གྱི་དབོར་འདྲེན་ལས་སྟེགས་ནུས་ཆེ་དང་སྟབས་བདེའི་སྒོ་ནས་སྤྱོད་ཐུབ་རྒྱུར་རོགས་རམ་གྱིས་ཁྲོམ་རའི་སྒོ་མོ་མུ་མཐུད་འབྱེད་པ་དང་། མ་གནས་དམའ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས“བགྲོད་ལམ་དཔལ་འབྱོར”ནས“འགག་སྒོའི་དཔལ་འབྱོར”ལ་འགྱུར་བར་སྐུལ་འདེད་བཏང་སྟེ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ལྟེ་བའི་གྲོང་ཁྱེར་གཞིས་རྩེ་འཛུགས་སྐྲུན་བྱེད་པའི་སྒུལ་ནུས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号