སྐབས་གཉིས་པའི་ཇོ་རིའི་པར་ལེན་འགྲེམས་སྟོན་པེ་ཅིང་དུ་གཉེར་བ།

ཉེ་ཆར། ཇོ་རིའི་ཡུལ་གྱི་ཉམས་སྣང་ཞེས་པའི་སྐབས་གཉིས་པའི་ཇོ་མོ་གླང་མའི་པར་ལེན་འགྲན་བསྡུར་ཆེན་མོའི་བརྩམས་ཆོས་འགྲེམས་སྟོན་པེ་ཅིང་གྲོང་ཁྱེར་ཅིའུ་ཀྲོའུ་སྒྱུ་རྩལ་ཁང་དུ་ལེགས་གྲུབ་ལྡན་པའི་ངང་གཉེར་བ་རེད།

     ད་ཐེངས་ཀྱི་འགྲེམས་སྟོན་ཐོག་ཁྱོན་བརྩམས་ཆོས་120ལྷག་ཙམ་འགྲེམས་སྟོན་བྱས་པ་དང་། དེ་དག་༼གླིང་སྣེའི་ཉམས་སྣང་༽དང་༼ལྷིང་ཆགས་ཀྱི་ཡུལ་གྲུ་༽༼བཀྲ་ཤིས་པའི་གཞིས་རྩེ་༽བཅས་ཆ་ཤས་གསུམ་ལ་དབྱེ་ཡོད། བརྩམས་ཆོས་དེ་དག་ནང་ལོ་རྒྱུས་རྒྱུན་འཛིན་དང་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་ཡོད་ལ། དེ་བས་ཀྱང་འབྱུང་འགྱུར་ལ་རེ་སྒུག་དང་ཡིད་སྨོན་འཆང་བ་ཚུད་ཡོད། བརྩམས་ཆོས་དེ་དག་བརྒྱུད་གཟིགས་མོ་བ་ཚོས། ཇོ་རིའི་ཕ་ཡུལ། མཛེས་པའི་གཞིས་རྩེའི་ཉམས་སྣང་དང་གསོན་ཤུགས་ལེགས་པར་ཚོར་ཐུབ་སྟེ། དུས་རབས་གསར་པའི་དྲོ་སྐྱིད་འོག་གནའ་གྲོང་འདི་ཉིད་དར་རྒྱས་གོང་འཕེལ་ཆེན་པོ་འགྲོ་བར་ལྷན་དུ་བདེན་དཔང་བྱས་ཡོད།

ད་ཐེངས་ཀྱི་འགྲེམས་སྟོན་ནང་པར་ལེན་མཁས་པའི་སེམས་ནུས་དང་བློ་རིག་གཅིག་ཏུ་འདུས་ཡོད་པས། ང་ཚོས་པར་ལེན་གྱི་ཉམས་སྣང་ཁྲོད་སེམས་དབུས་ཀྱི་ཇོ་རི་རྙེད་པ་མ་ཟད། འཚོ་བར་དགའ་ཞེན་དང་དད་གུས་ཤིག་ཀྱང་རྙེད་དེ་མེས་རྒྱལ་ལྷོ་ནུབ་མཚམས་སུ་གནས་པའི་ས་མཐོའི་མུ་ཏིག་སྟེ་བོད་ལྗོངས་གཞིས་རྩེའི་ལེའུ་གསར་རྐྱང་ཞིག་མཉམ་དུ་བརྩམས་ཡོད།

འགྲེམས་སྟོན་རིང་། པར་ལེན་གྱི་མཁས་པའི་དབང་པོ་གཅིག་ཏུ་འཛོམས་ཤིང་། ད་ཐེངས་ཀྱི་འགྲེམས་སྟོན་ལ་མགྲིན་གཅིག་ཏུ་གདེང་འཇོག་མཐོ་པོ་བྱས་ཡོད། བོད་ལྗོངས་གཞིས་རྩེ་རིག་རྩལ་ལྷན་ཚོགས་ཀྱིས་རྒྱང་རིང་ནས་ཕེབས་པའི་སྐུ་མགྲོན་ལ་དཀར་གཙང་མཇལ་དར་བསྒྲོན་ནས་ཕེབས་བསུ་ཞུས་ཏེ། བོད་རིགས་མི་དམངས་ཀྱི་སྤྲོ་སེམས་དང་སྨོན་འདུན་གང་ལེགས་མཚོན་པ་བྱས་ཡོད།

འགྲེམས་སྟོན་རིང་། ད་དུང་པར་ལེན་སྒྱུ་རྩལ་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་ཞིང་། པར་ལེན་ལ་དགའ་ཞིང་སྤྲོ་བའི་གཞོན་སྐྱེས་དང་རིགས་གཅིག་མཁས་པའི་དབར་སྤེལ་རེས་ཀྱི་སྟེགས་བུ་གལ་ཆེན་མཁོ་འདོན་བྱས་པས། པར་ལེན་སྒྱུ་རྩལ་དེ་བས་ཡང་རྩེར་སོན་པར་སྐུལ་མ་ཐེབས་ཡོད།

བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་ཝང་ཏིང་ཧྥེང་གིས། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་ལོ་ཞིག་རེད། དམིགས་བསལ་གྱི་དོན་སྙིང་ལྡན་པའི་སྐབས་འདིར་ད་ཐེངས་ཀྱི་འགྲེམས་སྟོན་འདི་འདྲ་ཞིག་གཉེར་བ་དེས་ང་ཚོས་རང་བྱུང་དང་ཚེ་སྲོག་ལ་དད་གུས་བཅངས་པ་ཙམ་མ་ཟད། འབྱུང་འགྱུར་གྱི་སྒྱུ་རྩལ་འཕེལ་རྒྱས་ལ་རེ་བ་ཟབ་མོ་འཆང་ཡོད་པས་ད་ཐེངས་ཀྱི་འགྲེམས་སྟོན་བརྒྱུད་མི་དེ་བས་མང་བས་མཛེས་པའི་བོད་ལྗོངས་དང་། སྐྱིད་པའི་གཞིས་རྩེ། བརྗིད་པའི་ཇོ་རིར་རྒྱུས་མངའ་དེ་བས་ཆེ་བ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号