རྐང་འཁོར་འགྲན་བསྡུར་འཁྲུག་ཆ་དོད།

བདམས་ཐོན་པ་ཚོ་འགྲན་བསྡུར་འགོ་འཚུགས་ས་ནས་ཐོན་བཞིན་པ།

འགྲན་བསྡུར་ཁྲོད་བདམས་ཐོན་པ་ཚོས་དཔའ་ངར་ཆེན་པོས་ཨང་དང་པོ་བརྩོན་ལེན་བྱེད་བཞིན་པ།

ཉེ་དུས། 2024ལོའི་ཀྲུང་གོའི་རི་ཁུལ་གྱི་རྐང་འཁོར་རིམ་མཚུངས་མཉམ་འགྲན་གྱི་འགྲན་ར་གསུམ་པ(བོད་ལྗོངས་ཉིང་ཁྲི)ཉིང་ཁྲི་གྲོང་ཁྱེར་སྤྲེལ་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་གནམ་མཐའི་འབྲོག་རར་འཚོགས་པ་རེད། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཆེད་ལས་འཐུས་མི་རུ་ཁག16དང་དེ་བཞིན་ལས་ཞོར་བདམས་ཐོན་པ་དང་རྐང་འཁོར་དབྱིངས་པ་ཚོ་མཉམ་དུ་འགྲན་བསྡུར་ལ་ཞུགས་པ་དང་། འགྲན་བསྡུར་ཉིན་གཉིས་བྱས་པ་དང་འགྲན་ལམ་སྤྲེལ་རིའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་གནམ་མཐའི་འབྲོག་ར་ནས་འགོ་ཚུགས་པ་དང་འགྲན་ལམ་གྱི་ས་བབ་མཐོ་ཤོས་སྨི3790ཡོད་པ་རེད། དར་མའི་ཚོགས་ཆུང་གི་བྱེས་བགྲོད་འགྲན་བསྡུར་གྱི་ལམ་ཐིག་རྐྱང་པའི་རིང་ཚད་ལ་སྤྱི་ལེ4.1དང་། གྲལ་འབུད་ཚོགས་ཆུང་གི་བྱེས་བགྲོད་འགྲན་བསྡུར་གྱི་འགྲན་ལམ་རྐྱང་པའི་རིང་ཚད་ལ་སྨི815 ཡོངས་བསྒྲགས་ཚོགས་ཆུང་གི་བྱེས་བགྲོད་འགྲན་བསྡུར་གྱི་འགྲན་ལམ་རྐྱང་པའི་རིང་ཚད་ལ་སྤྱི་ལེ3.4བཅས་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号