པེ་ཅིང་དུ་རིག་གཞུང་དཔྱད་གླེང་ཚོགས་འདུ་གལ་ཆེན་ཞིག་འཚོགས།

སྤྱི་ཟླ7ཚེས1ཉིན་རྒྱལ་རྩེའི་དབྱིན་འགོག་སྲུང་སྐྱོབ་དམག་འཐབ་བྱུང་ནས་ལོ120འཁོར་བར་དྲན་གསོ་ཞུ་བའི་རིག་གཞུང་དཔྱད་གླེང་ཚོགས་འདུ་དེ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས་ཡོད། དཔྱད་གླེང་ཚོགས་འདུ་དེ་ནི་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་གོང་འཕེལ་མཐུན་ཚོགས་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་དུ་གཙོ་གཉེར་གནང་བ་ཞིག་རེད། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ལོ་རྒྱུས་དཔྱད་གཞིར་འཛིན་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བོད་ལྗོངས་དང་བོད་འབྲེལ་ཞིང་ཆེན་བཞིའི་ཁུལ་དང་རྫོང་ཁག་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་ཡོད།

ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཁྲེན་ཙུང་རུང་གིས། རྒྱལ་རྩེའི་དབྱིན་འགོག་སྲུང་སྐྱོབ་དམག་འཐབ་བྱུང་ནས་ལོ120འཁོར་བར་དྲན་གསོ་ཞུ་བ་དེར་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱེད་པའི་རླབས་ཆེན་གྱི་མི་རིགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་ཡོད་པ་རེད།

ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་པ་ཁག་གི་འགན་འཁུར་བ་དང་དེ་བཞིན་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང་) ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་དབྱང་མི་རིགས་སློབ་ཆེན། ཧྲའན་ཤིས་དགེ་འོས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན་སོགས་ཚན་པའི་རིགས་གཅིག་མཁས་ཅན་དང་མཁས་དབང50ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号