ཁ་བ་བུ་ཡུག་ཁྲོད་ཀྱི་བོད་བྱང་ཐང་།

ཟླ5པའི་ཚེས10ཉིན། རི་སྐྱེས་སྲོག་ཆགས་ཆེད་མཁས་དོ་དམ་སྲུང་སྐྱོང་ལས་དོན་མི་སྣའི་རླངས་འཁོར་སྐོར་ཞིབ་ལམ་དུ་ཡོད་པ།

བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་བོད་ལྗོངས་བྱང་རྒྱུད་དུ་གནས་ཤིང་། དེ་ནི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་མོ་ཞིག་ཡིན་པ་དང་། དབུས་ཁུལ་མིའི་རིགས་འགུལ་སྐྱོད་ཁྱབ་ཁོངས་དང་སྤྱི་ལེ་བརྒྱ་ཕྲག་ཡོད། དེ་ནི་ས་གཞི་གཉན་པོ་ཞིག་ཡིན་པས་ཆ་སྙོམས་ས་བབ་སྨི4500ཡན་ཟིན་པ་དང་། དབྱར་དུས་ཀྱང་ཁ་བ་འབབ་པ་རེད། དེ་ཡང་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་པའི་ས་གཞི་ཞིག་ཀྱང་ཡིན་ལ། གནས་དེ་རུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས10དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རིགས21འཚོ་སྡོད་བྱེད་བཞིན་ཡོད་པས།“རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས”ཞེས་འབོད་ཀྱིན་ཡོད། ལོ་མང་པོར་གནས་དེའི་རི་སྐྱེས་སྲོག་ཆགས་དོ་དམ་སྲུང་སྐྱོང་ལས་དོན་མི་སྣ་ཚོས་དཀའ་སྡུག་ལ་མ་འཛེམ་པར་ཕྱི་རོལ“མྱ་ངན་ཐང”གི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་རུ་རྒྱུ་ནས་གཙོད་གཙོ་བོའི་འཛིན་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་སྲུང་དང་སྲུང་བཞིན་ཡོད།

སྐལ་བཟང་ལྷུན་གྲུབ་རུ་དཔོན་ཡིན་པའི་རི་སྐྱེས་སྲོག་ཆགས་ཆེད་མཁས་དོ་དམ་སྲུང་སྐྱོང་རུ་ཆུང་གི་མི5ཡིས་ཚན་ཆུང་བགོས་ནས་བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲོང་སྐྱོང་ལྟེ་གནས་ཁུལ་དུ་ཉིན་རྒྱུན་གྱི་སྐོར་ཞིབ་བྱེད་དུ་འགྲོ་བ་རེད། གནས་བབ་ནི་གཙོད་ཀྱིས་རིགས་རྒྱུད་སྤེལ་ཕྱིར་གནས་སྤོར་བའི་གནད་འགག་དུས་ཚིགས་ཡིན་པས། ཉིན་རེར་གྲངས་ཀ་ཁྲི་ལས་བརྒལ་བའི་གཙོད་ཐན་ཧྲུའེ་ཆུ་བོ་བརྒལ་ནས་སྲུང་སྐྱོང་ཁུལ་གྱི་གཏིང་ཟབ་སར་ཡོད་པའི་གཙོད་ཕྲུག་བཙའ་ཁང་དུ་བསྐྱོད་པ་དང་། ཚན་རུང་གིས་གཙོད་ཁྱུ་གནས་སྤོར་ལམ་བར་ནས་ཁྲིམས་འགལ་ནང་འཛུལ་བྱེད་མཁན་འགོག་པ་མ་ཟད། འབྲེལ་ཡོད་གཞི་གྲངས་བསྡུ་ལེན་བྱས་ནས་གཙོད་ཁྱི་ཚན་རིག་ཞིབ་འཇུག་ཐད་རྒྱུ་ཆ་མཁོ་འདོན་བྱེད་དགོས།

དུས་རབས20པའི་ལོ་རབས90ནས་བཟུང་། རང་རྒྱལ་སྲིད་གཞུང་གིས་མདོ་དབུས་མཐོ་སྒང་དུ་རི་དྭགས་རྔོན་མཁན་འགོག་པའི་འཐབ་རྩོད་སྤེལ་བས། ཁོར་ཡུག་སྲུང་སྐྱོང་མི་སྣ་སྐོར་དང་སྐོར་བཞིན་རི་དྭགས་རྔོན་མཁན་དང་ངོ་རྒོལ་བྱས་ནས་གཙོད་ཁྱུའི་གྲངས་འབོར་རྒྱུན་མཐུད་ངང་མང་དུ་ཕྱིན། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས2024ལོའི་ཟླ6པའི་ཚེས5ཉིན་ཁྱབ་བསྒྲགས་བྱས་པའི《2023བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ལས་མངོན་པ་ལྟར་ན། བོད་ལྗོངས་མངའ་ཁོངས་ཀྱི་གཙོད་ཀྱི་གྲངས་ཀ་ཁྲི30ལྷག་ལ་ཟིན་པ་རེད།

རྙོག་འཛིང་ཆེ་བའི་ལམ་དང་གནམ་གཤིས་ངན་པ་ནི་ལས་དོན་མི་སྣས་ངེས་པར་དུ་ཁ་གཏད་དགོས་པའི་གནད་དོན་ཡིན། ས་བབ་མཐོ་སར་ཕྱི་རོལ་ནས་ལས་དོན་སྤེལ་བ་དེ་རྒྱུན་ལྡན་མི་ཡིས་སྤྱོད་དཀའ་བ་ཞིག་ཡིན། ལྟེ་གནས་ཁུལ་དུ་བསྐྱོད་ཚེ་ཁ་པར་ལ་བརྡ་རྟགས་མེད་པ་དང་། ལོ་རེའི་ཟླ་འགའ་ལ་བོད་བྱང་ཐང་ནས་སྐོར་ཞིབ་ལས་དོན་སྤེལ་བཞིན་པའི་རུ་མི་ཚོར་མཚོན་ན། འབྲེལ་བ་ཆད་པའི་ཁེར་རྐྱང་གི་ཚོར་བ་ནི་མི་གཞན་གྱིས་སེམས་སུ་ཡང་དྲན་དཀའ་བའི་དོན་ཞིག་ཡིན། “སྔོན་ན་དུས་ཚོད་རིང་བོར་མི་གཞན་དང་འབྲེལ་འདྲིས་བྱེད་མ་ཐུབ་ན་ཤིན་ཏུ་དཀའ་ལ། ཡིན་ཡང་བསོད་ནམས་དར་རྒྱས་དང་ནོར་བུ་གཡུ་རྒྱན་སོགས་ཀྱི་དཔའ་བོ་དྲན་ཚེ། ང་ཚོའི་དཀའ་སྡུག་མྱངས་བ་ནི་ཅི་ཡང་མིན་པར་འདོད”ཅེས་སྐལ་བཟང་ལྷུན་གྲུབ་ཀྱིས་བརྗོད།

གསར་སྐྱེས་དང་འདས་ཟིན་པ། ཁ་བ་བུ་ཡུག་དང་ཉི་འོད། མུན་ནག་དང་ཞོགས་པའི་མཚམས་སྤྲིན། ལོ་ངོ་སྟོང་ཕྲག་གི་རིང་ལ་བོད་བྱང་ཐང་རྩྭ་ཐང་ཆེན་མོ་འདི་རུ་ཡང་ནས་ཡང་དུ་བྱུང་བཞིན་ཡོད། གཙོད་དང་རི་སྤྱང་གིས་རིགས་རྒྱུད་སྤེལ་ཕྱིར་ཧུར་ཐག་བྱེད་བཞིན་ཡོད། བསོད་ནམས་དར་རྒྱས་དང་ནོར་བུ་གཡུ་རྒྱན། སྐལ་བཟང་ལྷུན་གྲུབ་སོགས་ཀྱི་མི་རབས་ནས་མི་རབས་བར་གྱི་སྲུང་སྐྱོང་པས་ངོ་མཚར་ལྡན་པའི་ས་གཞི་འདིའི་སྟེང་རང་ཉིད་བློས་གཏོང་བས། འཁོར་བསྐྱོད་དེ་མུ་མཐུད་དུ་རྒྱུན་སྲིང་ཐུབ་པ་ང་ཚོས་ཡིད་ཆེས་བྱས་ཆོག་ཆོག་ཡིན། །

ཟླ6པའི་ཚེས13ཉིན། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རི་སྐྱེས་སྲོག་ཆགས་ཆེད་མཁས་དོ་དམ་སྲུང་སྐྱོང་ལས་དོན་མི་སྣ་གཉིས་ཀྱིས་ཤི་ཟིན་པའི་འབྲོང་ཞིག་ལ་ལྟ་བཞིན་པ།

ཟླ5པའི་ཚེས10ཉིན། རི་སྐྱེས་སྲོག་ཆགས་ཆེད་མཁས་དོ་དམ་སྲུང་སྐྱོང་ལས་དོན་མི་སྣ་ཚོ་སྒེར་ས་རུ་ཡོད་པའི་ཚུལ།

ཟླ6པའི་ཚེས15ཉིན། རི་སྐྱེས་སྲོག་ཆགས་ཆེད་མཁས་དོ་དམ་སྲུང་སྐྱོང་ལས་དོན་མི་སྣ་སྐལ་བཟང་ལྷུན་གྲུབ་ཀྱིས་གད་སྙིགས་འཐུ་བཞིན་པ།

ཟླ6པའི་ཚེས14ཉིན། རི་སྤྱང་ཞིག་གིས་མངལ་སྦྲུམ་པའི་གཙོད་བདའ་བཞིན་པ།

ཟླ6པའི་ཚེས13ཉིན། སྐལ་བཟང་ལྷུན་གྲུབ་དང་ལས་གྲོགས་ཚོས་གུར་ཕུབ་བཞིན་པ། 

ཟླ6པའི་ཚེས15ཉིན། རླངས་འཁོར་བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཆུ་བརྒལ་བཞིན་པ།

ཟླ6པའི་ཚེས15ཉིན། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རི་སྐྱེས་སྲོག་ཆགས་ཆེད་མཁས་དོ་དམ་སྲུང་སྐྱོང་ལས་དོན་མི་སྣ་གཉིས་ཀྱིས་ཆུའི་གནས་ཚུལ་ལ་བརྟག་བཞིན་པ།

ཟླ6པའི་ཚེས15ཉིན། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རི་སྐྱེས་སྲོག་ཆགས་ཆེད་མཁས་དོ་དམ་སྲུང་སྐྱོང་ལས་དོན་མི་སྣ་གཉིས་ཀྱིས་ཆུའི་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།

ཟླ6པའི་ཚེས13ཉིན། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རི་སྐྱེས་སྲོག་ཆགས་ཆེད་མཁས་དོ་དམ་སྲུང་སྐྱོང་ལས་དོན་མི་སྣ་གཉིས་ཀྱིས་དངོས་ཟོག་ལེན་བཞིན་པ།

ཟླ6པའི་ཚེས15ཉིན། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རི་སྐྱེས་སྲོག་ཆགས་ཆེད་མཁས་དོ་དམ་སྲུང་སྐྱོང་ལས་དོན་མི་སྣས་ལས་གྲོགས་དང་འབྲེལ་གཏུག་བྱེད་བཞིན་པ།

ཟླ6པའི་ཚེས15ཉིན། སྐལ་བཟང་ལྷུན་གྲུབ་ཀྱིས་གསར་འགོད་པར་ནོར་བུ་གཡུ་རྒྱན་གྱི་པར་སྟོན་བཞིན་པ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号