【གཏམ་བཟང】ཀན་ལྷོའི་སངས་རྒྱས་དོན་གྲུབ་ཀྱིས་ཟིན་ཐོ་གསར་བ་བཏོད་འདུག

ཉེ་ལམ་སྤེལ་བའི་ཝུའུ་ཞིའི་མཱ་ལ་སུང་རྒྱང་རྒྱུག་འགྲན་སྡུར་དང་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མ་ལ་སུང་རྒྱང་རྒྱུག་བསལ་འདེམས་འགྲན་སྡུར་ཁྲོད་ཀན་ལྷོའི་ལུས་རྩལ་བ་སངས་རྒྱས་དོན་གྲུབ་ཀྱིས་ཆུ་ཚོད2:09:29ཡི་རྩལ་འབྲས་ཀྱིས་གཟེངས་རྟགས་འགྲན་སྡུར་གྱི་ཨང་གསུམ་པ་བླངས་ཤིང་། སྐར་འབྲས་འདི་ནི་ཀྲུང་གོའི་ལོ་རྒྱུས་ཀྱི་ཨང་བཅུ་པར་སླེབས་ཡོད། 

ཐེངས་འདིར། སངས་རྒྱས་དོན་གྲུབ་ཀྱི་དམིགས་ཡུལ་ནི་ཆུ་ཚོད་2:08:10ཡི་ཨོ་རྩལ་འགྲན་ཚོགས་ཀྱི་དམིགས་ཚད་ལ་བསླེབ་རྒྱུ་དེ་ཡིན་པས་ཁོ་རང་ཉིད་ཐེངས་འདིའི་སྐར་འབྲས་ལ་དེ་འདྲའི་ཡིད་ཚིམས་མེད། 

འོན་ཀྱང་སངས་རྒྱས་དོན་གྲུབ་ཀྱི་གྲུབ་འབྲས་འདི་ནི་སྔར་བཞིན་ངར་སེམས་དང་སྤྲོ་སེམས་སྐྱེས་འོས་པ་ཞིག་ཏེ།  རྒྱུ་མཚན་ཆུ་ཚོད2དང་སྐར་མ9སྐར་ཆ29ཡིས་ཁོ་རང་གི་མི་སྒེར་གྱིPB(ཆེས་ལེགས་པའི་སྐར་འབྲས)ལ་ཐོད་བརྒལ་གསར་བ་བྱུང་བ་མ་ཟད། ཉེ་བའི་ལོ་བཅུའི་རིང་ཀན་སུའུ་འགྲན་ཞུགས་པས་ཆེས་ཐོག་མར“210”ཡི་འགག་ཆེན་ལས་བརྒལ་བའི་རླབས་ཆེའི་བྱ་བ་ཞིག་ཀྱང་རེད།

སངས་རྒྱས་དོན་གྲུབ་ཀྱིས་ལོ་གཅིག་གི་དུས་ཚོད་ནང“215”ནས“210”ཡི་འགག་ཆེན་བརྒལ་ཐུབ་སོང་བས། ཁོའི་ལུས་སྟེང་ན་མངོན་པ་ནི་རྒྱུན་འཁྱོངས་དང་དཀའ་སྤྱད་སྙིང་རུས། ཐོད་བརྒལ་བཅས་ཡིན།

ཐོད་བརྒལ་གླེང་ཚེ། ཁོརང་ཉིད་ལས་མ་བརྒལ་ཚེ་ཁྱེད་ལ་ནམ་ཡང་གྲུབ་འབྲས་ཐོབ་མི་སྲིད་ཅིང་མདུན་སྐྱོད་ཀྱང་བྱེད་མི་ཐུབ་ཟེར།

ཡིད་ཕམ་ལ་གདོང་གཏད་སྐབས། ཁོས་བསམ་འདུན་ལྟར་མ་འགྲུབ་ཀྱང་འདི་ཡང་རང་ཉིད་ཀྱི་རྒྱུགས་ལན་ཡག་ཤོས་དེ་ཡིན་པ་མ་ཟད། འབྱུང་འགྱུར་ཇེ་ལེགས་སུ་གཏོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཀྱང་རེད་ཟེར།

གཟི་བརྗིད་ཀྱི་མདུན་དུ། ཁོས་དེ་ནི་ངའི་མཐོ་གནས་མ་ཡིན་པར་ངའི་མགོ་རྩོམ་ས་ཡིན་ཟེར།

འབྱུང་འགྱུར་གྱི་མདུན་དུ་ཁོས་ཡིད་ཆེས་ཀྱིས་མ་འོངས་པའི་གོམ་པ་རེ་རེ་ཇེ་ལེགས་ཇེ་ངར་དུ་གཏོང་རྒྱུ་ཟེར།

ཐོད་བརྒལ་རེ་རེ་དང་གྲུབ་འབྲས་རེ་རེའི་ཁྲོད་དུ་

སངས་རྒྱས་དོན་གྲུབ་ཀྱི་

ལོ་ཐོག་ཟླ་བརྩེགས་ཀྱི་བརྩོན་པའི་རྔུལ་ཆུ་སིམ་ཡོད།

ང་ཚོ་ཁོའི་མ་འོངས་པའི་བཞུད་ལམ་འོད་སྣང་གིས་ཁེངས་པར་ཡིད་ཆེས་ཡོད།

ང་ཚོས་མཉམ་དུ་ཁོ་ལ་སྨོན་འདུན་ཞུ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号