དངུལ་བཙོ་བཅོ་བརྒྱད་སྦྱོར་ཚད་ངེས་གྲངས་དངོས་དང་ཕན་ནུས་སྐོར།

དངུལ་བཙོ་བཅོ་བརྒྱད། 

བཙོ་ཐལ་ཞོ་གསུམ།  སེང་ལྡེང་ཁཎྜ་སྲང་གང་།  ཅུ་གང་སྲང་གང་ཞོ་དོ།  གུར་གུམ་སྲང་གང་།  ལི་ཤི་ཞོ་བཞི།  ཛཱ་ཏི་ཞོ་གསུམ།  སུག་སྨེལ་ཞོ་བཞི།  ཀོ་ལ་ཞོ་གསུམ།  སྤོས་དཀར་སྲང་གང་།  ཐལ་རྡོར་སྲང་གང་།  སོ་ར་སྲང་གང་།  གུལ་ནག་སྲང་གང་།  ཨ་རུ་སྲང་དོ་ཞོ་ལྔ།  རུ་རྟ་སྲང་གང་།  ཤུ་དག་སྲང་གང་ཞོ་དོ།  སྨན་ཆེན་སྲང་གང་།  གླ་རྩི་སྐར་ཕྱེད་གཉིས།(ཚ་ན་གི་ཝང་གྲང་ན་པི་པི་ལིང)བཅས་གཙང་བཟོས་ཞིབ་བཏགས་ཕྱེ་རིལ་གང་རུང་བཟོ་རྒྱུ།

ཕན་ནུས། 

དངུལ་བཙོ་བཅོ་བརྒྱད་བཟི་འབྲིང་ཅུང་ཟད་བསིལ།  ཁྲག་ངན་ཆུ་སེར་རྒྱས་དང་མཛེ་ནད་ཀྱིས།  གཟི་མདངས་ཉམས་ཤིང་པགས་པ་རྩུབ་ལ་ཚ།  ཐོར་དམར་ལེབ་མོར་དོན་ལ་གཡོ་ཞིང་སྐྲངས།  སྐྲ་དང་སྨིན་མ་བྱི་ཞིང་མགོ་བོ་ན།  སྐད་འགག་སྣ་སུབ་དང་ནི་མིག་རྩ་དམར།  ཡན་ལག་མཛུབ་མོ་འཁུམས་ཤིང་སྐམ་པ་དང་།  སུར་ཡའི་ནད་དང་རྨ་འབྲས་ཆུ་སེར་འཛགས།  ཆུ་སེར་གཉན་དང་བསྡོངས་པའི་ན་ཟུག་འཇོམས།  ཁྱད་པར་མཛེ་ནད་ཆུ་སེར་རྩད་ནས་འབྱིན།  གཞན་ཡང་ཚིགས་བཞི་སྐྲངས་སོགས་གྲུམ་བུའི་ནད།  རྐང་མཐིལ་མཐེ་བོང་ན་བ་དྲེག་གི་ནད།  གླང་ཤུ་ཤ་ཁྲ་ཤུ་ཐོར་པགས་ནད་སོགས།  ཁྲག་ངན་ཆུ་སེར་ནད་རིགས་སྤྱི་ལ་ཕན།  ཐུན་ཚད་ན་ཚོད་ལུས་སྟོབས་བཟི་སོགས་སྦྱོར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号