ཟ་མ་ཇི་ལྟར་ཟོས་ན་བྱིས་པའི་གཟུགས་སྐྱེ་བ་ལ་ཕན་ནམ།
01.སྤུས་ལེགས་སྤྲི་དཀར་མེད་མི་རུང་།
སྲོག་ཆགས་ཀྱི་ལུས་ནས་ཐོན་པའི་བཟའ་བཅའི་རིགས་དང་སྲན་ཆེན། དེ་དག་གིས་བཟོས་པའི་བཟའ་བཅའི་ཁྲོད་ཀྱི་སྤྲི་དཀར་རྒྱུ་ནི་མིའི་ལུས་པོས་བསྡུ་ལེན་བྱེད་སླ་བར་མ་ཟད། འཚོ་བཅུད་རིན་ཐང་ཡང་གཞན་ལས་མཐོ་བས་དེ་དག་ལ་སྤུས་ལེགས་སྤྲི་དཀར་ཟེར། དེ་བས་བྱིས་པ་དང་ན་གཞོན་ཚོས་སྤྲི་དཀར་རྒྱུ་ཁ་གསབ་བྱ་དགོས་ཚེ་ཉ་ཤ་དང་། བྱ་ཤ སྒོ་ང་། ཤ་གནག འོ་མ་དང་འོ་བཟོས་བཟའ་བཅའ། སྲན་ཆེན་གྱིས་བཟོས་པའི་བཟའ་བཅའ་སྟེ་སྲན་ཐུད་དང་སྲན་ཤུན་སོགས་སྔོན་ལ་གདམ་འོས།
02.ཀལ་འདུས་ཚད་མང་བ་བྱ་རྒྱུ་ཧ་ཅང་གལ་ཆེ།
ང་ཚོའི་ཉིན་རྒྱུན་གྱི་བཟའ་བཏུང་ཁྲོད་ཀལ་གྱི་འབྱུང་ཁུངས་གཙོ་བོ་ནི་འོ་མ་དང་འོ་བཟོས་བཟའ་བཅའ། སྲན་བཟོས་བཟའ་བཅའ། མདོག་སྟུག་པའི་སྔོ་ཚལ་སོགས་ཡིན་ལ། དེ་དག་ལས་འོ་མ་དང་འོ་བཟོས་བཟའ་བཅའི་ཁྲོད་དུ་ཀལ་འདུས་ཚད་ཧ་ཅང་ཕུན་སུམ་ཚོགས་པར་མ་ཟད། མི་ལུས་ཀྱིས་བསྡུ་ལེན་དང་བེད་སྤྱོད་ཀྱང་བྱེད་སླ་བ་ཡིན། བྱིས་པ་དང་ན་གཞོན་ཚོས་ཀལ་ཁ་གསབ་བྱེད་པ་ལ་བཟའ་བཅའ་གཙོ་བོར་འཛིན་དགོས་ཤིང་། འོ་མ་དང་འོ་བཟོས་བཟའ་བཅའ་ནི་ཐོག་མའི་གདམ་བྱ་ཡིན། ཉིན་རེར་ཞོ་དང་འོ་མ་ཧའོ་ཧྲིང300ཡན་འཐུང་བ་དང་། ཆུར་བ་ཁེ30རེ་ཟ་བ། དུས་མཚུངས་སུ་སྲན་ཐུད་དང་སྲན་ཤུན་སོགས་སྲན་ཆེན་གྱིས་བཟོས་པའི་བཟའ་བཅའ་ཡང་མང་ཙམ་བཟའ་འོས།
03.འཚོ་རྒྱུDཡང་མཁོ་གལ་ཆེ།
མིའི་ལུས་པོའི་འཚོ་རྒྱུDཡི10%ཙམ་བཟའ་བཅའ་ལས་ལེན་བཞིན་ཡོད་པ་ཕུད། གཞན་པའི90%ནི་སྐྱི་ལྤགས་ཐོག་ཏུ་སྨུག་ཕྱིའི་འོད་ཕོག་རྗེས་རང་འགུལ་ངང་འདྲེས་སྦྱོར་བྱེད་པ་ཡིན། གལ་ཏེ་བྱིས་པ་ཕྱི་རོལ་ནས་འགུལ་སྐྱོད་བྱེད་པའི་དུས་ཚོད་འདང་ངེས་མེད་པ་དང་ཉི་འོད་ཕོག་ཚད་ཅུང་ཉུང་སྐབས། སྔར་བཞིན་བཟའ་བཅའ་ལ་བརྟེན་ནས་འཚོ་རྒྱུDཁ་གསབ་བྱ་དགོས། བཟའ་བཅའི་ཁྲོད་ཀྱི་འཚོ་རྒྱུDནི་གཙོ་བོ་རྒྱ་མཚོའི་ནང་གི་ཉ་རིགས་དང་སྲོག་ཆགས་ཀྱི་མཆིན་པ། སྒོང་སྤྲི་སེར་པོ་སོགས་ཀྱི་ཁྲོད་ནས་ཡོང་བ་ཡིན་ལ། འདུས་ཚད་ལ་ཧ་ཅང་ཚད་ཡོད་པས། བྱིས་པ་དང་ན་གཞོན་རྣམས་ཀྱིས་བཟའ་བཅའ་འདི་དག་མང་ཙམ་ཟ་བ་ལས་གཞན། རྒྱ་མཚོའི་ནང་གི་ཉའི་སྣུམ་ཚིལ་སོགས་འཚོ་རྒྱུDཁ་གསབ་རྫས་བསྟེན་ཡང་ཆོག དེ་ནི་ཉིན་རེར་ཁེ་ཕྲན10རེ་བསྟེན་ན་འོས་ཤིང་འཚམ་ལ། ལོ7ནས8བར་གྱི་བྱིས་པ་ལ་ཉིན་རེར་ཁེ་ཕྲན45ལས་བརྒལ་མི་རུང་བ་དང་། ལོ9ནས17བར་ལ་ཁེ་ཕྲན50ལས་བརྒལ་མི་རུང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注