ཆམ་པ་ཕོག་སྐབས་རབ་བྱུང་ན་ཟས་རིགས་འདི་དག་མཆོད་རྒྱུ་མི་འདུག
ཆམ་པ་ཕོག་དུས་ནད་པའི་ནད་འགོག་ནུས་པ་ཉམས་འགྲོ་བ་དང་ཟས་འཇུ་བའི་ནུས་པ་ཞན་དུ་འགྲོ་བས་ཡག་ཤོས་བྱུང་ན་གཤམ་གྱི་བཟའ་བཏུང་འདི་དག་འཛེམ་པ་དང་དུས་མཚུངས། གནས་སྐབས་ཆང་རག་དང་ཐ་མག་གཅོད་དགོས།
1.ཚི་སྣ་མང་བའི་ཟས་རིགས།
ཆམ་པ་ཕོག་དུས་མིའི་ཕོ་རྒྱུའི་སྒུལ་ཤུགས་ཅུང་ཞན་པས་ནད་པས་གང་ཐུབ་ཀྱིས་ཚི་སྣ་མང་བའི་ཟས་རིགས་དཔེར་ན་ཇིན་ཚལ་དང་། ཀེའུ་ཚལ། ཐུང་ཧའོ་སོགས་འཛེམ་དགོས།
2.ཞག་ཚི་མང་བའི་ཟས་རིགས།
ཆམ་པ་ཕོག་རིང་ནད་པས་ཞག་ཚི་ཉུང་བའི་ཟས་ཟ་དགོས། ཞག་ཚི་མང་བའི་ཟས་རིགས་འཇུ་དཀའ་བས་ཕོ་རྒྱུའི་ཁུར་པོ་ལྕི་རུ་འགྲོ་སྲིད།
3.ཁ་ཚ་བའི་ཟས་རིགས།
ཆམ་པ་ཕོག་དུས་ཁ་ཚ་བའི་ཟས་རིགས་ཟ་མི་རུང་། གལ་ཏེ་ཁ་ཚའི་རིགས་བཟས་ཚེ་ཕོ་རྒྱུའི་བྱེད་ནུས་ཉམས་པ་དང་ད་དུང་ཆམ་པ་ལྕི་རུ་འགྲོ་བའམ་ཡང་ན་མིད་པ་མི་བདེ་བ་ཡོང་སྲིད།
4.ཇ་གར་པོ་དང་ཀོག་ཧྥེ་གར་པོ།
ཇ་གར་པོ་དང་ཀོག་ཧྥེ་གར་པོས་ཕོ་རྒྱུ་མི་བདེ་བ་ཆགས་པ་དང་། ད་དུང་ཇ་གར་པོའི་ནང་གི་རོའུ་སྐྱུར་གྱིས་སྨན་ནུས་ཉམས་སྲིད། དེར་བརྟེན། ཆམ་པ་ཕོག་ནས་ཚ་བ་རྒྱས་སྐབས་ཆུ་དྲོད་འཇམ་མང་ཙམ་འཐུང་དགོས།
5.ཐ་མག་དང་ཆང་རག
ཐ་མག་འཐེན་ན་དབུགས་ལམ་ལ་གནོད་ཆེ་བས་མིད་པ་ན་བ་དང་གློ་ལུ་བ་སོགས་མི་བདེ་བའི་སྣང་ཚུལ་ཐོན་སྲིད། ཆང་རག་གིས་གྲེ་བའི་འབྱར་སྐྱིར་གནོད་ནས་མིད་པ་ཇེ་སྡུག་ཏུ་འགྲོ་སྲིད། ཆང་རག་བཏུངས་ན་ད་དུང་སྨན་ལོག་རྒྱག་པའི་ཉེན་ཁ་ཡང་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注