གསེར་གྱི་མགུལ་རྒྱན།

རྨ་ཨ་ཀྲོང་དཀར་པོ།


དུས་རབས་གསར་བའི་མི་ཚོགས་མང་པོའི་དབུས། །

རང་ལུས་རྩལ་གྱིས་འཛམ་གླིང་གོ་ལ་འགུལ། །

མི་རིགས་མང་པོའི་དགའ་བའི་ཐལ་སྒྲ་སྒྲོགས། །

གཡུ་འབྲུག་སྐད་སྙན་ལྡིར་སྒྲའི་ངོ་མཚར་ཆེ། །


མཐོ་སྒང་བུ་མོའི་སྐད་གྲགས་མཛངས་མའི་མཆོག །

སྔོན་ལས་རྐང་མགྱོགས་འགྲུབ་པའི་ཆོས་དབྱིངས་སྐྱིད། །

ཨོ་རྩལ་གསེར་གྱི་རྟགས་མའི་མཚན་སྙན་ལ། །

སོར་བཅུའི་ཐལ་མོ་ས་ཡ་དྲུག་གིས་རྡེབ། །


གྲོགས་དང་གཉེན་ཉེ་དགའ་བའི་གཏམ་སྙན་ཞིག །

རྒྱང་རིང་ཡུལ་ནས་བརྙན་དང་མགྱོགས་འཕྲིན་ནས། །

ཨོ་རྩལ་གསེར་གྱི་རྟགས་མ་བླངས་བ་བསྒྲགས། །

གངས་ལྗོངས་མི་དམངས་ཡོངས་ལ་སྤྲོ་སེམས་རྒྱས། །


རིན་ཆེན་གསེར་གྱི་མགུལ་རྒྱན་འོད་པོ་ཆེ། །

རྩལ་འཛོམས་མཛངས་མ་ཆོས་དབྱིངས་སྐྱིད་ལ་ཐོབ། །

སྒང་བ་བོད་པའི་སྙིང་སྟོབས་སྤོབས་པ་མཚོན། །

ཚེ་ཐག་རིང་བའི་བུ་མོ་ལྷ་ཡིས་སྐྱོབས། །


རྒྱབ་རི་གངས་དཀར་ལྷུན་པོ་མཐོ་ཞིང་བརྗིད། །

མདུན་བསྐྱོད་ཁྲི་ཤོར་རྒྱལ་མོའི་རླབས་རྒྱུན་རིང་། །

སྙན་གྲགས་བ་དན་དཀར་པོ་ཕྱོགས་བཅུར་འཕྲོ། །

སྙན་ངག་སྲོལ་རྒྱུན་བཅད་མའི་གཏང་རག་འབུལ། །


གངས་ལྗོངས་ལུས་རྩལ་སྦྱོང་བའི་གཞོན་སྐྱེས་ཚོར། །

མ་འོངས་ལམ་འདིར་ཞུགས་པའི་སྤོབས་པ་བསྩལ། །

འཛམ་གླིང་ལས་རྩལ་འགྲན་སྡུར་གང་སྤེལ་ན། །

དེ་རུ་ཞུགས་མཁན་ཁྱེད་འདྲ་ཡོད་པར་སྨོན། །


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号