སྟོན་གྱི་རྣམ་ཤེས།
ཀླུ་མགོན་རྒྱལ། 2020.10.24ཉིན་བྲིས།
སྟོན་ཁ་སླེབས་འདུག སྡོང་ལོའང་ཕང་མེད་ངང་གང་སར་ཟགས་འདུག ད་དུང་རླུང་བུ་བསིལ་མོ་ཞིག་གིས་ངའི་ངོ་ལ་བྱིལ་བྱིལ་བྱེད་ཞོར་ལྭ་བ་དྲོན་པོ་གྱོན་རོགས། སྟོན་ཁ་སླེབས་འདུག་ཟེར། དེ་དུས་ངས་གཞི་ནས་སྟོན་ཁ་སླེབས་འདུག་པ་ཚོར་ལ་ས་གཞིའི་པང་བ་རུ་སྟོན་ཁ་དང་ཐེངས་ཉེར་དྲུག་ལ་ཕྲད་འདུག་པའང་ཚོར། དེ་མིན་ང་ནི་གཞི་ནས་སྔོན་ལག་པ་དང་རྒྱབ་སོག་པ་བྱས་པའི་ཅང་མེད་ལག་སྟོང་ཞིག་ཡིན་པ་ཚོར།
ང་ནི་གང་སར་འཁྱམས་པའི་མི་ལྡོམ་པོ་ཞིག་ཡིན་ལ། རྣམ་ཤེས་ཀྱང་དེ་བཞིན་གང་སར་འཐིམ་པའི་དྲན་མེད་ཚོར་མེད་ཀྱི་བླུན་པོ་ཞིག་ཡིན། ང་ལ་དུག་གསུམ་གྱི་ན་ཚ་དྲག་ཏུ་རྒོད་པར་མ་ཟད་ཧམ་སེམས་ཀྱི་མཚོ་མོ་དྲག་ཏུ་བསྐྱོམས་མཁན་ཞིག་ཡིན། དེ་བས་ངས་རང་ཉིད་ལ་ནད་པ་ཞེས་འབོད་བཞིན་ཡོད་ལ་དབུལ་བོ་ཞེས་གླེང་བཞིན་ཡང་ཡོད། དེ་རིང་སྟོན་རླུང་གིས་སད་དུ་བཅུག་ནས་སྟོན་ལོ་ཞིག་གདོང་བར་ཟགས་དུས། མི་ཡུལ་ལུང་བ་འདིར་འོང་དོན་དང་འཇིག་རྟེན་འཁོར་བ་འདིར་འཚོ་དོན་གང་ཡིན་ཞེས་རང་གིས་རང་ལ་དོགས་འདྲི་ཐེངས་གཅིག་བྱེད་དགོས་བྱུང་། ཁྱོད་གང་ཞིག་ལ་བརྩོན་བཞིན་ཡོད། ཁྱོད་གང་ཞིག་ལ་སྨོན་བཞིན་ཡོད། ཁྱོད་ལ་ཐོབ་སོང་བ་གང་ཡོད། ཁྱོད་ཀྱིས་རྙེད་ཟིན་པ་གང་ཡོད། ཁྱོད་ཀྱི་མ་འོངས་པའི་ཐོབ་བྱ་གང་ཡིན་ཞེས་འདྲི་དུས་རང་ནི་རང་ལ་ངོ་གནོངས་ནས་དོན་མཐུན་གྱི་ལན་ཞིག་མ་རྙེད་ལ་འོས་འཚམས་ཀྱི་ཕྱོགས་ཤིག་ཀྱང་སྟོན་མ་ཐུབ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注