ལྷུག་རྩོམ་དེབ་གསར། «སྲིད་པའི་རྩེ་འཛིན»

ཉེ་ལམ། ཁྱུང་ཐར་རྒྱལ་ལམ་ཀླུ་ཚང་སྨྱུག་རྩེན་གྱི་ལྷུག་རྩོམ་དེབ«སྲིད་པའི་རྩེ་འཛིན»ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

«སྲིད་པའི་རྩེ་འཛིན»ཞེས་པའི་དེབ་འདི་ནི་ཁྱུང་ཐར་རྒྱལ་ལམ་ཀླུ་ཚང་སྨྱུག་རྩེན་གྱི་སྒེར་དེབ་བཅུ་བའམ། ལྷུག་རྩོམ་དེབ་ཐོག་མ་དེ་ཡིན། དེབ་འདིའི་ནང་དུ་ལྷུག་རྩོམ་ཁག་ཉེར་བརྒྱད་བསྡུས་ཡོད། རྩོམ་ཡིག་འདི་དག་ལ་འཚོ་བ་དངོས་ཀྱི་ཉམས་འགྱུར་ཕུན་སུམ་ཚོགས་ཤིང་། བརྡ་སྤྲོད་དང་ཚིག་རྒྱན། ཡིད་སྤྲོས་ཀྱི་རྣམ་པར་རང་གི་ཐུན་མ་ཡིན་པའི་ཁྱད་ཆོས་ཤིག་མངོན་པར་གསལ་ཡོད། བོད་ཀྱི་རྩོམ་རིགས་ལ་དུང་ཞིན་ཟབ་པའི་ཀློག་མཁན་སྤྱི་དང་། སྒོས་སུ་སློབ་གྲྭ་ཆུང་འབྲིང་དང་། མཐོ་འབྲིང་སློབ་མར་མཚོན་ན་རྩོམ་ཡིག་འབྲི་སྦྱོང་བྱེད་པར་མཁོ་བའི་གྲོགས་པོ་ཆེས་བཟང་པོ་ཞིག་ཡིན་པར་གདོན་མི་ཟ་ཞེས་གོ་བར་བྱ་བའི་ཡུལ་བརྡ་ཙམ་བཏང་བ་ཡིན། སྲིད་པའི་རྩེ་འཛིན་ནི་རླུང་གིས་ཁུར་བའི་ཤོག་དྲིལ་ཅིག་ཡིན། སྲིད་པའི་རྩེ་འཛིན་ནི་རི་རྩེའི་དར་ལྕོག་ཞིག་སྟེ། ལོ་རྒྱུས་ཀྱི་ཡིག་ཚངས་ཤིག་དང་འདྲ་བར་སྣང་ཡང་། མི་འདྲ་ས་ནི་སྲིད་པའི་རྩེ་འཛིན་གྱིས་སེམས་ཀྱི་གསང་བ་མ་ལུས་ཕྱི་རུ་བསྔོགས་ཡོད། སྲིད་པའི་རྩེ་འཛིན་ན་གསེར་བཙག་རྒྱུ་མེད་མོད། འཐུ་ཤེས་ན་ཐང་གི་རྡོ་ཚང་མ་གསེར་ཡིན། །


རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

ཁྱུང་ཐར་རྒྱལ་ནི༡༩༦༨ལོར་མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་དུ་སྐྱེས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་ལ། ལས་འཁྱུར་ངལ་གསོ་བྱེད་རག་བར་རྩེ་ཁོག་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས་བྱ་བ་བསྒྲུབ། བརྩམས་ཆོས་གཙོ་བོར་སྙན་དེབ«ཁ་བ་དཀར་པོ»དང«སེམས་ཀྱི་གྲོང་ཁྱེར» «བརྩེ་བ་ཀོ་ཤུན་མ» «ཕ་ཡུལ་གཙང་པོ» «དཔྱིད་ཀྱི་ཆར་དཀར»བཅས་དང་ལྷུག་རྩོམ་དེབ«སྲིད་པའི་རྩེ་འཛིན» རིག་གཞུང་དཔྱད་རྩོམ«བོད་ཀྱི་ལྷ་སྒྲུང་སྐོར་གླེང་བ»དང་འབོལ་རྩོམ«མེ་ལོང་ནང་གི་སྐད་ཆ»སོགས་དང་། བསྒྱུར་དེབ«ཀི་ཏིའི་སྙན་ངག་གཅེས་བཏུས»དང་། ཆེད་སྒྲིག་འོད་སྡེར«ཕ་ཡུལ་གྱི་གཏམ་རྒྱུད»དང«བཀྲ་ཤིས་པའི་རྩེ་གཞུང»སོགས་ཡོད་ལ། «པོ་ཏ་ལ»དང«ཟླ་བ་སྒྲོལ་མ»སོགས་གླུ་ཚིག་གི་སྐོར་དང་དལ་འབབ་ཀྱི་རྩེ་ཆུ་རིང་མོ་སོགས་པར་རིས་བརྩམས་ཆོས་ཀྱང་མང་ཙམ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号