«སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་དཀར་ཆག»

ཉེ་ཆར། «སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་དཀར་ཆག»ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

«སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི»དཀར་ཆག་ཡིད་བཞིན་ནོར་བུའི་དོ་ཤལ་ཞེས་བྱ་བ་འཆད་པ་ལ་བཀྲ་ཤིས་རྟགས་བརྒྱད་གྲངས་དང་མཚུངས་པའི་སྒོ་ནས་སྡེ་ཚན་བརྒྱད་བསྟན་ཏེ། སྡེ་ཚན་དང་པོ། སྟོན་པ་གཤེན་རབ་ཀྱིས་གསུངས་པའི་མདོ་སྔགས་རྫོགས་གསུམ་གྱི་གསུང་རབ་བྱུང་ཚུལ་མདོ་ཙམ་གླེང་བ། སྡེ་ཚན་གཉིས་པ། རྒྱལ་བའི་བཀའ་དང་བཀའ་བརྟེན་གྱི་རྣམ་བཞག་མདོ་ཙམ་བསྟན་པ། སྡེ་ཚན་གསུམ་པ། རྒྱལ་བའི་བཀའ་རིན་པོ་ཆེ་བཀའ་མ་དང་། སྙན་རྒྱུད། གཏེར་མའི་སྐོར་བསྟན་པ། སྡེ་ཚན་བཞི་པ། རྒྱལ་བའི་བཀའ་འགྱུར་གླེགས་བམ་དང་། བྲིས་མ། པར་མ། རྡོ་རྐོས། སྒྲ་སྒམ་བཅས་བྱུང་བ་བསྟན་པ།

སྡེ་ཚན་ལྔ་པ། རྒྱལ་བའི་བཀའ་འགྱུར་གྱི་དཀར་ཆག་བྱུང་རིམ་སྐོར་བསྟན་པ། སྡེ་ཚན་དྲུག་པ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས«སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ»༼པོད༡-༡༠༨༽ཀྱི་དཀར་ཆག་རྒྱས་པར་བསྟན་པ། སྡེ་ཚན་བདུན་པ། རྒྱལ་བའི་གསུང་རབ་དག་བཞེངས་བྱས་པའི་དགེ་བའི་ཕན་ཡོན་སྐོར་བཤད་པ། སྡེ་ཚན་བརྒྱད་པ། རྒྱལ་བའི་བཀའ་རིན་པོ་ཆེ་དཔར་སྐྲུན་ཞུས་པའི་དགེ་བ་འགྲོ་བ་ཡོངས་ལ་བསྔོ་སྨོན་སྐོར་བསྟན་པའོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号