སློབ་གསོ་པུའུ་སོགས་སྡེ་ཁག17གྱིས་མཉམ་འབྲེལ་སྒོས《ཁྱིམ་ཚང་དང་སློབ་གྲྭ་དང་སྤྱི་ཚོགས་བཅས་ཀྱིས་མི་སྣ་གསོ་སྐྱོང་ལ་གཞོགས་འདེགས་བྱེད་པའི“སློབ་གསོ་མཉམ་འབྲེལ་སྒྲིག་གཞིའི”བྱ་བའི་ཇུས་གཞི》འགྲེམ་སྤེལ་བྱས་པ།

 ཉེ་ཆར། སློབ་གསོ་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་། ཚན་རིག་ལག་རྩལ་པུའུ། སྤྱི་བདེ་པུའུ། དམངས་སྲིད་པུའུ། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུསའུ། རྒྱལ་ཁབ་རིག་དངོས་ཅུའུ། རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་མི་རབས་རྗེས་མར་དོ་ཁུར་བྱེད་པའི་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་སོགས་སྡེ་ཁག17གྱིས་མཉམ་འབྲེལ་སྒོས《ཁྱིམ་ཚང་དང་སློབ་གྲྭ་དང་སྤྱི་ཚོགས་བཅས་ཀྱིས་མི་སྣ་གསོ་སྐྱོང་ལ་གཞོགས་འདེགས་བྱེད་པའི“སློབ་གསོ་མཉམ་འབྲེལ་སྒྲིག་གཞིའི”བྱ་བའི་ཇུས་གཞི》འགྲེམ་སྤེལ་བྱས།

སློབ་གསོ་པུའུ་རྨང་གཞིའི་སློབ་གསོ་སིའི་འགན་འཁུར་བས“མིག་སྔར་སློབ་གྲྭ་ཆུང་འབྲིང་གི་སློབ་མའི‘མིག་ཤེལ་ཆུང་ངུ’དང‘ཚོ་ཕྲུག’། སྒལ་གཞུང་འཁྱོག་པོ། སེམས་ཁམས་བདེ་ཐང་བཅས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་ཡིན་པས། སློབ་གྲྭའི་ཁྱིམ་ཚང་དང་སྤྱི་ཚོགས་མཉམ་དུ་སྐྱོད་པ་དང་མཉམ་དུ་ནུས་པ་བཏོན་ནས་ལོ་ཆུང་བྱིས་པའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་མཐུན་རྐྱེན་བཟང་པོ་བསྐྲུན་དགོས”།ཁྱིམ་ཚང་དང་སློབ་གྲྭ་དང་སྤྱི་ཚོགས་བཅས་ཀྱིས་མཉམ་དུ་མི་སྣ་གསོ་སྐྱོང་བྱེད་པའི“སློབ་གསོའི་མཉམ་འབྲེལ”ནི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ལ་དམིགས་ཡུལ་དུ་བརྩི་བ་དང་། སློབ་གྲྭ་ལྟེ་བར་འཛིན་པ། ས་ཁོངས་གྲུབ་ཆ་གཙོ་བོར་བྱེད་པ། ཐོན་ཁུངས་འབྲེལ་ཐག་ཏུ་བྱེད་པ་བཅས་ཀྱིས་ཁྱིམ་ཚང་དང་སློབ་གྲྭ་དང་སྤྱི་ཚོགས་མཉམ་ལས་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བའི་བྱེད་སྟངས་ཤིག་ཡིན་ཞེས་ངོ་སྤྲོད་བྱས།

ཇུས་གཞིའི་ཁྲོད་ས་ཁུལ་སོ་སོས་ཕྱོགས་ཡོངས་ནས་ཁྱིམ་ཚང་དང་སློབ་གྲྭ་དང་སྤྱི་ཚོགས་གྱིས་མཐུན་སྦྱོར་ངང་མི་སྣ་གསོ་སྐྱོང་བྱེད་པའི“སློབ་གསོའི་མཉམ་འབྲེལ་སྒྲིག་གཞི”འཛུགས་པར་སྐུལ་འདེད་བཏང་སྟེ། སྲིད་གཞུང་གིས་སྤྱི་འདོམས་དང་། སྡེ་ཚན་གྱིས་གཞོགས་འདེགས། སློབ་གྲྭས་གཙོ་ཁྲིད། ཁྱིམ་ཚང་གིས་འགན་འཁྲི། སྤྱི་ཚོགས་ཞུགས་པ་བཅས་ཀྱི་མཐུན་སྦྱོར་མི་སྣ་གསོ་སྐྱོང་གི་བྱ་བའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བར་འགན་ལེན་བྱས་ནས། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཇེ་ཟབ་ཏུ་གཏོང་དགོས། 2025ལོར་བསླེབ་སྐབས་རྫོང50%རུ“སློབ་གསོའི་མཉམ་འབྲེལ་སྒྲིག་གཞི”འཛུགས་རྒྱུ་དང་། 2027ལོར་བསླེབ་སྐབས་རྫོང་ཚང་མར“སློབ་གསོའི་མཉམ་འབྲེལ་སྒྲིག་གཞི”ཕྱོགས་ཡོངས་ནས་འཛུགས་པར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཏོན་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号