ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།


    ཟླ5པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས43པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གསར་ཤོས་ཀྱི་དགོངས་དོན་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་།

    ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་དང་ཧོ་པེ་ཞིང་ཆེན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བླང་བྱ་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྒྱལ་ཁབ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཁ་གཏད་མཚོ་སྐྱོར་དང་དེ་བཞིན་ལན་གྲུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པ་འཛུགས་སྐྲུན་སོགས་ཀྱི་འཐབ་ཇུས་གོ་སྐབས་ལ་དམ་འཛིན་བྱས་ནས་ཤར་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་དང་བྱང་རྨ་ནུབ་དོག་ལམ་དང་འབྲེལ་བའི་ས་བབ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་འཇུ་ལག་གི་སེམས་ཉིད་དང་འཇུ་ལག་ནགས་ཚལ། མདོ་ལའི་ནགས་ཚལ་བཅས་ཀྱི་མཛེས་ལྗོངས་ཐོན་ཁུངས་ལུགས་མཐུན་སྒོས་གསར་སྤེལ་བེད་སྤྱོད་ཡག་པོ་བྱེད་པ་དང་། མཚོ་སྔོན་པོའི་ལེའུ་ཡག་པོར་བརྩམ་སྟེ། ཧུར་ཐག་སྒོས་མཚོ་བྱང་འདི་ཉིད་ཟི་ལིང་གྲོང་ཁྱེར་གྱི་ལྟག་རྒྱབ་ཀྱི་མེ་ཏོག་ལྡུམ་ར་ཞིག་ཏུ་གཏོད་དགོས་ལ། དམངས་འཚོ་མུ་མཐུད་ཇེ་བདེ་ཇེ་སྐྱིད་དུ་གཏོང་བ་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་པ། སྲོལ་རྒྱུན་ལག་བཟོའི་ཐོན་རྫས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལས་ཞུགས་དང་སློབ་གསོ། སྨན་བཅོས། རྒན་གསོ། སྡོད་ཁང་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོར་སྒྲུབ་དགོས་པ་ནན་གྱིས་བསྟན།    

    ཚོགས་ཐོག་ཏུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ། ཞིང་ཆེན་ཏང་ཨུའི་བྱེད་ཐབས་འགའ་ཞིག་བཅས་ལག་བསྟར་ནན་ཏན་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ངང་བཟའ་འཐུང་བྱེད་པའི་ཐད་ཀྱི“གཏན་འགོག་བཅུ”དང་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ངང་བཟའ་འཐུང་བྱེད་པའི་ཐད་ཀྱི“གཏན་འགོག་བརྒྱད”ཀྱི་བླང་བྱ་ལག་བསྟར་ནན་མོ་བྱེད་དགོས་པ་དང་། ལས་གཞི་བཟོ་སྐྲུན་དང་དམངས་འཚོ་འགན་ལེན། ལས་བྱེད་པའི་སྤྱོད་ཚུལ་སོགས་ཁྱབ་ཁོངས་གཙོ་བོར་དམ་པོར་དམིགས་ནས་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་གཞི་སྒྱུར་རྩ་སྒྱུར་རྒྱུན་འཁྱོངས་བྱས་ཏེ་རྒྱུན་ཆད་མེད་པར“སྤྱོད་ཚུལ་བཞི”བཅོས་སྒྱུར་བྱས་ནས་དར་སྲོལ་གསར་པ་གཏོད་དགོས། དཔེ་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དམིགས་བཅོས་སྐྱོང་ཏན་ཏིག་སྤེལ་ཏེ། ཏང་རྩ་འཛུགས་རིམ་པ་སོ་སོ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་གྱིས་བཟའ་འཐུང་བྱེད་པའི་ཐད་ཀྱི་གནད་དོན་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། “ཕྱོགས་གཅིག་ལ་ཆད་པ་བཅད་ན། ཕྱོགས་ཡོངས་ལ་ཉེན་བརྡ་གཏོང་བ་དང་ཕྱོགས་ཀུན་ལ་སློབ་གསོ་གཏོང་བ”བཅས་བྱེད་ཐུབ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་བརྩི་སྲུང་ནན་མོ་བྱེད་པའི་ཆུ་རགས་མཐའ་གཅིག་ཏུ་བསྐྲུན་ནས་ནང་སྙིང་ནན་མོ་དང་བྱེད་ཐབས་ནན་མོ། རྣམ་པ་ནན་མོ་བཅས་མཚོ་བྱང་དུ་ཡུན་རིང་རྒྱུན་འཁྱོངས་དང་ཕན་འབྲས་དངོས་ཐོན་དགོས་པ་ནན་གྱིས་བསྟན།

    ཚོགས་ཐོག་ཏུ་ཚད་གཞི་དང་རེའུ་མིག་ལྟར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མཚོ་ལྷོ་ཁུལ་དུ་ཡུལ་དངོས་སུ་བརྟག་ཞིབ་བྱས་ནས་གཞུང་དོན་སྒྲུབ་སྐབས་ཀྱི་མཛུབ་སྟོན་བླང་བྱ་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མཚོ་སྐོར་བྱང་ངོས་ཀྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ས་ཚིགས6གི་འཆར་འགོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ་དང་། རོང་འབྲོག་པའི་སྤྲོ་སྐྱིད་ཁང་དང་སྦྲ་གུར་སྒར་འདེབས་སོགས་ལས་རིགས་ཚད་ལྡན་དུ་གཏོང་བ། ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལས་སྒྲུབ་ཁང་ཆེ་གྲས་སོ་སོ་དང་མཉམ་ལས་དམ་ཟབ་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ནས་ཡུལ་སྐོར་བ་དེ་བས་མང་བ་མཚོ་བྱང་དུ་ཡུལ་སྐོར་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་ཆུ་མཚེའུ་དཔོན་ལམ་ལུགས་ཀྱི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དང་ཐིན་དབར་གྱི་མཉམ་འབྲེལ་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་ནན་ཏན་བྱས་ཏེ། ཆུའི་ཐོན་ཁུངས་དོ་དམ་དང་ཆུའི་སྐྱེ་ཁམས་སླར་གསོ་སོགས་གཙོ་གནད་ལ་དམིགས་ཏེ་ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཆེར་བཏང་ནས་བར་དམ་ཆུ་དང་ཙོང་ཆུ། འཇུ་ལག་ཆུ་བཅས་ཀྱི་འབབ་རྒྱུད་སྲུང་སྐྱོབ་མནའ་འབྲེལ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ས་ཁོངས་མཉམ་འགོག་དང་ཆུ་མཚེའུ་དོ་དམ་སྲུང་སྐྱོབ་ལམ་སྲོལ་ཞིག་ཆགས་པར་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་དང་། “ཏང་གི་ཆེད་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ཏང་གི་ཆེད་དུ་ཐབས་ཇུས་འདོན་པའི”ཐོག་མའི་བསམ་འདུན་རྒྱུན་འཁྱོངས་སྒོས། ཏང་གི་སློབ་གྲྭའི་སྤུས་ལེགས་སློབ་ཚན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པ་གསོ་སྦྱོང་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། ཁུལ་ཨུའི་ཏང་གི་སློབ་གྲྭའི་ལས་གཞི་རེ་ཞུ་དང་རྫོང་བཞིའི་ཏང་གི་སློབ་གྲྭའི་སློབ་མའི་ཉལ་ཁང་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས་ཏང་གི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་སྔར་བས་ལེགས་སུ་བཏང་སྟེ་ཁུལ་ཡོངས་ཀྱི་ཏང་གི་སློབ་གྲྭའི་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན།

       ཚོགས་ཐོག་ཏུ་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号