2025ལོའི"མདོ་ལ་རི་བོའི་བྱ་གཟིགས་དུས་ཚིགས"(མཚོ་བྱང་མདོ་ལ)ཀྱི་བྱེད་སྒོ་སྤེལ།

ཟླ4པའི་ཚེས16ཉིན། 2025ལོའི"མདོ་ལ་རི་བོའི་བྱ་གཟིགས་དུས་ཚིགས"(མཚོ་བྱང་མདོ་ལ)ཀྱི་བྱེད་སྒོའི་མགོ་རྩོམ་མཛད་སྒོ་མདོ་ལ་རྫོང་ཨ་མྱེས་སྟོང་སོ་ནགས་ཀློང་སྒར་འདེབས་རྟེན་གཞི་རུ་འཚོགས་ཤིང་། ལས་རིགས་སོ་སོའི་མི་སྣ་གདན་ཐོག་གཅིག་ཏུ་འཛོམས་ནས་ཐུན་མོང་ངང་བྱ་རིགས་ཀྱི་ཁྱིམ་གཞིས་སྲུང་སྐྱོབ་དང་སྐྱེ་ཁམས་མདོ་ལ་མཉམ་སྐྲུན་བྱེད་པར་ནུས་ཤུགས་བཏོན།

མགོ་རྩོམ་མཛད་སྒོའི་ཐོག མདོ་ལ་རི་བོའི་བྱ་རིགས་ཐོན་ཁུངས་ཀྱི་ཁྱད་ཆོས་དང་སྣ་ཁ། གྲངས་འབོར་བཅས་དང་བྱ་གཅེས་བྱ་སྲུང་གི་ཚན་རྩལ་ཁྱབ་གདལ་ཤེས་བྱ་ཡུལ་དངོས་སུ་འགྲེལ་བཤད་བྱས་པ་དང་། <<མདོ་ལ་རི་བོའི་བྱ་རིགས་སྲུང་སྐྱོབ་ཀྱི་གྲོས་འདོན་ཡི་གེ>>འགྲེམས་སྤེལ་བྱས་ནས་ཚོགས་ཞུགས་མི་སྣས་མཉམ་དུ་བྱ་རིགས་ཀྱི་ཚན་རྩལ་ཁྱབ་གདལ་བརྙན་རིས་ལ་བལྟས། དེ་གར་ཡོད་པའི་ལྟད་མོ་བ་ཚང་མས་བྱ་རིགས་སྣ་མང་རང་བཞིན་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་རོལ་ཐུབ་པ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་ལ་ཡང་སྔར་བས་གཏིང་ཟབ་པའི་སྒོ་ནས་ངོས་འཛིན་ཐོབ།


མགོ་རྩོམ་མཛད་སྒོ་འཚོགས་རྗེས། ཚོགས་ཞུགས་མི་སྣས་མཉམ་དུ་བྱ་རིགས་ཀྱི་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཤིང་། མདོ་ལ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ་ཚོས་འདབ་ཆགས་ཀྱི་རྣམ་པ་གསོན་པོ་དག་པིར་གྱི་འཁྱུགས་བྲིས་ལས་བཞེངས་སྟེ་བྱ་རིགས་ལ་བཅིངས་བའི་བརྩེ་སེམས་ཟབ་མོ་དེ་མཚོན་པར་བྱས།

ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་བརྟེན་ནས་འཚོ་གནས་བྱ་ཡུལ་ཉམས་གསོ་དང་འདམ་ར་སྲུང་སྐྱོབ། སྐོར་སྲུང་དང་ལྟ་ཞིབ་ཚད་ལེན། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ། ཆེད་དོན་ཁྲིམས་བསྟར། སྤྱི་དམངས་དྲིལ་སྒྲོག་དང་སྡེ་ཁུལ་ལ་ཞུགས་པ་སོགས་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐབས་རབས་དང་རིམ་པ་ལག་བསྟར་བྱས་ཏེ། རྫོང་ཁོངས་ནང་གི་བྱ་རིགས་སྣ་མང་རང་བཞིན་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་སྐྱེ་ཁམས་མ་ལག་ཁྱོན་ཡོངས་ནས་ལེགས་སུ་བྱུང་བས། བྱ་རིགས་སྣ་མང་རང་བཞིན་སླར་གསོ་དང་རྩ་ཆེའི་དངོས་རིགས་ཕྱིར་ལོག་པར་སྐུལ་འདེད་ནུས་ལྡན་བཏང་སྟེ་མཚོ་བོད་མཐོ་སྒང་བྱང་ཤར་རྒྱུད་ཀྱི་བྱ་རིགས་ཀྱི་འཚོ་གནས་དང་གནས་སྤོ་ས་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号