ཤ་བོ་སྐྱབས་ཀྱིས་གསར་དུ་ལེགས་སྒྲིག་བྱས་པའི་ལས་བྱེད་པར་གཅིག་སྡུད་གླེང་མོལ་བྱས།

ཟླ4པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གསར་དུ་ལེགས་སྒྲིག་བྱས་པའི་རྫོང་རིམ་པའི་ལས་བྱེད་པ29ལ་གཅིག་སྡུད་ཁ་བརྡ་བྱས་ཤིང་། གསར་དུ་བསྐོ་གཞག་བྱས་པ་དང་སྔར་ལས་བེད་སྤྱོད་བྱེད་པའི་ལས་བྱེད་པས་གཏམ་བཤད་སྤེལ། ཁུལ་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ལའེ་མིན་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཚོ་ཅི་ཆང་ཞུགས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཁུལ་ཨུས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོར་བསྟུན་ནས། ཆབ་སྲིད་ཚད་གཞི་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “ཆབ་སྲིད་ལ་བྱང་ཚད་མཐོ་བ་དང་འགན་འཁུར་ཕོད་པ། བཅོས་བསྒྱུར་བྱེད་པ། གྲུབ་འབྲས་ལྡན་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་ལས་བྱེད་པ་ནུས་ཤུགས་ཡོད་རྒུས་གདམ་གསེས་བྱས་ནས་ཁུལ་ཡོངས་ཀྱི་མགོ་ཁྲིད་ཚན་ཁག་སོ་སོ་དང་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་བསྣན་སྟེ། “མཚོ་བྱང་ལྔའི”འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཏང་ལ་བློ་དཀར་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་བརྟན་པོ་བསྐྲུན་ནས་ཆབ་སྲིད་སྲ་བརྟན་ཡིན་པའི“དོན་རྟོགས་མཁན”ཞིག་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློང་སྦྱོང་གཏིང་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོག་ནས་བློ་སྒྲིལ་སེམས་བསྐྱེད་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བྱས་ཏེ། སྐལ་བཟང་དང་ལེན་ཧྥུ་ཀྲང་སོགས་སྔོན་ཐོན་དཔེ་མཚོན་དང་བསྡུར་བ་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་ཉམས་མྱོང་དང་ཆབ་སྲིད་ཀྱི་འགན་འཁུར་བྱེད་ཤུགས་ཆེ་རུ་བཏང་སྟེ་དངོས་སྒྲུབ་སྔོན་བརྩོན་གྱིས་བློ་དཀར་གྱི་རང་མདངས་མངོན་པར་བྱེད་དགོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་སྒྲུབ་ཤེས་སྒྲུབ་མཁས་ཀྱི“དཔྱོད་ལྡན་མཁན”ཞིག་བྱེད་དགོས།ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དང་། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་ཡག་པོ་བྱས་ཏེ་། ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ། ཚོང་འགུག་མ་འདྲེན། “ལྔ་བཅོ་ལྔའི”འཆར་འགོད་སྒྲིག་བཟོ་སོགས་གཙོ་གནད་བྱ་བར་དམིགས་ཏེ་གནད་དོན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་དང་བརྟག་དཔྱད་ཞིབ་འཇུག་ནན་ཏན་བྱས་ཏེ་གཞི་གྲངས་ཆེན་པོ་དང་མིས་བཟོས་རིག་ནུས་སོགས་སྔོན་ཐོན་ལག་རྩལ་གྱི་ཤེས་རྟོགས་ཆུ་ཚད་དང་བཀོལ་སྤྱོད་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་མཐུད་ངང་སྟོབས་ཤུགས་དང་ཡུན་རིང་བྱས་རྗེས་འཇོག་པར་ཤུགས་སྣོན་དགོས། ལས་སྒྲུབ་ལས་གཏོད་ཀྱི་བྱ་བར་ངར་ཤུགས་སྤྲད་དེ་དངོས་སྒྲུབ་འགན་ཁུར་གྱི“སྣེ་ཁྲིད་པ”ཞིག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་བློ་སྤོབས་ཆེར་བསྐྱེད་རྒྱུན་འཁྱོངས་དང་གནད་དོན་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ་སེམས་ཤུགས་བྱ་བའི་སྟེང་སྤྱོད་པ་དང་འཇོན་ནུས་བྱ་བའི་སྟེང་འདོན་པ། རྩལ་ནུས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་བཀོལ་ནས་ཁུལ་ཨུས“243”འཕེལ་རྒྱས་ཀྱི་བཀོད་པ་དང“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”དམིགས་འབེན་ལ་བཟུང་ནས། འགན་འཁྲི་སེམས་ལ་འཛིན་པ་དང་འགན་འཁྲི་རང་གིས་འཁུར་བ། འགན་འཁྲི་ལག་བསྟར་བྱེད་པ་བཅས་བྱས་ཏེ་ཁུལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་རང་སོ་སོའི་གནས་གཞི་གཏན་འཁེལ་བྱས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་ཐབས་ཇུས་ཧུར་ཐག་བཏོན་ཏེ་ཁྱོན་ཡོངས་ནས་ས་ཁོངས་གཅིག་ལ་འཆར་འགོད་བྱས་ནས་ས་ཁོངས་གཅིག་གིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“བློ་ཉེ་བ”ཞིག་བྱེད་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་ནན་ཏན་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་དགོངས་པ་སྲ་བརྟན་བཙུགས་ནས་ཐོག་མཐའ་བར་གསུམ་དུ་དམངས་ལ་སེམས་ཁུར་དང་དམངས་ལ་བརྩེ་བ། དམངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། མང་ཚོགས་ཀྱི་ཚེ་སྲོག་གི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ལས་ཞུགས་དང་སློབ་གསོ། སྨན་བཅོས་སོགས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ལ་སྔར་ལས་སྤུས་ཚད་དང་དམངས་འཚོ་ལ་སྔར་ལས་བརྩེ་སེམས་ལྡན་པར་འབད་བརྩོན་བྱེད་དགོས། ཏང་དོ་དམ་དང་ཏང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཁུར་ནས་རང་གཅུན་ནན་མོ་བྱེད་པའི“སྒྲིག་ལྡན་མཁན”ཞིག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་སྒྲིག་ལམ་སྔོན་ལ་བཟུང་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལྟེ་བའི་རིན་ཐང་གི་ཁྲིད་སྟོན་དུ་བརྩིས་ནས་ཁོང་དུ་ཆུད་པར་བྱེད་པ་དང“གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། “བཀག་སྡོམ་བཅུ”དང“བྱེད་ཐབས་དགུ”ཚད་གཞིར་བཟུང་ནས་རང་གཅུན་ནན་མོ་དང་དབང་ཆ་ནན་སྤྱོད་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བརྗོད་དོན་འགན་འཁྲི་དོན་འཁྱོལ་ནན་ཏན་དང“ལས་གནས་གཅིག་དང་འགན་འཁྲི་གཉིས”ནན་ཏན་གྱིས་ལག་བསྟར་བྱས་ཏེ་སྒྲིག་ཁྲིམས་བརྩི་སྲུང་ཁྲོད་བཅོས་བསྒྱུར་འགག་སྒྲོལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་ལའེ་མིན་གྱིས་གསར་དུ་ལེགས་སྒྲིག་བྱས་པའི་ལས་བྱེད་པར་མཉམ་དུ་སྲིད་གཙང་སྐོར་གྱི་ཁ་བརྡ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号