ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་འཚོགས།
ཟླ3པའི་ཚེས21ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་འཚོགས་ལ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་ཉེ་དུས་ཀྱི་གཙོ་གནད་བྱ་བར་ཞིབ་འཇུག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཚོགས་འདུར་ཞུགས།
ཚོགས་ཐོག་ཏུ《ཏང་འཛུགས་སྐྱོང་བྱ་བའི“གཅིག་ཅན་དྲུག”གི་བྱེད་སྒོ་ནན་ཏན་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》དང་།《མཚོ་བྱང་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་ཐད་ལྷག་པའི་གནད་དོན་དག་ཐེར་དོན་འཁྱོལ་ཇུས་གཞི》《མཚོ་བྱང་ཁུལ་གྱི་ཞང་གྲོང་གི་གཞི་རིམ་སྲིད་དབང་འཛུགས་སྐྱོང་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི“བཅུ་ལྡན”བཟོ་སྐྲུན་ལས་བགོས་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་བློ་མཐུན་ཁྲེན་ཀང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལྟར་གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་བོ་བརྟན་པོར་བཙུགས་ཏེ། “གཅིག་ཅན་དྲུག”གི་བྱེད་སྒོ་སྤེལ་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་པའི་ནང་དོན་གལ་ཆེན་དང་གཞི་རིམ་གྱི་ཏང་འཛུགས་སྐྱོང་བྱ་བ་དམ་འཛིན་ཏན་ཏིག་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པའི་ངོས་ནས་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་དང་རྨང་གཞི་བརྟན་པོར་བཙུགས་ཏེ་ཏང་འཛུགས་སྐྱོང་བྱ་བའི་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཇུས་གཞིའི་ནང་བཏོན་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་གནད་སྨིན་ཇུས་བསྟར་དང་དག་ཐེར་གྱི་འགན་ཁུར་ནན་དུ་གཏོང་བ། གཏིང་ཟབ་ཏུ་གཏོང་བའི་ཐད་ཐབས་ཇུས་ཏན་ཏིག་འདོན་པ། མཐོར་གཏོང་ཐད་ཐབས་ཤེས་དངོས་འདོན་པ། ཁྱབ་རྒྱ་ཆེ་རུ་གཏོང་བའི་ཐད་ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ། ཕུགས་ཕན་བྱ་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་སྤུས་ཚད་དང་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས། “བཅུ་ལྡན”བཟོ་སྐྲུན་དེ་མཚོ་བྱང་གི་ཏང་འཛུགས་སྐྱོང་གསར་གཏོད་ཀྱི་ཆས་རྟགས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཞན་ཆ་གསབ་པ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། ཚད་གཞི་བཟོ་བ། ཚད་ལྡན་ལ་དམ་འཛིན་བཅས་བྱས་ཏེ་བྱ་བ་དང་འཚོ་བའི་ཁོར་ཡུག་དང་མཁྲེགས་ཆས་སྒྲིག་ཆས་བཟང་པོར་བརྟེན་ནས་ཞང་གྲོང་གི་ལས་བྱེད་ལས་བཟོ་བས་ལས་སྒྲུབ་ལས་གཏོད་དང་འགན་ཁུར་འཁུར་ཕོད་པར་སྐུལ་མ་གཏོང་དགོས། སྡེ་བའི་བཅའ་སྡོད་བྱ་བའི་རུ་ཁག་གི་ལྟ་སྐུལ་དོ་དམ་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། བྱེད་ཐབས་དང་གཞི་རྟེན་གསར་གཏོད་དང་། བྱ་བའི་བཀོད་གཏོང་ལ་ཤུགས་བསྣན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཕྱོགས་ཡོངས་ནས་སྐུལ་སློང་བྱེད་དགོས་པ་ནན་གྱིས་བསྟན།
ཚོགས་ཐོག་ཏུ་གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་བྱ་བར་སྐུལ་འདེད་བཏང་ཚུལ་གྱི་སྙན་ཞུར་གསན་པ་དང་མིག་སྔར་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་ཞིབ་འཇུག་བྱས། བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་དང་གནད་དོན་སྟོན་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས། གཙོ་གནད་ལས་འགན་ལ་དམིགས་པ། འགག་རྩའི་ལྷུ་ཚིགས་ཁོང་དུ་ཆུད་པ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ནས་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་བཟོ་སྐྲུན་ལ་སྐུལ་འདེད་གཏོང་དགོས། གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་གཞུང་ཁོངས་རྒྱུ་ནོར་བེད་སྤྱོད་ཀྱི་ད་ཡོད་གནས་ཚུལ་ལ་སྔར་ལས་བརྟག་དཔྱད་མཐིལ་རྟོགས་བྱས་ནས་ཨར་སྐྲུན་སྣ་ཚོགས་ཀྱི་གྲངས་འབོར་དང་གཞི་ཁྱོན། བེད་སྤྱོད་ནུས་པ། ཕྱོགས་བསྡུས་བེད་སྤྱོད་བཅས་ཀྱི་གནས་ཚུལ་ལ་ཚགས་འཛུགས་དེབ་སྒྲིག་བྱས་ཏེ་གླ་གཏོང་ཁང་བ་སླར་གསོ་དང་དོ་དམ་སོགས་ཀྱི་རྗེས་མཐུད་བྱ་བ་ཡག་པོར་སྒྲུབ་དགོས། ཡན་ལག་བཟོ་གྲྭ་གསུམ་པ་དང་ཡན་ལག་བཟོ་གྲྭ་བདུན་པ་སོགས་ཀྱི་གནའ་ཤུལ་བེད་སྤྱོད་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་བཟོ་གྲྭའི་ཁུལ་ལྗང་འགྱུར་དང་ཆུ་གློག་ཤར་གཏོང་། སྣེ་ལེན་ཁང་སྒྱུར་བཀོད་སོགས་ཀྱི་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་གསར་བརྗེའི་བྲོ་གར་དང་གསར་བརྗེའི་གླུ་གཞས་འགྲན་བསྡུར་ཆེན་མོ། གསར་བརྗེའི་ཡུལ་སྐོར་གསར་གཏོད་འགྲན་བསྡུར་ཆེན་མོ་སོགས་ཀྱི་བྱེད་སྒོ་ཇུས་འགོད་ཞིབ་ཚགས་བྱས་ནས་ཏང་གི་སློབ་གྲྭའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དང་། དམངས་དམག་སྦྱོང་བརྡར་རྟེན་གཞི། རྒྱལ་སྲུང་དྲིལ་སྒྲོག་སློབ་གསོའི་རྟེན་གཞི། གཞོན་ནུ་ལོ་ཆུང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཉམས་ལེན་རྟེན་གཞི་བཅས་ཧུར་ཐག་སྒོས་གཏོད་དགོས། དྲིལ་སྒྲོག་སྡེ་ཁག་གིས་སྣེ་ཁྲིད་དེ་ལས་འགན་སོ་སོའི་གསལ་ཐོ་བཟོས་ནས་སྟོབས་ཤུགས་བསྡུ་སྒྲིལ་དང་དཔེ་རིས་བཀལ་ནས་དམག་འཐབ་བྱས་ཏེ་ལས་འགན་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།
ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱེད་པ་དང་བྱ་བར་སྐུལ་འདེད་བཏང་ཚུལ་གྱི་སྙན་ཞུར་གསན་ལ། རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན། དམངས་འཚོ་འགན་སྲུང་གསུམ་བར་གྱི་འབྲེལ་བ་གཅིག་གྱུར་གྱིས་ཐག་གཅོད་ལེགས་པོ་བྱས་ཏེ། ཞིང་ཆེན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱ་དགོས། མཚོ་བྱང་ཁུལ་གྱི་བྱ་བའི་ཇུས་གཞི་དང་ལས་འགན་གསལ་ཐོ་ཞིབ་ཕྲ་བཟོས་ནས་བྱ་བའི་ཆེད་དོན་འཛིན་གྲྭ་འཛུགས་པ་དང་ལས་བགོས་ཁ་གསལ་བཟོ་བ། འགན་འཁྲི་ནན་དུ་གཏོང་བ། ལྷག་པའི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བཅས་བྱས་ཏེ་བྱ་བ་སོ་སོ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྔོན་ལ་སྲུང་སྐྱོབ་དང་། ཐེ་གཏོགས་བྱེད་པ་ཉུང་དུ་གཏོང་བ། སྟབས་བདེ་ཞིང་གྲངས་འབོར་ཉུང་བའི་ལྗང་མདོག་འཛུགས་སྐྲུན་གྱི་འདུ་ཤེས་ལ་བརྩི་སྲུང་བྱས་ཏེ། སྔར་ཡོད་ཀྱི་སྒྲིག་བཀོད་བེད་སྤྱོད་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་དམིགས་བསལ་གཉེར་སྐྱོང་བྱེད་གནས་དྲུག་གི་ཆེད་དོན་འཆར་འགོད་གང་མགྱོགས་སྒོས་བཟོ་དགོས། མཚོ་སྐོར་བྱང་ངོགས་ཀྱི་ཡུལ་སྐོར་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་འཐུས་ཚང་དུ་གཏོང་བ། མཛེས་ལྗོངས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་མགྱོགས་སུ་གཏོང་དགོས། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་གཅིག་གྱུར་འཆར་འགོད་བྱས་ནས་གཞུང་ཁོངས་རྒྱུ་ནོར་གཙང་བཤེར་དང་སླར་གསོ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་གཞུང་ཁོངས་རྒྱུ་ནོར་གྱི་ཕྱོགས་བསྡུས་ཕན་འབྲས་ཆེ་ཤོས་མངོན་འགྱུར་ཧུར་ཐག་བྱེད་དགོས། ནུས་ཤུགས་ཡོད་རྒུས་གསེར་དངུལ་ཐང—རྡུལ་ཕྲན་མཁར—མཐོན་པོ་སྒང་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པའི་བྱ་བ་ཡག་པོར་བསྒྲུབ་དགོས་པ་ནན་གྱིས་བསྟན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注