ཀྲུང་གུང་མདའ་བཞི་རྫོང་ཨུའི་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་གཟབ་རྒྱས་ངང་འཚོགས།

   ཟླ2པའི་ཚེས13ཉིན། ཀྲུང་གུང་མདའ་གཞི་རྫོང་ཨུའི་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་རྨང་གསུམ་རྟེན་གཞི་རུ་འཚོཊ། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བྱས་ཏེ།  ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་བཅས་ཀྱི་དམིགས་འབེན་ལས་འགན་ལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས་པ་བསྟན། མིག་སྔར་གྱི་དུས་བབ་ལ་དབྱེ་ཞིབ་དང2024ལོའི་ལས་དོན་ལ་ཕྱོགས་བསྡོམས།2025ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་ཏེ། ཡིད་ཆེས་ཇེ་བརྟན་དང་ངར་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས་མདའ་བཞིའི་ལག་ལེན་ལ་སྔར་ལས་ལྷག་པའི་སྒོ་ནས་འབད་དགོས་པར་བསྟན།

རྫོང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།  རྫོང་ཨུའི་ཧྲུའུ་ཅི་སྟག་ལྷས་རྫོང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས2024ལོའི་ལས་དོན་ལ་སྙན་ཞུ་ཕུལ་བ་དང2025ལོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གཙོ་གནད་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཚབ་མ་ཝང་ལེས2024ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་བསྡོམས་བྱས་པ་དང2025ལོའི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས། རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ཞུས་ལུང་ཞིན་དང་། ཅི་ཧན་ཅེ། མ་ཡོན་ཕིན། མ་ཧྲེང་ཅུན། ཞུས་ཁའེ། ཅིན་ཡོའུ་ཡོན། དཔལ་ལྡན་རྒྱ་མཚོ་བཅས་ཚོགས་འདུར་ཞུགས་པ་དང་། རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་ཐའོ་ཀ་ཡུང་། རྫོང་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་མ་ཀྲི་ལུང་བཅས་ཚོགས་འདུར་ཞུགས་པ་རེད།


      གྲོས་ཚོགས་ཐོག2024ལོའི་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་གདའ། འདས་པའི་ལོ་གཅིག་གི་རིང་དཀའ་ཚེགས་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལ་འཕྲད་དུས། རྫོང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ།  གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་དམིགས་ཡུལ་ལེགས་འགྲུབ་བྱུང་བ་དང་། རྫོང་གི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་། བསྒྱུར་བཅོས་གསར་གཏོད། ལྗང་མདོག་འཕེལ་རྒྱས། དམངས་འཚོའི་བདེ་སྐྱིད་བཅས་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་།

གྲོས་ཚོགས་ཐོག2024ལོའི་རྫོང་ཡོངས་ཀྱི་དཔལ་འབྱོར་ལས་དོན་ལ་ཕྱིར་དྲན་ཕྱོགས་བསྡོམས་བྱས་པ་རེད། རྫོང་ཨུས་རྫོང་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། འགན་ཁུར་དང་ལེན། གོ་སྐབས་དམ་འཛིན།  རང་འགུལ་ངང་བྱས་རྗེས་འཇོག་པ།  མི་འདང་སར་སློབ་སྦྱོང་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་དང་འགྲིལ་ཤུགས་ཆེ་རུ་གཏོང་བ། རྨང་གཞི་བརྟན་པོར་གཏོང་བ་སོགས་ཕྱོགས་ཡོངས་ནས་ནུས་ལྡན་ཡོང་བར་བྱ་དགོས་པར་བསྟན། གཞན་སྤྱི་ཚོགས་ཀྱི་ཁོར་ཡུག་སྔར་བས་བདེ་འཇགས་ཡོང་བ་དང་།རྫོང་ཡོངས་ཀྱི་གོང་འོག་ཚང་མས་འགག་སྒྲོལ་དཀའ་སེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོ་རུ་བཏང་ནས་རྣམ་པ་གསར་བ་མངོན་འགྱུར་བྱ་དགོས།



     གྲོས་ཚོགས་ཐོག་ད་ལོའི་ལས་དོན་གྱི་སྤྱིའི་བླང་བྱ་བཏོན་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཁུལ་གྱི་སྐབས་བཅུ་གསུམ་པའི་ཚོགས་ཆེན་བཅུ་བ་བཅས་ཀྱི་བཀོད་སྒྲིག་ལྟར།  བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དགོས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བའི་ངང་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་འོག་ཁུལ་ཡོངས་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དམིགས་འབེན་གཏན་འཁེལ་བྱས་ནས་མདའ་བཞི་རྫོང་གི་གནས་འཁེལ་བརྟན་པར་ཆུད་པ་བྱས་ནས། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ། སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་སོགས་ལ་མཐའ་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་ཡོང་རྒྱུ་མཐའ་འཁྱོངས་ནས་དཔལ་འབྱོར་དང་སྤྱི་ཚོགས་སླར་ཡང་སྐས་ལམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་།  མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་སྲུང་ཡོང་བར་རྒྱུན་འཁྱོངས་བྱ་དགོས་པ་བསྟན། "ལྔ་ཚན་བཅུ་བཞི་པའི"འཆར་འགོད་ཀྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་སྒྲུབ་བྱས་ཏེ། "ལྔ་ཚན་བཅོ་ལྔ་པའི"མགོ་ཡག་པོ་ཞིག་འཛུགས་ཆེད་རྨང་གཞི་བརྟན་པོ་འདིང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལས་མཚོ་བྱང་གི་མདའ་བཞིའི་ལེའུ་ལ་ནུས་ཤུགས་ཡོད་རྒུ་འདོན་དགོས་པ་བསྟན།



གྲོས་ཚོགས་ཐོག་ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བླང་བྱ་གསར་པ་དང་བཀོད་སྒྲིག་གསར་པར་གོ་བ་གཏིང་ཟབ་ལེན་དགོས་པ་དང་།  མདའ་བཞིའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དང་འགྲན་སློང་གསར་པ་ཁོང་དུ་ཆུད་པར་བྱས་ནས།  དུས་རབས་གསར་བའི་མདའ་བཞིའི་འཕེལ་རྒྱས་ཀྱི་དམིགས་འབེན་གསར་བ་དང་ཐབས་ལམ་གསར་པ་གཏན་འཁེལ་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། སྔོན་ཐོན་བརྩོན་ལེན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྐས་ལམ་གསར་བ་ཞིག་ཏུ་བསྐྱོད་པ། གཅིག་ནས་དམིགས་ཚད་མཐའ་འཁྱོངས་བྱས་ཏེ"ལྔ་ཚན་བཅུ་བཞི་པའི"མཇུག་བསྡུའི་རྒྱལ་ཁ་གསར་བ་ཕྱོགས་ཡོངས་ནས་ལེན་པ་དང་སྤུས་ཚད་མཐོ་བའི་སྒོ་ནས"ལོ་ལྔ་ཚན་བཅོ་ལྔ་པའི་"འཆར་འགོད་བཟོ་བ་དང་། "ལོ་ལྔ་ཚན་བཅོ་ལྔ་པའི"འཆར་འགོད་ཀྱི་འགོ་ཡག་པོ་འཛུགས་ཆེད་རྨང་གཞི་བརྟན་པར་གཏོང་དགོས། གཉིས་ནས་རང་འགུལ་ངང་བྱས་རྗེས་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཁྱོན་ཡོངས་ནས་སྐྱེད་སྲིང་བྱེད་པ་དང་།  གསར་བརྗེའི་རིག་གནས་དང་མདའ་བཞིའི་ལོ་རྒྱུས་རིག་གནས་ཟུང་འབྲེལ་གྱི་རྩོམ་ཡག་པོ་བྲིས་ནས། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ཐོན་ལས་འཕེལ་རྒྱས་ཀྱི་སྦྲེལ་ཐག་ནུས་ཤུགས་ཡོད་རྒུས་རྒྱ་ཆེར་བཏང་སྟེ་རང་རྫོང་གི་གསར་བརྗེའི་སྤུས་རྟགས་ཀྱི་དུས་རབས་ཀྱི་རིན་ཐང་དང་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། གསུམ་ནས་གསར་གཏོད་མཐའ་འཁྱོངས་བྱས་ཏེ་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་ཕྱོགས་ཡོངས་ནས་བཏོད་དེ། ནུས་པ་ཆུང་བ་དང་བེད་མེད་དུ་ལུས་པའི་ཐོན་ཁུངས་་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་རྒྱག་ནུས་པའི་ཐོན་ལས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ནས། སྤྱི་ཁྱབ་པུའི་དཔལ་འབྱོར་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། བཞི་ནས་སྤུས་ཚད་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་འཛུགས་སྐྲུན་གྱི་ནང་དོན་གསར་བ་ཕྱོགས་ཡོངས་ནས་ཕུན་སུམ་ཚོགས་སུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་མཐོ་རུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ལྔ་ནས་འཕེལ་རྒྱས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚོང་འགུག་དངུལ་འདྲེན་གྱི་ཚད་བརྒལ་གསར་པ་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་བར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཚོང་འགུག་དངུལ་འདྲེན་ལ་དམ་འཛིན་ཤུགས་ཆེན་བྱས་ནས་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་ནུས་ཤུགས་ཡོད་རྒུས་བཏོད་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།




ཚོགས་འདུ་ཐོག་གཙོ་གནད་ལ་དམིགས་པ་དང་འགག་སྒྲོལ་མཐོར་འདེགས་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བསྟན། གཅིག་ནས་ཚད་གཞི་སྔར་ལས་ནན་པོར་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགག་སྒྲོལ་མཐོར་འདེགས་ལ་སྐུལ་འདེད་གཏོང་བ་དང་། མཚེའུ་སྐོར་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བཅོས་སྐྱོང་གི་མ་དཔེ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། གཉིས་ནས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚད་བརྒལ་མཐོར་གཏོང་ལ་སྐུལ་འདེད་སྔར་བས་ཆེ་རུ་གཏོང་བ་དང་ཚད་གཞི་མཐོ་པོའི་སྒོ་ནས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་དེ་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཀྱི་མ་ལག་གསར་པ་མགྱོགས་མྱུར་གཏོད་དགོས། གསུམ་ནས་བྱ་ཐབས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་འཛད་སྤྱོད་རོགས་སྐྱོར་དང་གཟེངས་བསྟོད་བྱ་དགའི་ཁ་གསབ་སྲིད་ཇུས་གཏིང་ཟབ་ཏུ་གཏོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཤེས་རྟོགས་ལ་སྐུལ་འདེད་བཏང་ནས་ཡོང་འབབ་ཀྱི་ཐབས་ལམ་ནུས་ལྡན་ངང་རྒྱ་ཆེར་གཏོང་བ་དང་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ལེགས་སུ་གཏོང་དགོས། བཞི་ནས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཚད་བརྒལ་མཐོར་གཏོང་ལ་སྐུལ་འདེད་གཏོང་བ་དང་རྫོང་ཨུས་གཏན་འཁེལ་བྱས་པའི་ཕྱོགས་ལྔའི་ཐད་ཀྱི་གཙོ་གནད་སྒྱུར་བཅོས་ལས་འགན66དོན་འཁྱོལ་ནན་པོ་བྱས་ཏེ་གྲོང་ཁྱེར་དོ་དམ་སྒྲིག་བཀོད་འཁོར་སྐྱོད་ཞབས་ཞུའི་ལྟེ་གནས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ལྔ་ནས་དམངས་འཚོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་ཀྱི"རྣམ་གྲངས་དྲུག"གི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་འགན་བཅོལ་དང་རྒན་གསོ་བཅོལ་གསོའི་ཞབས་ཞུར་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ་དང་སློབ་གསོ་དང་། སྨན་བཅོས། རིག་གནས་ལུས་རྩལ་སོགས་སྤྱིའི་བྱ་གཞག་གི་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་དམངས་འཚོར་བྱ་བ་ཡག་པོ་སྒྲུབ་དགོས། དྲུག་ནས་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་མི་རིགས་ཁག་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་ལས་སྟེགས་དང་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་དགོས། རྒྱུན་རྣམ་ཅན་གྱི་སྒོ་ནས་མདའ་བཞིའི་འཕེལ་རྒྱས་ལ་བཏོན་པའི་རེ་འདུན་དྲོད་མོ་ཟེར་བའི་བྱ་འགུལ་སྤེལ་དགོས་པ་བསྟན།

གྲོས་ཚོགས་ཐོག་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་གི་སྣེ་ཁྲིད་འགན་ལེན་གྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་བསྟན། གཅིག་ནས་ཆབ་སྲིད་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས།  ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་མདའ་བཞི་རུ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། གཉིས་ནས་ནུས་ལྡན་གྱི་དམག་འཐབ་མཁར་རྫོང་སྲ་བརྟན་དུ་བཏང་སྟེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། གསུམ་ནས་ལས་འགན་ལྗིད་པོ་འཁུར་ཐུབ་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ་རྒྱུན་རྣམ་ཅན་གྱི་ལས་བྱེད་པ་ལ་བརྩི་མཐོང་ཆེན་པོ་བྱས་ནས། ལས་ཀ་བྱེད་འདོད་པ་དང་། ལས་ཀ་བྱེད་ཤེས་པ། ལས་ཀ་བྱེད་ཐུབ་པ་བཅས་ཀྱི་ལས་བྱེད་པ་དུས་ཐོག་ཏུ་ཤེས་རྟོགས་དང་བེད་སྤྱོད་ལུགས་མཐུན་བྱེད་དགོས། བཞི་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྣོད་བཅུད་སྲ་བརྟན་དུ་གཏོང་བ་དང་རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ།  རྒྱུན་རྣམ་ཅན་གྱི་སྒོ་ནས་ཉེན་བརྡའི་སློབ་གསོ་ཡག་པོ་སྤེལ་དགོས། གཞན་གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་རུལ་སུངས་སྐྱེ་འཕེལ་གྱི་ས་རྒྱུ་དང་ཆ་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོས་ནས"རུལ་སུངས་གསུམ"ལ་གཞི་གཅིག་ཏུ་ངོ་རྒོལ་བྱེད་དགོས།

གྲོས་ཚོགས་ཐོག་དཔལ་འབྱོར་ལས་དོན་ལ་དམིགས་དགོས་པ་བསྟན།  གཅིག་ནས་བློ་བརྟན་འགྱུར་མེད་ངང་ཞིང་འབྲོག་འཕེལ་རྒྱས་ཤུགས་ཆེན་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་བཟོ་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། གཉིས་ནས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་མཉམ་ལས་སྤེལ་རེས་གཏིང་ཟབ་ཏུ་གཏོང་དགོས། གསུམ་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་སྤུས་ཚད་ལེགས་སུ་གཏོང་དགོས། བཞི་ནས་སྣོད་བཅུད་སླར་གསོ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་སྦགས་བཙོག་འགོག་བཅོས་འགག་སྒྲོལ་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་གནད་དོན་བཅོས་སྒྲིག་ཡག་པོ་བྱེད་པ་དང་ཁོར་ཡུག་ལེགས་སུ་གཏོང་དགོས། ལྔ་ནས་དམངས་འཚོའི་བྱ་གཞག་འཕེལ་རྒྱས་དམ་འཛིན་ཡག་པོ་བྱས་ཏེ་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། དྲུག་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས།

གྲོས་ཚོགས་ཐོག་རྫོང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཏེ། ཞིང་ཆེན་དང་རང་སྐྱོང་ལྗོངས་རྫོང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གོ་སྐབས་དམ་འཛིན་དང་དཀའ་ངལ་ལ་མི་འཛེམ་པར་ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་གྱི་མདའ་བཞིའི་ལག་ལེན་གྱི་ལེའི་གསར་པ་རྩོམ་དགོས་པའི་འབོད་སྐུལ་བཏང་།

རྫོང་ཨུའི་ཨུ་ཡོན་དང་འདེམ་སྒུག་ཨུ་ཡོན་ཚོགས་འདུར་ཞུགས། རྫོང་ཨུའི་ཨུ་ཡོན་དང་འདེམ་སྒུག་ཨུ་ཡོན་མིན་པའི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཡུལ་ཚོ་དང་གྲོང་རྡལ་ཁག་གི་ཏང་ཨུའི་ཧྲུའུ་ཅི།  གྲོང་རྡལ་གྱི་འགོ་འཛིན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། རྫོང་ཨུའི་སྡེ་ཁག་ཁག་དང་རྫོང་ཐད་གཏོགས་ལས་ཁུངས་ཁག་གི་ཏང་ཙུའུ(ཏང་ཨུ)ཡི་ཚན་ཁག་གཞོན་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ། རྫོང་དུ་བཅའ་སྡོད་བྱེད་པའི་ཞིང་ཆེན་དང་རང་སྐྱོང་ཁུལ་གྱི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། རྫོང་ཐད་གཏོགས་བྱ་གཞག་ཚན་པ་ཁག་གི་འགན་འཁུར་བ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་རྫོང་གི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི་ཚོགས་འདུར་ཟུར་ཞུགས་གནང་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号