ཤ་བོ་སྐྱབས་ཀྱིས་ཁུལ་སྲིད་གྲོས་སུ་བརྟག་ཞིབ་གནང་སྐབས་ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབས་པ་དང་འགན་འཁུར་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་སྒོས་འབྲི་དགོས་པ་ནན་གྱིས་བསྟན།

ཟླ2པའི་ཚེས11ཉིན།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཁུལ་སྲིད་གྲོས་སུ་བསྐྱོད་དེ་བྱ་བར་བརྟག་ཞིབ་གནང་ནས་ལས་བྱེད་ལས་བཟོ་པར་འཚམས་འདྲི་བྱས་པར་མ་ཟད་བྱ་བའི་སྙན་ཞུར་ཉན།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན་གྱིས་ཕེབས་རོགས་གནང་།    

ཤ་བོ་སྐྱབས་ཀྱིས་ཁུལ་སྲིད་གྲོས་ཀྱི་ཉེ་བའི་ལོ་ཤས་རིང་གི་བྱ་བར་ཁས་ལེན་གང་ལེགས་དང་གདེང་འཇོག་མཐོན་པོ་གནང་ནས་བསྟན་དོན། ཁུལ་སྲིད་གྲོས་ཀྱིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་དམ་འཛིན་ནན་མོ་བྱས་ཏེ།  སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་སྙིང་སྟོབས་ཀྱི་བཙན་ས་བསྐྲུན་པ་དང་།  “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ” དམངས་འཚོའི་བདེ་སྐྱིད་འཕེལ་རྒྱས། བདེ་འཇགས་མཚོ་བྱང་འཛུགས་སྐྲུན་སོགས་ལྟེ་བའི་བྱ་བར་དམིགས་ནས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་གྱིས་ལག་བསྟར་བྱས་ཏེ། ཧུར་ཐག་དང་རང་འགུལ་ངང་མཚོ་བྱང་གི་སྐད་སྒྲ་བརྒྱུད་སྒྲོག་བྱས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་སྔར་ལས་ཕན་ནུས་ལྡན་པ་དང་། གྲོས་མོལ་སྲིད་གླེང་སྔར་ལས་དངོས་གཉེར་བྱས་ཏེ་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་གྱུར་ཡོང་བར་བྱས་ནས “མཚོ་བྱང་ལྔ”འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་ཟེར།    

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་སར་ཁྱབ་པ། ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཁུལ་གྱི“ཚོགས་ཆེན་གཉིས”ཀྱི་སྤྱིའི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་མཚོ་བྱང་ལག་ལེན་ལ་སྲིད་གྲོས་ཀྱི་ལེགས་སྐྱེས་སྔར་ལས་མང་དུ་འབུལ་དགོས། གཉིས་ནས་གཙོ་འགན་གཙོ་ལས་ལ་དམ་པོར་དམིགས་དགོས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། མདོ་ལ་རི་བོ་དང་མཚོ་སྔོན་པོ“རྒྱལ་ཁབ་སྤྱི་གླིང་གཉིས”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་ལག་བསྟར་བྱེད་པ། Aརིམ་པའི་ལྗོངས་ཁུལ་འཛུགས་སྐྲུན་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཡུལ་ཚོ་དང་གྲོང་རྡལ(སྡེ་བ་སྡེ་ཁུལ)གྱི“བཅུ་ལྡན”བཟོ་སྐྲུན་གྱི་ཚད་གཞི་རྒྱ་སྐྱེད་གཏོང་བ་སོགས་ཀྱི་གཙོ་གནད་བྱ་བར་བརྟེན་ནས་ཆེད་དོན་བརྟག་ཞིབ་དང་གྲོས་གཞིའི་བྱ་བ་ཏན་ཏིག་སྤེལ་དགོས། མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི“སྨན་བཅོས་གསུམ་མཉམ་འགུལ”དང་སྡེ་བ་རིམ་པའི“བདེ་སྐྱིད་ཟ་ཁང”སོགས་གླེང་མང་བའི་གནད་དོན་ལ་དོ་སྣང་ཆེན་པོ་བྱས་ཏེ། ཆེད་དོན་ལྟ་སྐུལ་མུ་མཐུད་དུ་སྤེལ་ཏེ་མི་དམངས་སྲིད་གྲོས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་ཐོན་ཁུངས་ཐབས་ལམ་དེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་འཕར་ཚད་དུ་ཏན་ཏིག་བསྒྱུར་དགོས།  གསུམ་ནས་དམངས་གཙོ་དང་མཐུན་སྒྲིལ་དར་སྤེལ་གཏོང་དགོས། མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས་པ་དང་། མཚོ་བྱང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་བར་དམིགས་ནས། སྐྱེ་ཁམས་རིག་གནས་དང་ལོ་རྒྱུས་རིག་གནས། གསར་བརྗེའི་རིག་གནས། མི་རིགས་རིག་གནས། མཐོ་སྒང་རིག་གནས་སོགས་སྔོག་འདོན་བྱ་བའི་ནང་ཧུར་ཐག་སྒོས་ཞུགས་ཏེ། གྲོས་མོལ་དང་སྲིད་གླེང་གི་ནང་དོན་རྣམ་པ་མུ་མཐུད་འཐུས་ཚང་དུ་བཏང་སྟེ་མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་དང་འབྲེལ་གཏུག་བྱ་བ་མང་དུ་བཏང་ནས་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྒྲིལ་དང་དམངས་གཙོའི་སྒོ་ནས་ཞུགས་པའི་ཐབས་ལམ་ཤར་གཏོང་ཐུབ་པ། འབྲེལ་གཏུག་དང་འབྲེལ་འདྲིས་ལ་ཤུགས་བསྣན་ནས་ཏང་གི་བསམ་ཚུལ་སྤྱི་ཚོགས་ལས་རིགས་སོ་སོའི་རང་རྟོགས་བྱ་སྤྱོད་དུ་བསྒྱུར་དགོས། བཞི་ནས་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁུལ་དང་རྫོང་། ཡུལ་ཚོའི་བློ་གྲོས་སྲིད་གྲོས་ལས་སྟེགས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་འགན་སྲུང་དང་གྲོས་གཞིའི་སྤུས་ཚད་མཐོ་རུ་གཏོང་བ། ཐབས་ལམ་མང་པོའི་ཐོག་ནས་དགེ་སྒྲུབ་དང་མ་དངུལ་བསྡུ་བ། དཀའ་ངལ་ཡོད་པའི་ཚོགས་སྤྱིར་གནད་ལ་འཁེལ་བའི་རོགས་སྐྱོར་བཅས་བྱས་ཏེ“དགེ་སྒྲུབ་སྲིད་གྲོས”བསྐྲུན་དགོས་ལ། རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དུས་བབ་གསར་པའི་འོག་སྲིད་གྲོས་ཀྱིས་ལས་འགན་སྒྲུབ་པའི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་སོགས་ཀྱི་བྱེད་ནུས་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་བསྣན་ནས“མཚོ་བྱང་དངོས་སྒྲུབ”ཀྱི་བྱེད་སྟངས་དར་སྤེལ་བཏང་སྟེ་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ། སྔོན་ཐོན་བརྩོན་ལེན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྲིད་གྲོས་ལས་ཁུངས་སྔར་ལས་སྟོབས་ལྡན་དང་བྱ་བར་སྔར་ལས་ཕན་ནུས་ལྡན་པ། མང་ཚོགས་ལ་སྔར་ལས་ཚོར་སྣང་ལྡན་པ་བཅས་ཡོང་བར་ཏན་ཏིག་བྱེད་དགོས། ཁུལ་ཨུས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་རྒྱུན་འཁྱོངས་བྱས་ཏེ་སྲིད་གྲོས་བྱ་བ་དེ་ཁུལ་ཨུའི་བྱ་བའི་སྤྱིའི་བཀོད་སྒྲིག་ནང་བཅུག་ནས་གཞི་གཅིག་ཏུ་འཆར་འགོད་དང་སྐུལ་འདེད་བཏང་ནས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཁོར་ཡུག་བསྐྲུན་ནས་རྒྱབ་སྐྱོར་དང་འགན་སྲུང་ཡག་པོ་བྱེད་དགོས་ཟེར།

ཀྲུང་ཀྲི་ཅུན་གྱིས་ཁུལ་ཨུས་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་བྱ་བར་རེ་བ་ཆེན་པོ་བཅངས་ནས་ད་ལོའི་བྱ་བ་ཡག་པོར་བསྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་དང་བསམ་ཕྱོགས་གསལ་པོ་བཟོས་ཡོད། ཁུལ་སྲིད་གྲོས་ཀྱིས་ཁུལ་ཨུའི་སྣེ་ཁྲིད་འོག་ཆེད་དོན་གྲོས་མོལ་སྒྲིག་གཞིའི་འགན་ནུས་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ། ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་སྲིད་ལྟེ་གནས་ཀྱི་བྱ་བ་དང་སེམས་མཐུན་ཁ་ཕྱོགས་གཅིག་མཐུན་དང་བསམ་སྤྱོད་གཅིག་མཐུན་ཡོང་བར་བྱ་རྒྱུ་ཡིན་ལ། ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་ཆེན་པོ་དང་གྲོས་མོལ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད། མཐུན་སྒྲིལ་ལ་བརྟེན་ནས་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱེད་པ། གསར་གཏོད་ལ་བརྟེན་ནས་གསོན་ཤུགས་ཆེ་རུ་གཏོང་བ། སྣང་བརྙན་ལ་བརྟེན་ནས་འགན་འཁྲི་མངོན་པ་བཅས་རྒྱུན་འཁྱོངས་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲིད་གྲོས་ཀྱི་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་ཕུལ་ནས་ཁུལ་ཨུ་ལ་བློ་ཡིད་ཚིམ་པའི་ལན་ཞིག་སྤྲོད་རྒྱུ་ཡིན་པར་བཤད།

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་གིས་ཕེབས་རོགས་གནང་། ཁུལ་སྲིད་གྲོས་ཀྱི་ཁྲང་ལིན་དང་པའོ་ཀྲེང་ཆིང་། ཝུའུ་ཧྲུའུ་རུང་། དབྱང་ཏེ།    ཞའོ་རུའེ་ཞིན་བཅས་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号