ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན། ཆན་གོ་ཆིན། ཀྲུང་ཀྲི་ཅུན་སོགས་ཀྱིས་ཁོར་ཡུག་གཙང་བཟོ་པར་འཚམས་འདྲི་གནང་།
ཟླ1པོའི་ཚེས26ཉིན། ལུགས་རྙིང་གི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་ཆན་གོ་ཆིན། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་ཀྲུང་ཀྲི་ཅུན་སོགས་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་ཁོར་ཡུག་གཙང་བཟོ་པའི་ཁྱིམ་དུ་ཕེབས་ནས་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་ཚབ་བྱས་ཏེ་ལོ་སར་རིང་ལས་གནས་བརྟན་སྲུང་བྱེད་པའི་ཁུལ་ཡོངས་ཀྱི་འཐབ་ཕྱོགས་དང་པོའི་ངལ་རྩོལ་པར་བྱམས་བརྩེའི་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་ཞུས།
ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཁོར་ཡུག་གཙང་བཟོ་པའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་ཐུགས་ཁུར་དང་རྒྱུས་ལོན་བྱས་ནས་ཁོ་ཚོས་འབད་བརྩོན་དང་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས། ཤ་བོ་སྐྱབས་ཀྱིས་བསྟན་དོན། དུས་ཡུན་རིང་པོའི་ནང་ཁུལ་ཡོངས་ཀྱི་ཁོར་ཡུག་གཙང་བཟོ་པ་ཚོས་ཐོག་མཐའ་བར་གསུམ་དུ“རང་ཁྱིམ་བསྐྱུར་ནས་སྤྱི་ཡོངས་ལྟ་སྐྱོང”བྱས་ཏེ། ལོ་རྒྱུན་མར་དཀའ་སྡུག་གང་མང་མྱངས་ནས་ནམ་ལངས་རི་དང་སྨིན་དྲུག་ཡུལ། དབྱར་དུས་ཚ་བ་དང་དགུན་དུས་གྲང་ངར་སོགས་ཀྱི་དཀའ་སྡུག་དང་ཆད་སྣང་ལ་མི་སྐྲག་པར་དཀའ་སྤྱད་ཀྱི་རྔུལ་ཆུ་དང་བརྩོན་འགྲུས་ཀྱི་ལག་པ་གཉིས་ཀྱིས་དག་གཙང་དང་མཛེས་པ། སྐྱིད་སྣང་གི་གྲོང་ཁུལ་དང་ཁོར་ཡུག་བསྐྲུན། ལུགས་རྙིང་གི་ལོ་སར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ་ཁུལ་གྱི་ཚན་ཁག་ཆེན་མོ་བཞི་ཡིས་ཚང་མས་དཀའ་སྤྱད་འབད་བརྩོན་གནང་བར་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁོར་ཡུག་གཙང་བཟོ་པར་ལོ་སར་ལ་བཀྲ་ཤིས་བདེ་ལེགས་དང་ཅི་བསམ་དོན་གྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཟེར།
ཤ་བོ་སྐྱབས་ཀྱིས་ཁོར་ཡུག་གཙང་བཟོ་པར་གྲང་འགོག་དྲོད་སྲུང་ལ་དོ་སྣང་དང་བདེ་འཇགས་ལས་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་གནས་ལ་དགའ་ཞེན་དང་བརྩི་བཀུར། དཀའ་སྤྱད་འབད་བརྩོན། ལེགས་སྐྱེས་འབུལ་འདོད་བཅས་ཀྱི་གཤིས་རྒྱུད་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ་ནུབ་མཚོ་གྲོང་རྡལ་ལ་མཛེས་སྡུག་བསྐྲུན་པ་དང་ཀྲུང་གོའི་རྡུལ་ཕྲན་མཁར་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་། མདའ་བཞི་རྫོང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་ཁོར་ཡུག་གཙང་བཟོ་པར་སྔར་བས་བསམ་ཤེས་དང་སྔར་བས་བརྩི་འཇོག སྔར་བས་གཅེས་སྐྱོང་བཅས་བྱས་ཏེ་ཁོར་ཡུག་གཙང་བཟོ་པར་སེམས་ཁུར་དང་ལྟ་སྐྱོང་། ཁེ་དབང་འགན་སྲུང་། ངལ་རྩོལ་སྲུང་སྐྱོབ་སོགས་སེམས་ཁུར་དང་གཅེས་སྐྱོང་བྱེད་རྒྱུ་སེམས་སུ་བཟུང་ནས་རྒྱུན་ལྡན་དུ་སྒྲུབ་པ་དང་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་ཁོ་ཚོར་ཐོབ་སྣང་དང་སྐྱིད་སྣང་ཐོབ་པར་འབད་པ་བྱེད་དགོས།
ཁུལ་གྱི་མགོ་ཁྲིད་སུང་ཞུག་ཙུང་དང་ཚོ་ཅི་ཆང་། ཧན་ཧྲི། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་དག་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注