ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་སྒྲིག་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་གྲུབ་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་མཚོ་བྱང་ལག་ལེན་ཧུར་ཐག་སྒོས་གཏོད་རྒྱུར་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་པ་ནན་གྱིས་བསྟན།
ཟླ1པོའི་ཚེས26ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་བྱང་ཁུལ་སྒྲིག་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་སླེབས་ནས་གསུང་བཤད་གནང་སྟེ་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཁྱོན་ཡོངས་ནས་ཀྲུང་དབྱང་སྒྲིག་ཨུའི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་སྒྲིག་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་གྲུབ་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་མཚོ་བྱང་ལག་ལེན་ཧུར་ཐག་སྒོས་གཏོད་རྒྱུར་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་ཟེར།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཆན་གོ་ཆིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཨའེ་ཧུང་བཅས་ཚོགས་འདུར་སླེབས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ལའེ་མིན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།
ཤ་བོ་སྐྱབས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་མིག་སྔའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། དར་ཆ་གསལ་བོས་ནོར་འཁྲུལ་ངོས་འཛིན་གསལ་བོ་དང་བསམ་བློའི་སྨུག་པ་དྭངས་གསལ་བྱས་ནས་ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་གལ་ཆེའི་བརྩི་སྲུང་འདོན་སྤྲོད་བྱས་ཡོད། ཞིང་ཆེན་སྒྲིག་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྤྱོད་ཚུལ་དྭངས་གཙང་དང་དྲང་བདེན་གྱི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་ཞིག་བསྐྲུན་རྒྱུར་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་སྒོས་འཁུར་ནས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་ནམ་ཡང་ལམ་དུ་བསྐྱོད་པའི་ཐོག་བློ་བརྟན་འགྱུར་མེད་ངང་རྒྱུན་འཁྱོངས་བྱས་ཏེ། རང་ངོས་གསར་བརྗེའི་སྙིང་སྟོབས་མཐར་ཕྱིན་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།
ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ལྟ་ཞིབ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་སྟེ་ནན་གྱིས་བསྟན་དོན། དུས་སྐབས་གསར་པའི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཛ་དྲག་དང་རྙོག་འཛིང་ཆེ་བའི་གནས་བབ་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་དྭངས་གསལ་དང་དོགས་ཟོན་རྒྱུན་འཁྱོངས་བྱས་ཏེ་མཚོ་བྱང་ཁུལ་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་འཕྲད་པའི་གནས་ཚུལ་གསར་པ་དང་འཕེལ་ཕྱོགས་གསར་པ་ཁོང་དུ་ཆུད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགག་སྒྲོལ། ཡུན་རིང་དམག་འཁྲུག སྤྱིའི་དམག་འཁྲུག་བཅས་ལ་རྒྱལ་ཁ་ཐོབ་པའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་པོ་བྱས་ཏེ་བཀོད་སྒྲིག་སོ་སོ་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱེད་པ་དང་། ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྤྱོད་ཚུལ་དྭངས་གཙང་དང་དྲང་བདེན་གྱི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་ཞིག་བསྐྲུན་དགོས་ཟེར།
ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། འགན་འཁྲི་དང་ལས་འགན་བརྟན་པོ་འཁུར་ནས"ནན་མོ"ཡི་གཞི་གདངས་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ངེས་པར་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ་ལག་བསྟར་བྱེད་དགོས། རྒྱུན་རྣམ་ཅན་དུ་འགྱུར་བའི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱས་ཏེ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བར་བརྟེན་ནས་སྒྲིག་ཁྲིམས་སོ་སོ་ཕྱོགས་ཡོངས་ནས་ནན་དུ་གཏོང་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་དེ་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མགོ་ཁྲིད་བྱེད་པའི་བརྒྱུད་རིམ་ཧྲིལ་བོའི་ཕྱོགས་ཡོངས་ལ་ཁྱབ་པར་བྱེད་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བཀོད་སྒྲིག་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པར་ལྟ་སྐུལ་དང་སྐུལ་འདེད་གཏོང་དགོས། ཆབ་སྲིད་སྐོར་ཞིབ་གཏིང་ཟབ་ཏུ་བཏང་ནས་ཐོག་མཐའ་བར་གསུམ་དུ་རལ་གྲི་རྣོ་ངར་ཆེ་བ་དང་ཟིལ་གྱིས་གནོན་ཐུབ་པ་བྱེད་དགོས། རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱས་ཏེ། སྤྱོད་ཚུལ་ཡོ་བསྲང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་ངེས་པར་དུ་ནན་མོ་དང་དྲང་པོ་བྱེད་དགོས། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་རུལ་སུངས་ལ་རྒོལ་བའི་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་དང་། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་མཐའ་གཅིག་ཏུ་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྐྱོང་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། "སྤྱོད་ཚུལ་བཞིའི"གནད་དོན་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས། "སྤྱོད་ཚུལ་བཞི"ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པ་དང"དབྱེ་འབྱེད་གསུམ"རྒྱུན་འཁྱོངས་བྱས་ཏེ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་སྲུང་སྐྱོབ་ཏན་ཏིག་བྱེད་དགོས། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཁྲོད་ཀྱི་སྒྲིག་ལམ་གྱི་འདུ་ཤེས་དང་སྒྲིག་ཁྲིམས་ཀྱི་བླང་བྱ་སྔོག་འདོན་གཏིང་ཟབ་དང་། སྤྱོད་གཙང་རིག་གནས་ཀྱི"གདོང་ལེན་གཡུལ་སའི"སློབ་གསོ་ཅན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་བྱེད་པར་སྒྲིག་བརྩི་ཁྲིམས་སྲུང་ཁྲོད་བཅོས་སྒྱུར་འགག་སྒྲོལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དུ་འཇུག་དགོས། འགན་འཁྲི་འཁུར་རྒྱུར་ཤུགས་བསྣན་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་ཆེད་འགན་ངེས་པར་དུ་བརྟན་པོ་དང་ཏན་ཏིག་འཁུར་དགོས། ཁུལ་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་སོ་སོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲིའི་གཏན་འབེབས་དང་ཁུལ་ཨུའི་བྱེད་པོའི་འགན་འཁྲིའི་ཞིབ་ཐོ་དོན་འཁྱོལ་ནན་ཏན་བྱས་ཏེ“འགན་འཁུར་མཁན་གཙོ་བོ”དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”སྣེ་ཁྲིད་དེ་ལག་བསྟར་ཡག་པོ་བྱེད་དགོས། ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་རིམ་པ་སོ་སོས་གཞོགས་འདེགས་ཀྱི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ཏེ། གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་འཁོར་སྐྱོད་བཟང་བའི་ཁྲོད་དུ་ཏང་དོ་དམ་དང་ཏང་སྐྱོང་བ་གཏིང་ཟབ་ཏུ་གཏོང་བར་ཤུགས་སྣོན་དགོས། རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྒྲིག་ཁྲིམས་ལྟ་ཞིབ་ཀྱི་དམག་དཔུང་འཛུགས་སྐྱོང་བྱེད་པ་ངེས་པར་རྒྱུན་དུ་དམ་འཛིན་ལྷོད་མེད་བྱེད་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་ཁྲིམས་སྒྲིག་སྲོལ་ལ་བརྩི་སྲུང་ནན་མོ་བྱས་ཏེ“སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལོའི”འགུལ་སྐྱོད་གཏིང་ཟབ་དང་ནན་ཏན་ངང་སྤེལ་ནས་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་འགན་འཁྲི་བདའ་འདེད་ཀྱི་ཆེད་ལས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལྷག་བསམ་རྣམ་དག་དང་འགན་འཁུར་བ། འཐབ་རྩོད་བྱེད་ཕོད་པའི་སྒྲིག་ཁྲིམས་ལྟ་ཞིབ་ཀྱི་དམག་དཔུང་ཧུར་ཐག་སྒོས་བསྐྲུན་དགོས། མཉེན་ཆས་དང་མཁྲེགས་ཆས་ཀྱི་འགན་སྲུང་ལ་ཤུགས་སྣོན་པ་དང་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་ཆ་རྐྱེན་བསྐྲུན་དགོས་ཟེར།
ལའེ་མིན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་སྐབས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁུར་ཤུགས་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་འཛུགས་པའི་ལས་འགན་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་མཚོ་བྱང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། ཁུལ་ཁྲིམས་ཁང་དང་ཁུལ་ཞིབ་དཔྱོད་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་སླེབས།
ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་འཚོགས་པ་དང་། ཁུལ་དུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱས་ཤིང་རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས། ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་སོ་སོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས།
ལའེ་མིན་གྱིས་ཁུལ་སྒྲིག་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས《བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོར་བརྟེན་ནས་ཏང་དོ་དམ་དང་ཏང་ནན་སྐྱོང་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས》ཞེས་པའི་བྱ་བའི་སྙན་ཞུ་ཕུལ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注