ཟླ1པོའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཁུལ་ཐད་གཏོགས་ཚན་ཆུང་གྲོས་བསྡུར་ནང་ཞུགས་ཤིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གཞིར་བཟུང་། ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་དང་ལས་འགན་སོ་སོ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་མོ་བྱས་ཏེ"མཚོ་བྱང་གི་དངོས་སྒྲུབ"ལ་བརྟེན་ནས་བྱ་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སླར་ཡང་གསར་གཏོད་ཀྱི་ལེའུ་རྩོམ་དགོས་པ་ནན་གྱིས་བསྟན།ཤ་བོ་སྐྱབས་ཁུལ་ཐད་གཏོགས་ཚན་ཆུང་གྲོས་བསྡུར་ནང་ཞུགས་སྐབས། ཚོགས་ཞུགས་བློ་མཐུན་གྱི་གཏམ་བཤད་ལ་ནན་ཏན་གྱིས་གསན་རྗེས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་རིང་ལ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུ་རྒྱུན་འཁྱོངས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་ལས་འགན་ལ་དམིགས་པ་དང"243"གྱི་འཕེལ་རྒྱས་ཀྱི་བཀོད་པར་དམིགས་ནས"མཚོ་བྱང་ལྔ"འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གཏན་འཇགས་རྒྱུ་ནོར་མ་འཇོག ནོར་སྲིད་སྔོན་རྩིས་ཡོང་འབབ། ཡོང་འབབ་གཉིས་སོགས་གཙོ་གནད་ཚད་གཞི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱུང་བ་དང་། ཐོན་ལས་འཕེལ་རྒྱས་རྒྱུན་མཐུད་ངང་རིམ་སྤར་བྱུང་བ། ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་བརྟན་འཇགས་ངང་ལེགས་ཕྱོགས་སུ་འཕེལ་བཞིན་ཡོད། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ཡོ་བསྲང་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ནང་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་བ། གསར་བརྗེའི་ཉམས་ཞིབ་ཀྱི་ཆས་རྟགས་རྒྱུན་མཐུད་ངང་བཏོད་པ། བཟང་ཆ་ལྡན་པའི་ཕྱུགས་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་བཏང་བ། ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་བརྟན་པོའི་ངང་སྤེལ་བ། ལྷག་པར་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དུ"ཡིད་འགུག་སྙན་གྲགས་ཆོད་པའི"འཛུགས་སྐྲུན་བྱེད་པ། སྨོན་ལམ་མཐོན་པོ་དང་མེ་ལྷ་གངས་དཀར། ཨ་མྱེ་སྟོང་སོ། གཉན་ཆེན་ཞལ་དཀར་བཅས་དང་དེ་བཞིན་ལབ་ཙེ་སྒང་དང་བློན་པོ་བྱ་རྒོད་སོགས་ལྗོངས་ཁུལ་གྱི་ཚ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་། མཚོ་སྔོན་པོའི་འགྲམ་གྱི་བྱེ་མ་གསེར་ལྡན་དང་ལྷ་ཆབ་ཁུག་སོགས་སྐྱེ་ཁམས་ཉམས་ལེན་བྱ་ཡུལ་ཞིང་ཆེན་ནང་ཁུལ་གྱི་ཀུན་གྱིས་དོ་སྣང་བྱེད་སར་གྱུར་པ། དགུན་དུས་ཡུལ་སྐོར་གྱི་ཁྱད་ཆོས་ལྡན་པའི་ལས་གཞིས"དག་སྣང་མཚོ་བྱང་། མདངས་ལྡན་གནས་མཆོག"གི་གསེར་གྱི་མིང་བྱང་ལ་བཀྲག་མདངས་བསྣན་པ། སྐྱེ་ཁམས་ཡུལ་སྐོར་ཕྱོགས་སྒྱུར་འཕེལ་རྒྱས་ཀྱིས་ཞིང་ཕྱུགས་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པས་རོང་འབྲོག་པའི་ཡོང་འབབ་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་པ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་བདེ་སྐྱིད་ཚོར་སེམས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། གྲུབ་འབྲས་འདི་དག་ཐོབ་པ་ནི་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་འཐབ་ཧུར་ཐག་དང་དཀའ་སྤྱད་འབད་འཐབ་བྱས་པ་ལས་བྱུང་བ་དང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་སེམས་གཅིག་མཐུན་དང་མཉམ་ཤུགས་འགག་སྒྲོལ་བྱས་པ་ལས་བྱུང་བ་ཞིག་ཡིན་པས། ཁུལ་ཐད་གཏོགས་སྡེ་ཁག་སོ་སོས་ཕྱར་བ་གྲུ་འདེགས་ངང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་འབུལ་བའི་སྟོབས་ཤུགས་དང་ཁ་འབྲལ་ཐབས་མེད་ཟེར།ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། 2025ལོ་ནི"ལྔ་བཅུ་བཞིའི"འཆར་འགོད་ཀྱི་མཇུག་བསྡུའི་ལོ་དང"ལྔ་བཅོ་ལྔའི"མགོ་ཡག་པོ་འཛུགས་ཆེད་རྨང་གཞི་བརྟན་པོ་འདིང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གོ་སྐབས་དམ་འཛིན་དང་དངོས་སྒྲུབ་འགན་འཁུར་བྱས་ཏེ"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་དམིགས་ཚད་ལ་རྒྱུན་མཐུད་ངང་དམིགས་ནས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི"གཅིག་ཅན་དགུའི"བཟོ་སྐྲུན་ཆ་ཚང་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་ཏེ"ནོར་གནག་ཁྲི་དང་བོད་ལུག་ཁྲི"ཡི་གསོ་སྤེལ་རྟེན་གཞི་ཡག་པོ་གཏོད་པ་དང་ཕྱོགས་སྒྱུར་རིམ་སྤོར་ལ་དམ་འཛིན་ནན་མོ་བྱས་ནས། བཟང་ཆ་ལྡན་པའི་ཞིང་ཕྱུགས་ལས་རྒྱ་སྟོབས་ཆེ་རུ་གཏོང་དགོས། འགག་སྒྲོལ་དཀའ་སེལ་གྱིས"123"Aརིམ་པའི་ལྗོངས་ཁུལ་གཏོད་པའི་བྱ་བར་སྐུལ་འདེད་བཏང་ནས་རིག་གནས་ཡུལ་སྐོར་ཐོན་ལས་སྣ་མང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རིན་ཐང་བརྗེ་སྒྱུར་ཐུབ་པ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་ངང་བརྟན་དུ་གཏོང་བ་དང་ནུབ་མཚོ་ཅུན་སོགས་གནའ་ཤུལ་དང་རིག་གནས་ཤུལ་བཞག་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་ཡར་བརྩོན་གྱི་ལམ་བུའི་ཐོག་ཡག་པོ་སྐྱོད་དགོས། འཕེལ་རིམ་གསར་བའི་ནང་ཁུལ་ཐད་གཏོགས་ལས་ཁུངས་ཀྱིས་སྔོན་ཐོན་བརྩོན་ལེན་དང་གང་མགྱོགས་རྗེས་ཟིན་པ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་ལ་དམིགས་ནས་རང་འགུལ་ངངདཔེ་སྡུར་ཚད་འཛིན་བྱེད་པ་དང་དངོས་སྒྲུབ་བྱ་ཐབས་ཁོང་དུ་ཆུད་པར་བྱས་ཏེ། མཉམ་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱས་ཏེ། དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཟེར།