ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན་གྱིས་


ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོགས། 

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱི་གསུང་བཤད་གནང་།

ཟླ1པོའི་ཚེས17ཉིན། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་ཚོགས་འདུ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། མིག་སྔའི་གནས་བབ་ལ་དབྱེ་ཞིབ་དང2024ལོའི་བྱ་བར་སྤྱི་བསྡོམས། 2025ལོའི་བྱ་བ་བཀོད་སྒྲིག་བཅས་བྱས། ཡིད་ཆེས་བརྟན་པོ་དང་གོ་སྐབས་དམ་འཛིན། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་སྔར་ལས་ཆེ་བ་ཐོབ་པར་སྐུལ་སློང་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་མཚོ་བྱང་ལག་ལེན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས2024ལོའི་བྱ་བའི་སྙན་ཞུ་ཕུལ་པ་དང2025ལོའི་དཔལ་འབྱོར་སྤྱི་ཚོགས་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུའི་ཚབ་བྱས་ནས2024ལོའི་དཔལ་འབྱོར་སྤྱི་ཚོགས་བྱ་བར་ཕྱོགས་སྡོམ་བྱས་པ་དང་། 2025ལོའི་བྱ་བ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཨེ་ཧུང་དང་། ཁུལ་ཨུའི་རྒྱུན་ཨུ་སངས་འབུམ་དང་ལའེ་མིན། སི་ཅི་ཧྲིན། ཚོ་ཅི་ཆང་བཅས་ཚོགས་འདུར་སླེབས། 

ཚང་འཛོམས་གྲོས་ཚོགས་ཐོག 2024ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་སྐུ་དངོས་སུ་མཚོ་སྔོན་དུ་ཕེབས་ནས་བྱ་བར་རྟོག་ཞིབ་དང་གསུང་བཤད་གལ་ཆེན་གནང་སྟེ། ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་འཕེལ་རྒྱས་ཀྱི་མཐོ་ཚད་ཐོག་ནས་ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གནས་ཚད་གསར་བ་གཏན་འཁེལ་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱ་རྒྱུར་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ཏེ། ང་ཚོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཐོག་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་པར"ལམ་ཐིག་དཔེ་རིས"ཡག་པོ་བྲིས་ཡོད། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་ཚོགས་འདུའི་ཐོག་མིག་སྔའི་དཔལ་འབྱོར་བྱ་བ་དང"ཞིང་གསུམ"བྱ་བར་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། ད་ལོའི་བྱ་བར་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ནས། ང་ཚོས་བྱ་བ་སོ་སོ་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་བྱས་ཡོད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་ཕྱི་རོལ་གྱི་འཕེལ་རྒྱས་ཁོར་ཡུག་དང་རང་ཞིང་གི་འཕེལ་རྒྱས་གནས་བབ། འཕར་སྣོན་འགུལ་ནུས་ལ་ཕྱོགས་བསྡུས་ཀྱིས་ཞིབ་འཇུག་དང་བརྡར་ཤ་བཅད་དེ་ཁ་ཕྱོགས་གསལ་བོར་བཟོས་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གིས་ད་ལོའི་བྱ་བ་སོ་སོར་བཏོན་པའི་འཐབ་ཇུས་གསར་བ་དང་བཀོད་སྒྲིག་གསར་བ་ཁོང་དུ་གཏིང་ཟབ་ཆུད་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གི་འཕེལ་ཕྱོགས་གསར་བ་དང་དམིགས་འབེན་གསར་བར་གོ་བ་གནད་ལ་འཁེལ་བ་ལེན་པ། མཚོ་བྱང་འཕེལ་རྒྱས་གཏོང་རྒྱུ་དེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་སུ་འདྲེས་པར་བྱས་ནས་བསམ་གཞིགས་དང་ཇུས་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། བསམ་བློ་བཅིངས་འགྲོལ་གཏོང་བའི་ཁྲོད་བསམ་ཕྱོགས་གསར་གཏོད་དང་། འདུ་ཤེས་གསར་སྒྱུར་བྱེད་པའི་ཁྲོད་དཀའ་གནད་སེལ་བ། དོན་འཁྱོལ་དམ་འཛིན་བྱེད་པའི་ཁྲོད་འགན་འཁུར་ཕོད་པ་བཅས་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་མཚོ་བྱང་དུ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས།

ཚང་འཛོམས་གྲོས་ཚོགས་ཐོག2024ལོའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་བྱ་བར་ཁས་ལེན་གང་ལེགས་གནང་། འདས་ཟིན་པའི་ལོ་གཅིག་གི་རིང་ལ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་དང་གཏིང་ཟབ་ཏུ་སྤེལ་བ། གསར་བརྗེའི་ཉམས་ཞིབ་ཀྱི་ཆས་རྟགས་ཁྱོན་ཡོངས་ནས་བསྐྲུན་པ་བཅས་བྱས་ཡོད།"243"འཕེལ་རྒྱས་ཀྱི་བཀོད་པ་དང"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་ལས་འགན་ལ་དམིགས་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ"མཚོ་བྱང་ལ་རྒྱུས་ལོན་དང་མཚོ་བྱང་ལ་དགའ་བ། མཚོ་བྱང་དར་སྤེལ"བཅས་ཀྱི་ཚ་ཚ་འུར་འུར་གྱི་ལག་ལེན་ནང་ཧུར་ཐག་ཞུགས་པ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་དཀའ་གནད་སྒྲོལ་བ་དང་འཕེལ་རྒྱས་དོན་གཉེར། དོན་འཁྱོལ་ལ་སྐུལ་འདེད་བཅས་བྱས་ནས"མཚོ་བྱང་ལྔའི"འཛུགས་སྐྲུན་ལ་གྲུབ་འབྲས་གསར་བ་ཐོབ་ཡོད་དེ། གཅིག་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་ཡོད། གཉིས་ནས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་དུས་གཅིག་ཏུ་མཐོ་རུ་བཏང་ཡོད། གསུམ་ནས་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བ་བློ་བརྟན་འགྱུར་མེད་ངང་ཡག་པོ་བསྒྲུབས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད། བཞི་ནས་བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་སྐྱིད་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ལ་ཕན་འབྲས་མཐོང་ཐུབ་པ་དང་། དངོས་ཕན་ཐོབ་པ། བློ་ཡིད་ཚིམ་པ་བཅས་བྱུང་ཡོད། ལྔ་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་འཆམ་མཐུན་བརྟན་ལྷིང་གི་འཕེལ་རྒྱས་ཁོར་ཡུག་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ཡོད། དྲུག་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མཚོ་བྱང་འཕེལ་རྒྱས་ཆེད་སེམས་ཤུགས་གཅིག་སྒྲིལ་བྱས་ཡོད། བདུན་ནས་བློ་བརྟན་འགྱུར་མེད་ངང་ཏང་འཛུགས་སྐྱོང་གི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཏང་ལ་དོ་དམ་དང་དཔོན་རིགས་སྐྱོང་བར་གྲུབ་འབྲས་གསར་བ་ཐོབ་པ་དང་རྣམ་པ་གསར་བ་མངོན་རྒྱུར་སྐུལ་འདེད་བཏང་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག2024ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་བྱ་བར་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་ནས། བསྟན་དོན། ཁུལ་ཨུས་ཁུལ་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། གོ་སྐབས་དམ་འཛིན་བྱེད་པའི་ཁྲོད་རང་འགུལ་ངང་བྱས་རྗེས་འཇོག་པ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ཁྲོད་མདུན་སྐྱོད་སྦྱོང་བརྡར་བྱེད་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕུགས་ཕན་སྐུལ་འདེད་གཏོང་བ། མཚོ་བྱང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ཐོན་ལས་ཐེངས་གསུམ་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ་དང་། ཐབས་མང་མཉམ་སྤྱོད་ཀྱིས་འཕེལ་རྒྱས་ཀྱི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་བྱུང་བའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་། མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་མཁར་གྲོང་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་ཕྱིན་པ་དང་། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་རྒྱུ་དེ་མགོ་རྩོམ་ས་དང་དོན་ལ་བབས་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་པས་དམངས་འཚོ་འགན་ལེན་གྱི་ཆུ་ཚད་ཉིན་རེ་བཞིན་ཇེ་མཐོ་རུ་ཕྱིན་པ། བདེ་འཇགས་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་པོ་མཐའ་གཅིག་ཏུ་སྲུང་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ཇེ་ལེགས་སུ་ཕྱིན་ཡོད། འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུར་ཀྱག་ཀྱོག་དང་དཀའ་ཚེགས་ཀྱིས་ཁེངས་པ་དང་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས། མི་རྣམས་ལ་སྐུལ་མ་བཏང་ནས་ངར་ཤུགས་སྔར་ལས་ཆེ་བ་དང་ཡིད་ཆེས་སྔར་ལས་ཆེ་རུ་བཏང་ཡོད་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་ད་ལོའི་ཁུལ་ཡོངས་ཀྱི་བྱ་བའི་སྤྱིའི་བླང་བྱ་བཏོན་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་ཚོགས་འདུ"ཆེས་ཆེ་བ་གསུམ"གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང"དེ་ལས་གལ་ཆེ་བ་གསུམ"གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ནས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་གནད་ལ་འཁེལ་བ་དང་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ནང་ཧུར་ཐག་ཞུགས་པ་དང་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་བློ་བརྟན་འགྱུར་མེད་དང་སྔར་ལས་རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་དང་ཞབས་འདེགས་ཞུ་བ། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་སྲ་བརྟན་དུ་གཏོང་བ། "ལྔ་བཅུ་བཞིའི"འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བཅས་བྱས་ཏེ"ལྔ་བཅོ་ལྔའི"མགོ་ཡག་པོ་ཞིག་འཛུགས་པར་རྨང་གཞི་བརྟན་པོ་འདིང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་མཚོ་བྱང་གི་ལེའུ་འབད་པས་རྩོམ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་གསར་བ་དང་བཀོད་སྒྲིག་གསར་བར་གོ་བ་གཏིང་ཟབ་ལེན་པ་དང་། མཚོ་བྱང་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་དང་འགྲན་སློང་གསར་བ་ཁོང་དུ་ཡང་དག་ཆུད་པ། མཚོ་བྱང་འཕེལ་རྒྱས་ཀྱི་དམིགས་འབེན་གསར་བ་དང་ཐབས་ལམ་གསར་བ་ཚན་རིག་དང་མཐུན་པར་གཏན་འབེབས་བཅས་བྱེད་དགོས་ཏེ། གཅིག་ནས་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ"ལྔ་བཅུ་བཞིའི""མཇུག་བསྡུའི་དམག་འཐབ"མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང་ཆུ་ཚད་མཐོ་བའི་སྒོ་ནས"ལྔ་བཅོ་ལྔའི"འཆར་འགོད་བཟོས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་གི་ལག་ལེན་གསར་བར་སྔར་བས་སྐུལ་འདེད་ནུས་ལྡན་གཏོང་ཆེད། རྨང་གཞི་བརྟན་པོ་འདིང་དགོས། གཉིས་ནས་མ་ལག་ཕྱོགས་བསྡུས་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི"སྤྱི་ཡོངས་ཀྱི་དམག་འཐབ"མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང་བཅོས་སྒྱུར་གྱི་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་བཅོས་སྒྱུར་གསར་གཏོད་ཀྱི"མཚོ་བྱང་ལམ་བུ"ཞིག་གཏོད་དགོས། གསུམ་ནས་ཁྱད་ལྡན་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི"རང་འགུལ་དམག་འཐབ"མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང"ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས"མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་སྣ་མང་ཅན་གྱི་འཛད་སྤྱོད་དགོས་མཁོ་སྔར་ལས་ལེགས་པའི་ངང་སྐོང་དགོས། བཞི་ནས་ཡུལ་བབ་དང་བསྟུན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལྗང་མདོག་གློག་རྩིས་མཐུན་སྦྱོར་འཕེལ་རྒྱས་ཀྱི"འགག་སྒྲོལ་དམག་འཐབ"མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང་སྤུས་ལེགས་ལྗང་མདོག་གློག་རྩིས་ཁེ་ལས་དང་ལས་གཞི་ནང་འདྲེན་བྱ་རྒྱུར་ཤུགས་བསྣན་ནས་གཞི་ཁྱོན་སྔ་མོ་ནས་ཆགས་པ་དང་གཅིག་སྡུད་ཀྱི་ཕན་འབྲས་ཐོན་རྒྱུའི་བརྩོན་ལེན་བྱེད་དགོས། ལྔ་ནས་འཕེལ་རྒྱས་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཚོང་འགུགས་མ་འདྲེན་གྱི"མཐུན་སྦྱོར་དམག་འཐབ"མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས་ལས་གཞི་ནང་འདྲེན་ཐུབ་པ་དང་དོན་འཁྱོལ་མགྱོགས་པ། འཕེལ་རྒྱས་ཡག་པོ་ཡོང་བ་བཅས་ཀྱི་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། དཔལ་འབྱོར་འཛུགས་སྐྲུན་སྤྱི་འདོམས་སུ་བྱས་ཏེ། སྐྱེ་ཁམས་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ། དམངས་འཚོ་འགན་སྲུང་། བསམ་པའི་དཔལ་ཡོན་སོགས་ཁྱབ་ཁོངས་སོ་སོའི་བྱ་བ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས་ཏེ། གཅིག་ནས་དགེ་མཚན་ལྡན་པའི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ཁུལ་ལེགས་པོ་གཉེར་བ་དང"མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ"དང"མཚོ་སྔོན་པོའི་འགྲམ་གྱི་རྩྭ་ཆུ་བཟང་པོའི"ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ལེགས་པོ་གཉེར་བ། འཇུ་ལག་མེ་ལྷ་གངས་དཀར་དང་སེམས་ཉིད་ནགས་ཚལ། མདོ་ལའི་ཨ་མྱེས་སྟོང་སོ། རྐང་ཚའི་ལྷ་ཆབ་ཁུག མདའ་བཞིའི་གསེར་དངུལ་ཐང་བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཁུལ་ལེགས་པོར་གཉེར་བ་བཅས་བྱས་ནས་ཆས་རྟགས་རྒྱ་སྐྱེད་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། ནུས་རྒྱུ་གཙང་མ་ཐོན་སྐྱེད་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཁུལ་ཆེ་རུ་བཏང་ནས་རྐང་ཚ་རྫོང་གི་ནུས་རྒྱུ་གཙང་མའི་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མཚོ་བྱང་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཁུལ་ཡག་པོ་གཉེར་ནས། ཞབས་ཞུའི་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་ཡག་པོ་སྐྱོད་དགོས། གཉིས་ནས་སྐྱེ་ཁམས་ཁོར་ཡུག་གི་ནང་དོན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་དགོས། མཚོ་སྔོན་པོ་དང་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་མདོ་ལ་རིང་མོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་སྲུང་བ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་གནམ་སྔོན་པོ་དང་ཆུ་གཙང་མོ། རི་མཐོ་ས་གཙང་སྲུང་སྐྱོབ་ཀྱི་དམག་འཐབ་རྒྱུན་མཐུད་ངང་ཡག་པོ་བརྒྱབ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་ཡག་པོ་སྐྱོད་དགོས། གསུམ་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། "འགན་ལེན་གསུམ"དང་འཐུང་ཆུའི་བདེ་འཇགས་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པའི་ལམ་སྲོལ་དང་ཡོང་འབབ་དམའ་བའི་མི་འབོར་ལ་རིམ་དབྱེའི་རོགས་སྐྱོར་ལམ་ལུགས་གཅིག་གྱུར་འཆར་འགོད་བྱས་ནས་བཙུགས་ཏེ། གཏན་འབེབས་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་དགོས། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི"གཅིག་ཅན་དགུའི"བཟོ་སྐྲུན་ཆ་ཚང་གི་སྤུས་ཚད་མཐོ་རུ་དང་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བརྟན་པོ་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་འགྲོ་བའི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི"སྡེ་བ་སྟོབས་ཆེར་གཏོང་བའི"བཟོ་སྐྲུན་ལག་བསྟར་བྱས་ཏེ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་ཡག་པོ་སྐྱོད་དགོས། བཞི་ནས་གཟུགས་ལྡན་ཚོར་སྣང་ནུས་ལྡན་ཡོང་རྒྱུར་མཐོང་ཆེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་བྱེད་པའི་ལས་སྟེགས་དང་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། མཁར་དམར་གནའ་ཤུལ་གྱི་རྗེས་ཤུལ་དང་ནུབ་མཚོ་ཅུན་དངོས་མང་བཤམས་སྟོན་ཁང་གི་རིག་གནས་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཡག་པོ་བཅས་བྱེད་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་བྱས་ནས་ཁྱབ་ཁོངས་སོ་སོའི་ཉེན་ཁ་ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་སེལ་དགོས། འདུ་ཤེས་འཛིན་སྟངས་བྱ་བའི་རང་འགུལ་དབང་ཆ་སྟངས་འཛིན་ནན་མོ་བྱས་ཏེ། མཚོ་བྱང་གི་མཚན་སྙན་ཕྱོགས་ཡོངས་ནས་བརྒྱུད་སྒྲོག་བྱེད་པ་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བཤད་པ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་བརྩོན་གྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་ཡག་པོ་བསྐྱོད་དགོས། ལྔ་ནས་བསམ་པའི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གསར་བརྗེའི་གཞི་རྒྱུ་མུ་མཐུད་རྒྱུན་འཛིན་དང"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བྱས་ཏེ། ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོ་བཤད་པ་དང་གསར་བརྗེའི་ཉམས་ཞིབ་ཆས་རྟགས་དང་སློབ་གསོའི་རྟེན་གཞི་རྒྱུན་མཐུད་ངང་བསྐྲུན་པ། གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཉམས་ཞིབ་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་རྒྱ་ཁྱབ་ཏུ་སྤེལ་བ་བཅས་བྱས་ཏེ་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལམ་བུར་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དགོས། དྲུག་ནས་དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་ཏན་ཏིག་གཏོང་དགོས། ལས་ཞུགས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་དང་ངལ་ལས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གསོ་དང་སྨན་བཅོས། རིག་གནས། སྤྱི་ཚོགས་འགན་སྲུང་སོགས་སྤྱི་པའི་བྱ་གཞག་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ། མང་ཚོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་ལམ་བུར་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་མཁས་འདེམས་འཇོན་བསྐོ། རྨང་རྩ་གཉིས་བརྟན་ཡོང་བ། སྤྱོད་གཙང་སྒྲིག་ནན་བཅས་ཀྱི་བྱ་བ་སོ་སོ་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཏེ། གཅིག་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྔར་བས་ནན་དུ་གཏོང་བ་དང"གལ་ཆེན་གསུམ་དང་འབོར་ཆེན་གཅིག"དང་དོན་དག་གལ་ཆེན་དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་བ་དང་ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་གནད་འཁེལ་ཅན། རྒྱུན་ལྡན་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང"གཏན་འཁེལ་གཉིས"དེ"སྲུང་སྐྱོང་གཉིས"མཐའ་གཅིག་སྒྲུབ་ཐུབ་པའི་སྟེང་སྒྱུར་ཏེ། བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་ཀྱིས་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་སྲིད་བཀའ་ཐོགས་མེད་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། གཉིས་ནས་གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་མངོན་གསལ་དོད་པའི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་ཏང་འཛུགས་སྐྱོང་གི"གཅིག་ཅན་དྲུག"གི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཀྲི་པུའུ་ཚད་ལྡན་ཅན་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་བསྣན་ནས་ཡུལ་ཚོ་དང་སྡེ་བ(སྡེ་ཁུལ)འི"བཅུ་ལྡན"བཟོ་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ་དང་གཞི་རིམ་གྱི་ཁྱབ་ཁོངས་སོ་སོའི་ཏང་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་སྟེ"གསར་བ་གཉིས"ཀྱི་ཏང་རྩ་འཛུགས་དང"ཁེབས་པ་གཉིས"ཀྱི་སྤུས་ཚད་གཙོ་གནད་ཐོག་མཐོ་རུ་བཏང་ནས་ཏང་ཡོན་གྱི་རྒྱུན་གཏན་སློབ་གསོ་དོ་དམ་ལྟ་སྐུལ་ནན་མོ་བྱེད་དགོས།གསུམ་ནས་དུས་རབས་གསར་བའི་ལས་བྱེད་པ་བཟང་པོའི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། ཏང་སྲིད་ལས་བྱེད་པའི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་བཟོ་སྐྲུན་ལག་བསྟར་ཤུགས་ཆེན་བྱེད་པ་དང་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དོ་དམ་ནན་མོ་དང་དགའ་ཞེན་ཟབ་མོ་གལ་ཆེན་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ"དབྱེ་འབྱེད་གསུམ"དོན་འཁྱོལ་ནན་མོ་བྱེད་པ། ལས་བྱེད་པར་ཕྱོགས་ཡོངས་ནས་དོ་དམ་དང་རྒྱུན་ལྡན་རང་བཞིན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣ་གནས་ཐུབ་པ་དང་བཀོལ་སྤྱོད་བྱེད་ཐབས་ལ་ཤུགས་སྣོན་པ། དངོས་སྒྲུབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་དངོས་སྒྲུབ་ཀྱི་བློ་སྟོབས་མངོན་པ། དངོས་སྒྲུབ་འཇོན་ཐང་སྦྱོང་བརྡར་བཅས་བྱེད་དགོས། བཞི་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་རྒྱུན་མཐུད་ངང་རྒྱུན་འཁྱོངས་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་དང་ཆབ་སྲིད་སྐོར་ཞིབ་ཀྱི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ནས་རུལ་སུངས་སྐྱེ་འཕེལ་གྱི་ས་རྒྱུ་དང་ཆ་རྐྱེན་རྩ་མེད་མཐའ་གཅིག་ཏུ་བཏང་སྟེ"མི་རུལ་པ་གསུམ"ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཡན་དང་རུལ་སུངས་ཀྱི་གནད་དོན་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚུར་ལན་གནད་དོན་དག་ཐེར་ཡོ་བསྲང་གི"རྩོམ་ཡིག་ཕྱི་མོ"ལེགས་པར་བསྒྲུབ་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག ད་ལོའི་དཔལ་འབྱོར་བྱ་བར་དམིགས་ཏེ། གཅིག་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་སྐྱེ་ཁམས་བཅོས་སྐྱོང་བཟོ་སྐྲུན་ལ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ། རྒྱུན་རྣམ་དང་ཕུགས་ཕན་ལ་བརྟེན་ནས"ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་གསུམ་མཉམ་ཁེ"ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནས་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་བཟོ་གཏེར་ལས་རིགས་བརྟན་པོའི་ངང་བསྐྱར་འཕར་ཡོང་བ་དང་། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གསུམ་ནས་སྲིད་འཛིན་ཞིབ་མཆན་འགོད་པའི་ཞབས་ཞུ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས་ལས་གཞི་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནོར་ཁྲལ་དངུལ་རྩའི་མངོན་མེད་ནུས་ཤུགས་སྔོག་འདོན་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། ཚོང་འགུགས་མ་འདྲེན་ལ་ནུས་པ་སྦྱིན་རྒྱུར་སྐུལ་འདེད་གཏོང་བ་དང་རོགས་སྐྲུན་རོགས་ལས་ཀྱི་ཡིག་ཚགས་འདོན་རྒྱུར་སྐུལ་འདེད་གཏོང་དགོས། བཞི་ནས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མཁར་གྲོང་ཅན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་བ། མཁར་གྲོང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ལྔ་ནས་བྱིས་པར་སློབ་གསོ་ཡོད་པ་དང་སློབ་ལ་འཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ་དང་རྒས་དུས་འཚོ་རྟེན་ཡོད་པ། ན་དུས་སྨན་བཅོས་ཐུབ་པ་དང་ཉམས་ཞན་རོགས་སྐྱོར་ཐུབ་པ། སྡོད་སའི་ཁང་བ་ཡོད་པ་དང་རྩེད་མོ་སྐྱིད་པོ་ཡོད་པ་བཅས་འགན་སྲུང་ཡག་པོ་བྱེད་དགོས། དྲུག་ནས་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། བདེ་འཇགས་གསར་སྐྲུན་དང་སྤྱི་ཚོགས་བརྟན་ལྷིང་། མཁོ་བསྟུན་ཐག་གཅོད་དང་ཐོན་སྐྱེད་བདེ་འཇགས་བཅས་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན།

ཚང་འཛོམས་གྲོས་ཚོགས་ཐོག གཅིག་ནས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་མགྱོགས་མྱུར་ཁག་བགོས་དོན་འཁྱོལ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་ལོ་ཧྲིལ་བོའི་བྱ་བར་ཇུས་འགོད་དང་སྐུལ་འདེད་ཏན་ཏིག་གཏོང་དགོས། གཉིས་ནས་བརྒྱུད་རིམ་ལྡན་པའི་བསམ་གཞིགས་ལ་བརྟེན་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་ཇུས་འགོད་དང་བཀོད་སྒྲིག་བྱས་ནས་མཚོ་བྱང་གི་བྱ་བར་བསམ་བློ་སྔར་ལས་གཏིང་ཟབ་གཏོང་དགོས། གསུམ་ནས་དམངས་འཚོ་མཐིལ་འགྱོག་འགན་ལེན་ནན་ཏན་བྱས་ཏེ། ལས་ཞུགས་བརྟན་པོ་དང་ཟོག་གོང་བརྟན་པོ། མཁོ་སྤྲོད་འགན་ལེན་སོགས་ཀྱི་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས། བཞི་ནས་འགལ་བ་དང་རྩོད་གཞི་སྣ་ཚོགས་གཅིག་སྡུད་ཐོག་གྲལ་བཤེར་དང་སེལ་ཐབས་གཏིང་ཟབ་བྱས་ཏེ། གནོད་འཚེའི་རང་བཞིན་གྱི་གནམ་གཤིས་སྔོན་དཔག་དང་སྔོན་བརྡ་གཏོང་བ། མཁོ་བསྟུན་ཐག་གཅོད་ཡག་པོ་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། ལྔ་ནས་དུས་ཆེན་རིང་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དགུན་དཔྱིད་ཀྱི་ཡུལ་སྐོར་ལ་དམ་འཛིན་ཡག་པོ་བྱས་ཏེ། ཡུལ་སྐོར་བ་སྔར་ལས་མང་བ་མཚོ་བྱང་དུ་ཡོང་རྒྱུའི་ཡིད་དབང་འགུག་དགོས། དྲུག་ནས་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་ཞིང་ཆེན་དང་ཁུལ་གྱི་གཏན་འབེབས་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། ལས་རེས་ལ་ཤུགས་སྣོན་པ་དང་སྤྱོད་གཙང་ངང་དུས་ཆེན་རོལ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན།

ཚང་འཛོམས་གྲོས་ཚོགས་ཐོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིམངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ"ལྔ་བཅུ་བཞིའི"དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་འཛུགས་སྐྲུན་གྱི་ལེའུ་གསར་བ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་འབོད་སྐུལ་བྱས།

ཁུལ་ཨུའི་ཨུ་ཡོན་དང་ཁུལ་ཨུའི་རྗེས་སྣོན་ཨུ་ཡོན་ཚོགས་འདུར་སླེབས། ཁུལ་ཨུའི་ཨུ་ཡོན་དང་ཁུལ་ཨུའི་རྗེས་སྣོན་ཨུ་ཡོན་མིན་པའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཁུལ་ལྟ་སྐུལ་ཨུ་ལྷན་གྱི་ཨུ་ཡོན། རྫོང(ཞིང་ར)སོ་སོའི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་ཙུའུ(ཏང་ཨུ)དང་། མང་ཚོགས་ཚོགས་པ་སོ་སོའི་ཏང་ཙུའུ་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཁོངས་ཀྱི་ཁེ་ལས་དང་དོན་ལས་སྡེ་ཁག་སོ་སོ་དང་། ཁུལ་དུ་བཅའ་སྡོད་བྱེད་པའི་ཞིང་ཆེན་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་དང་ཁུལ་གྱི་ཏང་གི་འཐུས་མི་ཁག་ཅིག ཡུལ་ཚོ་དང་སྡེ་བ་སོ་སོའི་ཏང་ཨུའི་འགན་འཁུར་བློ་མཐུན། ཁུལ་དུ་བཅའ་སྡོད་བྱེད་པའི་གསར་འགྱུར་སྨྱན་སྦྱོར་གྱི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号