རྐང་ཚ་རྫོང་བོད་སྨན་ཁང་གི་བོད་ལུགས་གསོ་རིག་རིག་གནས་དྲིལ་སྒྲོག་སློབ་གསོའི་རྟེན་གཞི་དེ་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་རིག་གནས་དྲིལ་སྒྲོག་སློབ་གསོའི་རྟེན་གཞིར་གཏན་འཁེལ་བྱས།

《མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞུང་ལས་ཁང་གི་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་སོགས་ལས་ཁུངས16མཚོ་སྔོན་ཞིང་ཆེན་ཀྲུང་ལུགས(བོད་ལུགས)གསོ་རིག་རིག་གནས་དྲིལ་སྒྲོག་སློབ་གསོའི་རྟེན་གཞིར་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》 (མཚོ་སྔོན་འཕྲོད་བསྟེན་བདེ་ཐང་གཞུང་ལས་ཁང་གི་ཡིག་ཨང(2024)206པ)ཡི་དགོངས་དོན་གཞིར་བཟུང་ནས། རྐང་ཚ་རྫོང་བོད་སྨན་ཁང་གི་བོད་ལུགས་གསོ་རིག་རིག་གནས་དྲིལ་སྒྲོག་སློབ་གསོའི་རྟེན་གཞིར་ཆེད་མཁས་པས་དཔྱད་བཤེར་བྱས་པ་བརྒྱུད་དེ་རྩིས་ལེན་གྲོས་འཆམ་བྱུང་ལ། ད་ལྟ་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་རིག་གནས་དྲིལ་སྒྲོག་སློབ་གསོའི་རྟེན་གཞིར་གཏན་འཁེལ་བྱས།   

རྗེས་མར་རྐང་ཚ་རྫོང་བོད་སྨན་ཁང་གིས་སྨན་ཁང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། སྲ་ཆས་ལ་མ་དངུལ་གཏོང་ཤུགས་དང་བོད་ལུགས་གསོ་རིག་གི་རིག་གནས་ཐོན་རྫས་གསར་སྤེལ་ཤུགས་ཚད་ཇེ་ཆེར་གཏོང་བ།  ཚན་རིག་ཁྱབ་གདལ་མི་སྣ་གསོ་སྦྱོང་དང་བོད་ལུགས་གསོ་རིག་གི་རིག་གནས་ཞིབ་འཇུག་དང་ལེགས་སྒྲིག་བྱ་རྒྱུར་ཤུགས་སྣོན་པ།   དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།   ཧུར་ཐག་གིས་བོད་ལུགས་གསོ་རིག་གི་རིག་གནས་འགྲེམ་སྟོན་དང་ཁྱབ་སྤེལ་བཅས་བྱས་ཏེ། མུ་མཐུད་དུ་བོད་ལུགས་གསོ་རིག་རིག་གནས་གསར་སྐྲུན་རང་བཞིན་གྱིས་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱིས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་མ་ཟད།   རྟེན་གཞིའི་ཚད་གཞི་ཡི་བླང་བྱ་ལྟར་མུ་མཐུད་དུ་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号