མདོ་ལ་རྫོང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་མཛེས་མཐུན་གྲོང་གསེབ་ཀྱི་རྨང་རྩ་ཇེ་བརྟན་དུ་བཏང་།
ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་དངོས་ཡོད་ལ་གཞི་ཚུགས་ཤིང་། མི་འདང་ས་ཁ་གསབ་དང་ཞན་ཆ་ཡོ་བསྲང་། དཀའ་གནད་སེལ་བ་ལ་ཤུགས་བསྣན་ཏེ་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་མཐོ་རུ་གཏོང་བ་བྱ་བའི་གཙོ་གནད་དུ་བཟུང་ནས་གནས་བབ་དང་བསྟུན་པའི་ཆ་འགྲིག་སྒྲིག་བཀོད་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ནས་ལས་དོན་ཁག་ལ་ཕན་འབྲས་གསར་བ་ཐོན་པར་ཁག་ཐེག་བྱས།གྲོང་ཤང་རྣམ་པར་སྤྱིའི་ཆ་ནས་མཐོར་འདེགས་བྱུང་། “མི་གཏན་འཁེལ་དང་ལས་གནས་གཏན་འཁེལ། འོས་འགན་གཏན་འཁེལ། ལམ་དུམ་གཏན་འཁེལ”གྱི་དྲ་མིག་ཅན་དོ་དམ་ལེགས་སྒྱུར་བྱས་ཤིང་། “མི་དང་འཕྲུལ་ཆས་ཟུང་འབྲེལ”གྱི་གཙང་སྦྲ་ལས་ཀའི་རྣམ་པ་ཡིས་རྫོང་མཁར་ཁྱབ་ཁོངས་ཀྱི་གཞུང་ལམ་ཆེ་ཆུང་དང་སྲང་མདོ་ཁྲོམ་ལམ་གྱི་བཅོས་སྐྱོང་ནུས་ཤུགས་ཆེ་རུ་བཏང་ནས་ཉིན་དང་མཚན་གྱི་རེས་མོས་ལས་སྲུང་གི་བྱ་བའི་བྱེད་སྟངས་ལྟར། རླངས་འཁོར་དང་མི་སྣ་ཡི་བྱ་བའི་ཐེངས་གྲངས་ཚུལ་མཐུན་གྱིས་ཇེ་མང་དུ་བཏང་སྟེ་དྲ་ཁེབས་དང་ཡོངས་ཁྱབ་ཀྱི་གད་བདར་གཙང་སྦྲ་སྤེལ། གཙང་སྦྲ་མཁན་སྡོམ་པའི་མི་ཐེངས་ཁྲི2.68བཏང་ལ། འཚོ་བའི་གད་སྙིགས་ཏུན23883.43གཙང་སེལ་བྱས། ཁོར་སྲུང་བྱ་བར“ལོང་ཁུལ་མེད་པ”མངོན་འགྱུར་བྱས་ཏེ་མང་ཚོགས་ཀྱི་ཡིད་ཚིམས་ཚད་དང་བདེ་སྣང་མུ་མཐུད་མཐོ་རུ་ཕྱིན།རྨང་གཞིའི་སྒྲིག་བཀོད་ཟམ་མ་ཆད་པར་འཐུས་ཚང་དུ་བཏང་། བཙུན་མོ་གཞོང་གྲོང་རྡལ་ར་གདོང་སྡེ་བ་དང་མུ་རི་གྲོང་རྡལ་ལོ་རྒན་སྡེ་བའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལས་གཞི་དང་། བཙུན་མོ་གཞོང་གྲོང་རྡལ་སྟག་སྣ་དགོན་སྡེ་བ་དང་ཁྲ་གཟེབ་ལུང་བ་སྡེ་བ། མཁར་དམར་གྲོང་རྡལ་མཁར་དམར་སྡེ་བ་ཡི་འཚོ་བའི་གད་སྙིགས་ཀྱི་གཙང་འདྲུད་སྒྲིག་བཀོད་ཉོ་སྒྲུབ་སོགས་ལས་གཞི་ལ་མ་རྩ་བཏང་ནས་ལག་ཏུ་བསྟར། འབྲུབ་དུས་རང་བྱུང་གནོད་འཚེ་མྱུར་སྐྱོབ་གནོད་འགོག་དང་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་གཞི་ཁྱིམ་ཚང72དང་། ཁྱིམ་ཚང50ཡི་ཡོམ་འགོག་ལེགས་སྒྱུར་དང་ཉེན་ལྡན་ཁང་བ་ལེགས་བཅོས་ལས་གཞི་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས།ལས་རིགས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན། སྒྲིག་སྦྱོར་རྣམ་པའི་བཟོ་སྐྲུན་ལས་གཞིའི་འཛུགས་སྐྲུན་དང་སྒྲིག་སྦྱོར་རྣམ་པའི་བཟོ་སྐྲུན་ལག་རྩལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས་ལྗང་མདོག་བཟོ་སྐྲུན་ཚད100%ལ་སླེབས་ཡོད། སྤྱིར་བཏང་གི་བུན་འཛིན་མ་དངུལ་སྒོར་ཁྲི3660རེ་ཞུ་བྱས་ཏེ་དྲོད་འདོན་ཁེ་ལས་སོ་སོའི་དྲོད་ཐབ་དང་གཞོགས་འདེགས་འཕྲུལ་ཆས་ཀྱི་རྙིང་ཧྲུལ་གས་སྐྱོན་ཤོར་བའི་གནད་དོན་ལ“དབྱར་བཅོས”བྱས། རེ་ཞུའི་ཆ་རྐྱེན་མི་ལོངས་པའི་རྙིང་རྒས་གཞིས་ཁུལ་དང་གཞིས་ཁུལ་གྱི་དྲོད་འདོན་སྦུག་དྲ་རྙིང་གྱུར་གནད་དོན་ལ་ལེགས་བཅོས་བཏང་།
ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་དངོས་ཡོད་ལ་གཞི་ཚུགས་ཤིང་། མི་འདང་ས་ཁ་གསབ་དང་ཞན་ཆ་ཡོ་བསྲང་། དཀའ་གནད་སེལ་བ་ལ་ཤུགས་བསྣན་ཏེ་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་མཐོ་རུ་གཏོང་བ་བྱ་བའི་གཙོ་གནད་དུ་བཟུང་ནས་གནས་བབ་དང་བསྟུན་པའི་ཆ་འགྲིག་སྒྲིག་བཀོད་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ནས་ལས་དོན་ཁག་ལ་ཕན་འབྲས་གསར་བ་ཐོན་པར་ཁག་ཐེག་བྱས།
གྲོང་ཤང་རྣམ་པར་སྤྱིའི་ཆ་ནས་མཐོར་འདེགས་བྱུང་། “མི་གཏན་འཁེལ་དང་ལས་གནས་གཏན་འཁེལ། འོས་འགན་གཏན་འཁེལ། ལམ་དུམ་གཏན་འཁེལ”གྱི་དྲ་མིག་ཅན་དོ་དམ་ལེགས་སྒྱུར་བྱས་ཤིང་། “མི་དང་འཕྲུལ་ཆས་ཟུང་འབྲེལ”གྱི་གཙང་སྦྲ་ལས་ཀའི་རྣམ་པ་ཡིས་རྫོང་མཁར་ཁྱབ་ཁོངས་ཀྱི་གཞུང་ལམ་ཆེ་ཆུང་དང་སྲང་མདོ་ཁྲོམ་ལམ་གྱི་བཅོས་སྐྱོང་ནུས་ཤུགས་ཆེ་རུ་བཏང་ནས་ཉིན་དང་མཚན་གྱི་རེས་མོས་ལས་སྲུང་གི་བྱ་བའི་བྱེད་སྟངས་ལྟར། རླངས་འཁོར་དང་མི་སྣ་ཡི་བྱ་བའི་ཐེངས་གྲངས་ཚུལ་མཐུན་གྱིས་ཇེ་མང་དུ་བཏང་སྟེ་དྲ་ཁེབས་དང་ཡོངས་ཁྱབ་ཀྱི་གད་བདར་གཙང་སྦྲ་སྤེལ། གཙང་སྦྲ་མཁན་སྡོམ་པའི་མི་ཐེངས་ཁྲི2.68བཏང་ལ། འཚོ་བའི་གད་སྙིགས་ཏུན23883.43གཙང་སེལ་བྱས། ཁོར་སྲུང་བྱ་བར“ལོང་ཁུལ་མེད་པ”མངོན་འགྱུར་བྱས་ཏེ་མང་ཚོགས་ཀྱི་ཡིད་ཚིམས་ཚད་དང་བདེ་སྣང་མུ་མཐུད་མཐོ་རུ་ཕྱིན།
རྨང་གཞིའི་སྒྲིག་བཀོད་ཟམ་མ་ཆད་པར་འཐུས་ཚང་དུ་བཏང་། བཙུན་མོ་གཞོང་གྲོང་རྡལ་ར་གདོང་སྡེ་བ་དང་མུ་རི་གྲོང་རྡལ་ལོ་རྒན་སྡེ་བའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལས་གཞི་དང་། བཙུན་མོ་གཞོང་གྲོང་རྡལ་སྟག་སྣ་དགོན་སྡེ་བ་དང་ཁྲ་གཟེབ་ལུང་བ་སྡེ་བ། མཁར་དམར་གྲོང་རྡལ་མཁར་དམར་སྡེ་བ་ཡི་འཚོ་བའི་གད་སྙིགས་ཀྱི་གཙང་འདྲུད་སྒྲིག་བཀོད་ཉོ་སྒྲུབ་སོགས་ལས་གཞི་ལ་མ་རྩ་བཏང་ནས་ལག་ཏུ་བསྟར། འབྲུབ་དུས་རང་བྱུང་གནོད་འཚེ་མྱུར་སྐྱོབ་གནོད་འགོག་དང་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་གཞི་ཁྱིམ་ཚང72དང་། ཁྱིམ་ཚང50ཡི་ཡོམ་འགོག་ལེགས་སྒྱུར་དང་ཉེན་ལྡན་ཁང་བ་ལེགས་བཅོས་ལས་གཞི་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས།
ལས་རིགས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན། སྒྲིག་སྦྱོར་རྣམ་པའི་བཟོ་སྐྲུན་ལས་གཞིའི་འཛུགས་སྐྲུན་དང་སྒྲིག་སྦྱོར་རྣམ་པའི་བཟོ་སྐྲུན་ལག་རྩལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ནས་ལྗང་མདོག་བཟོ་སྐྲུན་ཚད100%ལ་སླེབས་ཡོད། སྤྱིར་བཏང་གི་བུན་འཛིན་མ་དངུལ་སྒོར་ཁྲི3660རེ་ཞུ་བྱས་ཏེ་དྲོད་འདོན་ཁེ་ལས་སོ་སོའི་དྲོད་ཐབ་དང་གཞོགས་འདེགས་འཕྲུལ་ཆས་ཀྱི་རྙིང་ཧྲུལ་གས་སྐྱོན་ཤོར་བའི་གནད་དོན་ལ“དབྱར་བཅོས”བྱས། རེ་ཞུའི་ཆ་རྐྱེན་མི་ལོངས་པའི་རྙིང་རྒས་གཞིས་ཁུལ་དང་གཞིས་ཁུལ་གྱི་དྲོད་འདོན་སྦུག་དྲ་རྙིང་གྱུར་གནད་དོན་ལ་ལེགས་བཅོས་བཏང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注