མཚོ་བྱང་ཁུལ་གྱི་མི་ཞིག་ལ“རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་སྒྲུབ་པའི”གཟི་བརྗིད་མཚན་སྙན་ཐོབ།

ཟླ10པའི་ཚེས25ཉིན། རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་ངལ་རྩོལ་དཔེ་བཟང་། སྔོན་ཐོན་ལས་སྒྲུབ་པ་བཅས་ཀྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དམངས་སྲིད་ཅུས་ཀྱི་ཡོང་འབབ་དམའ་བའི་སྡེ་མིའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་ལྟེ་གནས་ཀྱི་ཀྲུའུ་རིན་བློ་མཐུན་ཆའོ་ཡོན་ཅེ་ལ་རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་སྒྲུབ་པའི་གཟི་བརྗིད་མཚན་སྙན་ཐོབ།

པར་འདིའི་གཡས་ཕྱོགས་ཀྱི་དང་པོ། རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་སྒྲུབ་པ་ཆའོ་ཡོན་ཅེ།

ད་ལོ་ནས་བཟུང་། ཁུལ་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དམངས་སྲིད་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་བཅོས་གཏོང་པ། ནུས་ཤུགས་གང་ཡོད་འདོན་པ། ནུས་པས་ལྕོགས་ཚོད་སྒྲུབ་པ་བཅས་བྱས་ཏེ་ཡོང་འབབ་དམའ་བའི་མི་འབོར་གྱི་སྒུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་པ་དང་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་བྱ་བ་ཡག་པོར་སྒྲུབ་ཡོད། སྤྱི་ཚོགས་རོགས་སྐྱོབ་དེ“འཚོ་གནས་འགན་ལེན”ནས“གཞི་རྩ་འགན་ལེན་དང་ཉེན་ཁ་སྔོན་འགོག འཕེལ་རྒྱས་སྐུལ་འདེད”བཅས་ཀྱི་ཕྱོགས་སུ་རྒྱ་བསྐྱེད་རྒྱུར་སྐུལ་འདེད་གཏོང་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་མ་མཐའི་མཚམས་ཐིག་ཡག་པོར་སྲུང་ནས་འཚོ་བར་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོར་ཐོབ་པ་དང་དཀའ་ངལ་གྱི་གནས་སུ་གྱར་མཁན་ལ་འཚོ་གནས་ཀྱི་སེམས་ཁྲལ་མེད་པ། ངལ་རྩོལ་ལས་གཏོད་བྱེད་མཁན་ལ་འབྱུང་འགྱུར་གྱི་སེམས་ཁྲལ་མེད་པ་བཅས་བྱས། མིག་སྔར་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་ཁྲི17197.58དོན་འཁྱོལ་བྱས་པ་དང་རོགས་སྐྱོབ་མ་དངུལ་སྒོར་ཁྲི11884.98སྤྲད་པར་ཁུལ་ཡོངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི2.56ལ་ཕན་པ་ཐོབ་ནས་ཁུལ་ཡོངས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོབ་སྐྱིད་བདེ་གསུམ་གྱི་སྣང་བ་བཅས་རབ་ཏུ་འཕེལ་ནས་དགའ་བ་སྟོང་གིས་མྱོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号