བཅོས་སྒྱུར་གྱི་གནད་འགག་གི་ཐབས་བཀོད་ཡག་པོར་སྤྱད་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ།
ཀྲུང་གུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཁུལ་ཨུའི་ཧྲུའུ་ཅི། ཤ་བོ་སྐྱབས།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བར་སྔར་ལས་ལྷག་པའི་སྐུལ་འདེད་གཏོང་རྒྱུའི་སྐོར་ལ་འཐབ་ཇུས་བཀོད་སྒྲིག་གནང་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་རྟོག་ཞིབ་གནང་ཡུལ་ཡིན་པས་ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་དང“དོ་ཁུར་བདུན”གྱི་བཅོས་སྒྱུར་ལས་འགན་ལ་དམིགས་ཏེ་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་ཁྲོད“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་འགན་འཁྲི་འཁུར་དགོས་པ་དང་། “ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། ལོ་གཅིག་ལ་སྒྲུབ་པ་དང་ལོ་གསུམ་ལ་ལྟ་བ། ལོ་བཅུ་ལ་ཇུས་འགོད་བྱེད་པའི་སྙིང་སྟོབས་ཀྱི་ཐོག་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ལ། ནུབ་ལམ་དམག་གི་གཏམ་རྒྱུད་ཡག་པོར་བཤད་པ་དང་། ཁ་གཏད་རོགས་སྐྱོར་བྱེད་པའི་ཧྲན་ཏུང་ཞིང་ཆེན་དང་ཀྲུང་དབྱང་ཁེ་ལས་ལ་སྒོ་འབྱེད་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། “མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པའི་ཁྲོད་བཅོས་སྒྱུར་གྱི་གནད་འགག་གི་ཐབས་བཀོད་ཡག་པོར་སྤྱད་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་བརྩམས་ཡོད།
པར་འདི་ནི་རྩོམ་པ་པོས་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པའི་རྣམ་པ། ཁྲིན་ཝུན་ཉན་གྱིས་པར་བླངས།
དང་པོ། བཅོས་སྒྱུར་གྱི་བསམ་ཕྱོགས་དང་བྱེད་ཐབས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་ཡག་པོ་བསྐྲུན་དགོས། ཚང་འཛོམས་གྲོས་ཚོགས་ཐོག“སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུའི”ཐད་འཐབ་ཇུས་བཀོད་སྒྲིག་གསར་པ་བྱས་པ་དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་སྒོས་མཚོན་ཡོད། མཚོ་བྱང་ནི་རྒྱབ་ཕྱོགས་ན་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དང་མདུན་ཕྱོགས་ན་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་སྟེ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་བདག་ཉིད་དུ་གྲུབ་ཡོད་ལ། དེ་ནི་མཚོ་སྔོན་པོ་དང་བར་དམ་ཆུ། འཇུ་ལག་ཆུ། ཙོང་ཆུ། གནའ་ཆུ་བཅས“མཚོ་གཅིག་དང་ཆུ་བོ་བཞིའི”མགོ་ཁུངས་དང་ཆུ་ཁུངས་གསོ་སྐྱོང་ཁུལ་ཡིན་ཞིང་། ཁུལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ17གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.9ཟིན་པ་དེས་ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི59%ཟིན་པ་དང་། མདོ་ལ་རི་བོ་དང་མཚོ་སྔོན་པོ“རྒྱལ་ཁབ་སྤྱི་གླིང་གཉིས”ཀྱི་རྒྱ་ཁྱོན་གྱིས་ཁུལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི80%ཟིན་པ་དང་དེས་ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི58.7%ཟིན་ཡོད། ནགས་སའི་རྒྱ་ཁྱོན་ལ་མུའུ་ཁྲི792.78ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི11.5%ཟིན་པ་དང་། ནགས་ཚལ་ཁེབས་ཚད17.75%ལ་སླེབས་ཡོད། མཚོ་སྔོན་པོའི་མཚོ་ནང་དུ་བཞུར་བའི་ཆུའི85%ཡི་ཆུ་ཁུངས་ནི་མཚོ་བྱང་མངའ་ཁོངས་ནས་ཡོང་བ་དང་། བར་དམ་ཆུའི་ཆུ་ཚད་ཀྱི90%ཡི་ཆུ་ཁུངས་ཀྱང་མཚོ་བྱང་ཡིན་པས་མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་དང་རྨ་ནུབ་དོག་ལམ་གྱི་སྐྱེ་ཁམས་ཆུ་རྒྱུད་ཀྱི་བདེ་འཇགས་སྲུང་སྐྱོབ་དང་དེ་བཞིན་ནུབ་རྒྱུད་ཐང་རྒོད་ཅན་ཤར་རྒྱུད་དུ་མཆེད་པ་ཚོད་འཛིན་བྱེད་པའི་རང་བྱུང་སྲུང་ཡོལ་ཞིག་ཡིན་པས། སྐྱེ་ཁམས་ཀྱི་གནས་བབ་དམིགས་བསལ་ཡིན་ལ་གལ་འགངས་ཆེན་པོ་འདུག ཉེ་བའི་ལོ་ཤས་རིང་། ང་ཚོས་སྲུང་སྐྱོབ་ཆེན་པོར་ཐུན་མོང་ཐོག་དམ་འཛིན་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ནན་ཤོས་ལག་བསྟར་བྱེད་པ། ཞིང་ཆེན་ཡོངས་སུ་གྲོང་ཁྱེར་དང་ཁུལ་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོའི་སྲོལ་ཡིག་ཐོག་མ་སྔོན་ལ་བཏོན་ལ། 《མཚོ་བྱང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་འཆར་འགོད》དང《མཚོ་བྱང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་གྱི་ལས་བགོས་ཇུས་གཞི》སོགས་ས་གནས་རང་བཞིན་གྱི་སྲིད་ཇུས་བྱ་ཐབས་བཟོས་ཤིང་། ཙོང་ཆུ་འབབ་རྒྱུད་དོ་དམ་སྲུང་སྐྱོབ་དང་མཉམ་འགོག་མཉམ་བཅོས་ལམ་སྲོལ་དང་། བར་དམ་ཆུ་འབབ་རྒྱུད་སྲུང་སྐྱོབ་མནའ་འབྲེལ་འཛུགས་རྒྱུའི་འབོད་སྐུལ་བྱས་པས། སྤྱིའི་ཆ་ནས་མཚོ་བྱང་གི་གནས་ཚུལ་དངོས་དང་མཐུན་ཞིང་མཚོ་བྱང་གི་ཁྱད་ཆོས་མངོན་གསལ་དོད་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལམ་ལུགས་མ་ལག་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་ཅིག་ཆགས་ཡོད། ང་ཚོས་བྱེད་པོའི་བྱེད་ནུས་ཁུལ་གྱི་འཆར་འགོད་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་སྐུལ་འདེད་བཏང་ལ། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར7བཏང་ནས། མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་བཀོད་འཐུས་ཚང་དང་ལྗོངས་བཀོད་མཐོར་འདེགས། སྐྱེ་ཁམས་སླར་གསོ། སྐྱེ་ཁམས་གནས་སྤོ་སོགས་ཀྱི་ལས་གཞི70ལྷག་ཙམ་ལ་སྐུལ་འདེད་བཏང་བ་དང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི8དང་དོ་དམ་སྲུང་སྐྱོབ་ས་ཚིགས29བསྐྲུན་ནས་བེད་སྤྱོད་བྱས་ཤིང་། གསའ་དང་དགོ་དམར། རྩྭ་གཡི་སོགས་མདུན་བདར་དངོས་རིགས་ཀྱི་རིགས་ཁྱུའི་གྲངས་འབོར་སླར་གསོ་བྱུང་བ་དང་། གསེར་ཉའི་འཚོ་གནས་གནས་བབས“སྟོངས་ལ་ཉེ་བ”ནས“ཉེན་ཁའི”གནས་སུ་ཇེ་དམའ་རུ་སོང་ཡོད། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང18དུ“རང་བྱུང་སློབ་གྲྭ”བཙུགས་པར་མ་ཟད། མདའ་བཞིའི་མཚོ་སྔོན་པོ་ཁེ་ཐུའུ་བྱེ་བཅོས་ས་ཚིགས་དང་རྐང་ཚ་ཁེ་རམ་ཐང་སྐྱེ་ཁམས་སློབ་གསོ་ས་ཚིགས་གཉིས་ཁུལ་དང་རྫོང་གི་ཏང་གི་སློབ་གྲྭའི་ཉམས་ལེན་སློབ་ཚན་ནང་བཅུག་ཅིང་། མི་ཁྲི15ལྷག་ཙམ་གྱིས་སྐྱེ་ཁམས་སློབ་གསོ་དང་ལེན་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་དེ་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ཐུན་མོང་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། ང་ཚོས་སྐྱེ་ཁམས་ནི་ཁུལ་འཛུགས་པའི་གཞི་རྩ་དང་འཕེལ་རྒྱས་གཏོང་བའི་གནད་འགག་ཡིན་པ་ངོས་འཛིན་གཏིང་ཟབ་བྱུང་ཡོད་དེ། སྐྱེ་ཁམས་དཔལ་ཡོན་བཅོས་སྒྱུར་གཏིང་ཟབ་དང་སྐྱེ་ཁམས་སྲུང་སྐྱོབ་དམ་འཛིན་བྱ་རྒྱུ་དེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་དང་འབྲེལ་བ་ཡོད་པས། ངེས་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་སེམས་ལ་བརྟན་པོར་བཟུང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་བྱ་རྒྱུ་དེ་མཚོ་བྱང་གིས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་ཆེ་ཤོས་སུ་བརྩི་དགོས་ལ། “སྤྱི་གླིང+ས་གནས”ཟུང་དུ་འབྲེལ་བའི་དོ་དམ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་བྱེད་པ་དང་རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་བྱེད་སྟངས་དང་དཔེ་མཚོན་གང་མགྱོགས་སྒོས་བསྐྲུན་ཏེ་ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རང་བྱུང་སྐྱེ་ཁམས་བརྟན་སྲུང་ཡག་པོ་བྱེད་པ་དང་རང་བྱུང་ཐོན་ཁུངས་གསོ་སྲུང་ཡག་པོ་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཡག་པོ་བྱེད་པ་བཅས་བྱས་ཏེ་སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་འཛུགས་སྐྱོང་དང་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཁྲོད་མཚོ་བྱང་གི་གོ་གནས་མངོན་པ་དང་མཚོ་བྱང་གི་ནུས་པ་སྟོན་དགོས།
གཉིས་པ། བཅོས་སྒྱུར་གྱི་བསམ་ཕྱོགས་དང་བྱེད་ཐབས་ལ་བརྟེན་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་ཡག་པོ་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་པར་བསྟན། ཉེ་བའི་ལོ་ཤས་རིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ལ་དམིགས་ཏེ། ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་ཕྱིར་གཏོང་བྱ་ཡུལ་གཏོད་པ་དང"ཐོན་ལས་ཆེན་པོ་ལྔ"སྟོབས་ཆེར་གཏོང་རྒྱུར་དམིགས་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི"གཅིག་ཅན་དགུ"ཡི་བཟོ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ"མདོ་ལའི་རི་འདབས་ཀྱི་ཕྱུགས་ར་བཟང་པོ"ཞེས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་སྐྱེད་སྲིང་ཧུར་ཐག་བྱས་པ། རྟ་དང་ཤྭ་བ། གླ་བ། སྤེན་དཀར་ཇ། སྦྲང་རྩི་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། རང་བྱུང་རྩྭ་ཐང་མུའུ་ཁྲི2322དང་བོད་ལུག་དང་ནོར་གནག་ཁྲི199ལ་སྐྱེ་ལྡན་ལྟ་ཞིབ་ཚད་ལེན་གྱི་དཔང་དངོས་ཐོབ་ཅིང་། 2023ལོར་ཁུལ་ཡོངས་སུ་ལུག་ཁྲི180བཤས་གཏོང་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི25.4%ཟིན་པ་དང་། ནས་ཀྱི་ཐོན་ཚད་ཏུན་ཁྲི6.6ལོན་པ་དེས་ཞིང་ཆེན་ཡོངས་ཀྱི28.1%ཟིན་ཡོད། སྣུམ་རྒྱུའི་ཐོན་ཚད་ཏུན་ཁྲི4.4ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི14.7%ཟིན་ཡོད། མཚོ་བྱང་ནི་ཞིང་ཆེན་ཡོངས་ཀྱི་མཐོ་སྒང་གི་བོད་ལུག་དང་། ནས། ལོག་དཀར་བཅས་ཀྱི་མཁོ་འདོན་རྟེན་གཞི་ཆེ་ཤོས་དང་། ནུབ་བྱང་གི་ཆུ་གྲང་ཉའི་ཉེའུ་མཁོ་འདོན་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད། མདོ་ལ་རྫོང་ནི་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་གླ་རྩི་ཐོན་ཚད་མཐོ་ཤོས་ཀྱི་ནགས་ཚལ་གླ་བ་གསོ་སྤེལ་རྟེན་གཞིར་གྱུར་ཡོད། ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པ་དང་རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི"ལྟེ་གཅིག་གདུབ་གཅིག་རྒྱུད་མང"གི་ཡུལ་སྐོར་འཐབ་ཇུས་ཀྱི་རྣམ་པར་མཉམ་འདྲེས་ཐུབ་པ་བྱས་ཏེ"123"Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་པའི་བཟོ་སྐྲུན་རྒྱུན་མཐུད་ངང་ལག་བསྟར་བྱས་ནས། ཀྲུང་གོའི་རྡུལ་ཕྲན་མཚོན་ཆ་དང་པོ་ཞིབ་བཟོ་རྟེན་གཞིའི་བཟོ་གྲྭ221གི་གནའ་ཤུལ་བཟོ་ཁུལ་བཅོ་བརྒྱད་གསོན་སྒྱུར་བེད་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། མཁའ་དམག་སྲུང་སྐྱོབ་དཔུང་སྡེའི་གནའ་ཤུལ་ཁག16སྔོག་འདོན་བྱས་པ། སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་སོགས་ཡུལ་དངོས་ཀྱི་སློབ་ཁྲིད་བྱ་ཡུལ31བསྐྲུན་པ། མཚོ་སྐོར་བྱང་ངོགས་ཀྱི་སྐྱེ་ཁམས་ཉམས་ལེན་བྱ་ཡུལ6བསྐྲུན་ནས་ལས་གཉེར་བྱས་པར་མ་ཟད་མགྱོགས་མྱུར་ངང་ཡུལ་སྐོར་བ་མང་པོའི་སེམས་པ་བཀུག རྒྱུན་རྣམ་ཅན་གྱི་རྟ་རྒྱུག་དང་རྐང་ཐང་། ལྕགས་རྟ་འགྲན་སྡུར། མདའ་འཕེན་བཅས"སྤུས་དག་བཞིའི"འགྲན་སྡུར་སྤེལ་ཞིང་། "ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་གཉེར"ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་བ། 2023ལོར་ཡུལ་སྐོར་བ་མི་ཐེངས་ཁྲི1476.6བསུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར30.75མངོན་འགྱུར་བྱུང་ཞིང་། 2022ལོ་དང་བསྡུར་ན་སོ་སོར281%དང86.6%འཕར་ཡོད་ཅིང་། "མདོ་ལ་རི་ཡིས་ཕྱུག་པ་དང་རྐང་ཚ་མཚོ་ཡིས་ཕྱུག་པའི"མཚན་སྙན་རྒྱང་དུ་གྲགས་ཡོད། ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་ཐོན་ལས་རྟེན་གཞི་ནུས་ཤུགས་ཡོད་རྒུས་བཏོད་དེ་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”དང“ཤར་གྲངས་ནུབ་གསོག” “ཤར་གྲངས་ནུབ་སྦྱོང”བཅས་དང་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཁྱབ་ཚུལ་ལ་ཞབས་འདེགས་ཞུ་བའི་བྱ་བའི་ནང་རང་འགུལ་ངང་ཞུགས་ཏེ། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་པ་དང་། ཁུལ་ཡོངས་ཀྱི་རྫོང་བཞི་ཚང་མ་རྒྱལ་ཡོངས་ཀྱི་རྫོང་ཧྲིལ་བོར་ཁང་ཀླད་དུ་ཁྱབ་ཚུལ་རྣམ་པའི་འོད་ཤུགས་གསར་སྤེལ་གྱི་ཚོད་ལྟའི་རྫོང་ནང་བཅུག་པ། ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་དུ་ཐཱན་བསྡུའི་ལས་གཞི་ཐོག་མ་རྐང་ཚ་རུ་ལག་བསྟར་བྱས་པ། མིག་སྔར་ནུས་རྒྱུའི་སྒྲིག་སྦྱོར་འཕྲུལ་འཁོར་ཆན་ཝ་ཁྲི210བཙུགས་པ་དང་ཆན་ཝ་ཁྲི70སྐྲུན་བཞིན་ཡོད་པ། ཆན་ཝ་ཁྲི670བསྐྲུན་འཆར་ཡོད་པ། མ་དངུལ་སྒོར་དུང་ཕྱུར83བཏང་བའི་བདེ་འཇགས་རིག་ནུས་རྩིས་ནུས་ལྟེ་གནས་དང་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་ལས་གཞི་མཚོ་བྱང་དུ་ལག་བསྟར་བྱེད་རྩིས་ཡོད། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་འཚོལ་ཞིབ་དང་ལག་ལེན་ཁྲོད་མཚོ་བྱང་གི་ཁྱད་ལྡན་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་པ་དང་། ཐོན་ལས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པས། མཚོ་བྱང་གིས་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་བསུས་ཡོད་པ་རེད། ང་ཚོས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ཐོན་ཁུངས་དང་འཕེལ་རྒྱས་ཀྱི་ལེགས་ཆ། ས་ཁོངས་ཀྱི་ཁྱད་ཆོས་བཅས་ལ་གདེང་ཚོད་གནད་ལ་འཁེལ་བ་ལོན་པ་དང་། མཚོ་སྔོན་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དངོས་སུ་ཇུས་འགོད་བྱས་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་མཚོ་བྱང་གི་གདོད་མའི་ཐོན་ཁུངས་ལེགས་ཆ་དང་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བཀོད་སྒྲིག་ལྟར་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་ཏེ། སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་འཐུས་ཚང་དང་། “123”Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གསར་གཏོད། ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གཏོད་པ། ཚོགས་སྦྱོང་གི་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་གཙོ་གནད་བྱ་བར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། བཅོས་སྒྱུར་གྱི་བྱ་ཐབས་སྤྱད་དེ་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། འབྱུང་འགྱུར་ཐོན་ལས་འཛུགས་སྐྲུན་བྱེད་པ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བཅས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ལྗང་མདོག་རྩིས་ནུས་ཁྲིད་སྟོན་དུ་བྱེད་པའི་སྤུས་ཚད་མཐོ་བའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་བ་རྒྱུན་ཆད་མེད་པར་ཐོབ་དགོས།
པར་འདི་ནི་རྩོམ་པ་པོས་མཚོ་སྔོན་པོའི་འགྲམ་གྱི་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་དུ་བརྟག་ཞིབ་གནང་བཞིན་པ། ཁྲིན་ཝུན་ཉན་གྱིས་པར་བླངས།
གསུམ་པ། བཅོས་སྒྱུར་གྱི་བསམ་ཕྱོགས་དང་བྱེད་ཐབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་གྱི་གྲུབ་འབྲས་རྒྱ་སྐྱེད་ཡག་པོ་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་གཏན་འབེབས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་འཛུགས་པ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པར་བསྟན། མཚོ་བྱང་ནི་བོད་འབྲེལ་ས་ཁུལ་དང་མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་ཁུལ་ཐོག་མ་ཡིན་པའི་ངོས་ནས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་སྔོན་དུ་མི་རིགས་བྱ་བ་མ་གཉེར་ན་ཁྱོན་ཡོངས་དོན་གཉེར་བྱེད་མི་ཐུབ”ཅེས་པའི་སློབ་སྟོན་ནན་མོ་ཐོག་མཐའ་བར་གསུམ་དུ་ཡིད་ལ་བརྟན་པོར་བཅངས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་མི་རིགས་བྱ་བའི་གཙོ་རྐང་དེ་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས། མི་རིགས་སོ་སོའི་དབར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི“འགུལ་སྐྱོད་རིགས་བཅུ”དང“མི་རིགས་མཐུན་སྒྲིལ་ཡར་ཐོན+”མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བཏང་བ་དང་། ནུབ་མཚོ་ཅུན་དང་། པེ་ཞང་གཡང་གནའ་མཁར། མཁར་དམར་གནའ་མཁར། གངས་ལུང་བྲག་ཕུག་དགོན་སོགས་གནའ་ཤུལ134སྤྱད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དྲིལ་སྒྲོག་སློབ་གསོ་བརྟན་པོ་འཛུགས་པའི“གཅིག་ཅན་བཅུ་གསུམ”དང“བསྐྱོད་པ་བཅུ་གཉིས”ཀྱི་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་ཞིང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གྲངས་འཛིན་ཅན་གྱི་ཉམས་ལེན་ཁང་སྐྲུན་ཏེ་བེད་སྤྱོད་བཏང་། “སེ་འབྲུའི་ཁྱིམ་གཞིས”72བསྐྲུན་པ་དང་ཁྱབ་ཚད86%ཡན་ཟིན་པ། རྫོང4ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་གི་གྲས་སུ་ཚུད་པ། ཁུལ་ཡོངས་ཀྱི་རིགས་སོ་སོའི་བུ་དང་བུ་མོས་སེ་འབྲུ་བཞིན་དུ་དམ་པོར་སྦྲེལ་ཡོད། “ཁ་འབྲལ་ཐབས་མེད་པ་གསུམ”དང"མཉམ་མྱོང་བཞི"། "མོས་མཐུན་ལྔ"བཅས་ཀྱི་འདུ་ཤེས་མི་རིགས་སོ་སོའི་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་ཡོད། “ཧྥེང་ཆའོ་ཉམས་མྱོང”དང“པད་མའི་ཉམས་མྱོང”གི་མཚོ་བྱང་ཅན་གྱི་ལག་ལེན་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི་འགལ་བ་དང་རྩོད་གཞིའི“ཆུང་གྲས་དྲུག”གི་བྱ་བ་སྒྲུབ་ཐབས་ལ་རྒྱལ་ཡོངས་ཀྱི་དུས་རབས་གསར་བའི“ཧྥེང་ཆའོ་ཉམས་མྱོང”གི་སྔོན་ཐོན་དཔེ་མཚོན་ཐོབ་པ་དང་། ཁུལ་ཡོངས་ཀྱི་བདེ་འཇགས་ཡུལ་ཚོ་དང་གྲོང་རྡལ། བདེ་འཇགས་སྡེ་བ། བདེ་འཇགས་སྡེ་ཁུལ། བདེ་འཇགས་ལྗོངས་ཁུལ་བཅས་ཁྱབ་ཚད100%ཡིན་པ། རྫོང་བཞི་ཚང་མ་ཞིང་ཆེན་རིམ་པའི“བདེ་འཇགས་རྫོང”གི་གྲལ་དུ་ཚུད་པ། ང་ཚོས་མཚོ་བྱང་ནི་མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་མང་པོ་མཉམ་གནས། རིག་གནས་མང་པོ་མཉམ་འདྲེས་བཅས་ཡིན་པའི་ངོས་ནས་མི་རིགས་མཐུན་སྒྲིལ་ནི་ཐོག་མཐའ་བར་གསུམ་དུ་སྲོག་རྩ་ལྟ་བུ་ཡིན་པའི་ངོས་འཛིན་ཐོབ་ཡོད་པས། ངེས་པར་དུ་ཞིང་ཆེན་ཏང་ཨུས་མཚོ་བྱང་ལ“མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་དགོས”ཞེས་སྤྲད་པའི་འགན་འཁྲི་གལ་ཆེན་ལ་འཐབ་འདོན་ཤུགས་འབུལ་བྱས་ནས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་དྲིལ་སྒྲོག་སློབ་གསོའི“གཅིག་ཅན་བཅུ་གསུམ”དང“བསྐྱོད་པ་བཅུ་གཉིས”ཀྱི་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་ལག་ལེན་ཁང་དང“སེ་འབྲུའི”ཁྱིམ་གཞིས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཁུལ་ཡོངས་ཀྱི་རྟེན་མཛོད་ཁང་དང་ཕྱི་རོལ་སྒར་འདེབས་དམངས་སྲོལ་མགྲོན་ཁང་ཧུར་ཐག་གཏོད་པ་བཅས་བྱས་ནས་གཟུགས་ཅན་དང་ཚོར་བ། ཕན་འབྲས་ལྡན་པ་བཅས་ཀྱི་ཐད་མུ་མཐུད་འབད་བརྩོན་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་མི་རིགས་སོ་སོའི་མང་ཚོགས་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་དགོས། “གཅིག་ཅན་བཅུ”ཡི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་གྱི་གཞི་རྩ་བརྟན་དུ་གཏོང་བ་དང་། “བྱ་བ་སྤེལ་སྟངས་ཆུང་ངུ་དྲུག”དང“ལས་གནས་སྟོང་དང་སོ་ལྟ་ཁྲི”སོགས་གཞི་རིམ་གྱི་བཅོས་སྐྱོང་བྱེད་སྟངས་ཁྱབ་གདལ་དང་བེད་སྤྱོད་གཏོང་བ། མི་རིགས་ས་ཁུལ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་འཆམ་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་ཡིན།
བཞི་པ། བཅོས་སྒྱུར་བསམ་ཕྱོགས་དང་བྱེད་ཐབས་ལ་བརྟེན་ནས་དམངས་འཚོ་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། འཕེལ་རྒྱས་གཏོང་བའི་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་ཡིན་པར་བསྟན། ཉེ་བའི་ལོ་ཤས་རིང་། ང་ཚོས་དམངས་འཚོའི་བདེ་སྐྱིད་ཐོབ་སྣང་ཆེ་རུ་གཏོང་རྒྱུ་དེ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་མགོ་རྩོམ་ས་དང་མཇུལ་སྒྲིལ་སར་བརྩིས་ནས“ནོར་སྲིད་ཆུང་ངུས་དམངས་འཚོའི་དོན་ཆེན་སྒྲུབ་རྒྱུ”རྒྱུན་འཁྱོངས་ཀྱིས་ཁུལ་ཡོངས་ཀྱི་ནོར་སྲིད་གཏོང་སྒོ80%ཡན་ལས་ཞུགས་དང་སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་དམངས་འཚོའི་དོན་དངོས་ཐོག་སྤྱད་དེ་མི་སྔར་ལས་མང་བས་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པར་བྱས་ཡོད། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་པ་དང་དབུལ་བོར་འགྱུར་རྒྱུར་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། ནོར་ལུག་བཤས་གཏོང་གི་བྱ་དགའ་སྤྲོད་པའི་སྲིད་ཇུས་ཞིབ་འཇུག་བྱས་ཏེ་བཏོན་ཡོད། 2023ལོའི་ལོ་ཧྲིལ་བོར་སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26427ཟིན་པ་དེ་དུས་མཚུངས་ལས6.1%འཕར་ཡོད། དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་འཕར་ཚད14.88%ཟིན་པ་དང་། ཁུལ་ཡོངས་ཀྱི་སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར1ལས་བརྒལ་བ་དང་སྡེ་བ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི49.9ཟིན་ནས་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་ཞིང་ལུས་བདེ་སེམས་སྐྱིད་ཀྱི་སྣང་བས་ཕྱུག་ཡོད། ང་ཚོས་དམངས་ཀྱི་དོན་དུ་སྲིད་དོན་སྐྱོང་བ་ནི་ང་ཚོའི་ཏང་གི་ཆེས་མངོན་གསལ་ལྡན་པའི་ཆབ་སྲིད་ཀྱི་རང་གཤིས་ཡིན་པ་དང་། དམངས་འཚོའི་བྱ་བ་དངོས་ཀྱིས་མི་རིགས་སོ་སོའི་མང་ཚོགས་ཀྱི་དགའ་སྐྱིད་ལྡན་པའི་འཚོ་བར་བློ་ཁ་གཏད་ཚུལ་མཚོན་ཞིང་། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པས། ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། འཕེལ་རྒྱས་དང་སྐྱེ་ཁམས། དམངས་འཚོའི་བར་གྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱེད་པ། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་དམ་འཛིན་ཡག་པོ། དམངས་འཚོར་མ་དངུལ་འཇོག་གྲངས་མུ་མཐུད་མང་དུ་གཏོང་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་པ། ལས་ཞུགས་དང་ཡོང་འབབ་བགོ་བཤའ། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་། རྒན་གསོ་སོགས་དམངས་འཚོའི་གནད་དོན་གཅིག་གྱུར་འཆར་འགོད་ཀྱིས་ཐག་གཅོད་ཡག་པོར་བྱ་རྒྱུ། སྡེ་བའི“བདེ་སྐྱིད་ཟ་ཁང”སོགས་དམངས་འཚོའི་བྱ་བ་དངོས་སུ་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་དཀའ་གནད་སྡུག་གསུམ་དུས་ཐོག་ཏུ་སེལ་ཏེ་ང་ཚོའི“དཀའ་ཚེགས་སྟོན་གྲངས”ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི“བདེ་སྐྱིད་སྟོན་གྲངས”ཐོབ་ཐབས་བྱས་ཏེ་མང་ཚོགས་ལ་སྔར་བས་མང་ཞིང་ཐད་ཀར་དང་དོན་དངོས་ཡིན་པའི་ཐོབ་བདེ་སྐྱིད་གསུམ་གྱི་སྣང་བ་རོལ་དུ་འཇུག་རྒྱུ་ཡིན།
པར་འདི་ནི་རྩོམ་པ་པོས་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་རྟོག་ཞིབ་བྱེད་བཞིན་པ། ཁྲིན་ཝུན་ཉན་གྱིས་པར་བླངས།
ལྔ་པ། བཅོས་སྒྱུར་བསམ་ཕྱོགས་དང་བྱེད་ཐབས་ལ་བརྟེན་ནས་ཏང་གི་གཞི་རིམ་སྲིད་དབང་སྲ་བརྟན་དུ་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། ཏང་གི་མགོ་ཁྲིད་ནི་ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་དམ་དེམ་པ་ཡིན་པར་བསྟན། ཉེ་བའི་ལོ་ཤས་རིང་ང་ཚོས་ལམ་ལུགས་དང་ལམ་སྲོལ་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ལ་དོ་དམ་དང་ཏང་ནན་གྱིས་སྐྱོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་ཆབ་སྲིད་ཀྱི་ཆ་རྐྱེན་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམ་འཛིན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི“བྱ་ཐབས་ཁག18”ལ་ཞིབ་འཇུག་བྱས་ནས་བཏོན་ཡོད། “1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཡུལ་ཚོ་དང་གྲོང་རྡལ(སྡེ་བ་དང་ཧྲེ)གྱི་གཞི་རིམ་སྲིད་དབང་འཛུགས་སྐྱོང་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི “བཅུ་ལྡན”བཟོ་སྐྲུན་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་པ། ལས་བྱེད་པའི་ལུས་སེམས་བདེ་ཐང་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་འགའ་ཞིག་ཞིབ་འཇུག་བྱས་ནས་བཏོན་པ་དང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཞིབ་བཤེར་བཅོས་སྒྲིག་ལ་རྒྱུན་རྣམ་ཅན་གྱི་སྐུལ་འདེད་བཏང་སྟེ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད། ང་ཚོས་ཏང་འཛུགས་སྐྱོང་གི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ནི་ཏང་ཡོངས་ཀྱིས་བཅོས་སྒྱུར་དམ་འཛིན་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱུང་ཡོད། ང་ཚོས་ངེས་པར་དུ་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་འཛུགས་སྐྱོང་བྱ་རྒྱུ་རྩ་བར་འཛིན་པ་དང་། 221རྟེན་གཞིའི་གནའ་ཤུལ་ལ་སོགས་པའི་གསར་བརྗེའི་ཐོན་ཁུངས་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་། ཏང་གཤིས་བློ་སྦྱོང་ཁྲོད་སློབ་གསོ་ཐེབས་པའི་བྱེད་ནུས་དང་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་ཆེན་པོ་བྱེད་དགོས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་བྱ་བ་དངོས་ལ་སྒྱུར་བར་མུ་མཐུད་ཤུགས་སྣོན་དགོས། ནུས་ཤུགས་སྔར་ལས་ཆེ་བའི་སྒོ་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་དམ་འཛིན་ཡག་པོ་བྱས་ཏེ་མགོ་ཁྲིད་ལས་བྱེད་པ6གིས་གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་སྤྱོད་ཚུལ་གྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། སྡེ་བའི(སྡེ་ཁུལ)གཞི་རིམ་སྲིད་དབང་འཛུགས་སྐྱོང་གི་སྤུས་ཚད་ཇེ་ལེགས་དང་ནུས་པ་མཐོར་གཏོང་གི“བཅུ་ལྡན”དང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“སྟོབས་ལྡན་སྡེ་བའི”བཟོ་སྐྲུན་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ལས་བྱེད་པར་འགུལ་རྣམ་དོ་དམ་དང་དཔྱད་ཞིབ་གདེང་འཇོག གོང་འོག་གཉིས་ཀར་བསྡམས་ཐུབ་པའི་ལམ་སྲོལ་བཅས་འཐུས་ཚང་དུ་བཏང་སྟེ། ལས་བྱེད་པས“མཚོ་བྱང་ལ་དགའ་བ་དང་མཚོ་བྱང་ཤེས་པ། མཚོ་བྱང་དར་རྒྱས་གཏོང་པའི”ལས་སྒྲུབ་ལས་སྐྲུན་གྱི་སྤྲོ་སེམས་སློང་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注