མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་སྟེང་ཕུལ་བྱུང་བྱ་དགའ་ཐོབ་པའི་གླུ་བ་ངོ་སྤྲོད་མདོར་བསྡུས།

1. གཡང་སྐྱབས་རྒྱལ། 

མཚོ་བྱང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དུ་སྐྱེས། 

བླངས་ཟིན་པའི་གྲུབ་འབྲས།

2019ལོའི་མཚོ་སྔོན་ཞིང་ཆེན་གྱི་བརྙན་འཕྲིན་སྟེགས་བུའི་གླུ་ཤགས་འགྲན་སྡུར་སྐབས་གཉིས་པའི་སྟེང་རྟིང་སྐུལ་བྱ་དགའ་ཐོབ། 2017ལོའི་རྐང་ཚ་རྫོང་གི་སྐབས་དྲུག་པའི་མཚོ་སྔོན་པོ་ལ་གཞས་འགྲན་ཚོགས་ཆེན་མོའི་སྟེང་བྱ་དགའ་ཨང་གསུམ་པ་ཐོབ། 2023ལོར་ཐེམ་ཆེན་རྫོང་བོད་རིགས་དམངས་གླུ་མཐུན་ཚོགས་བཙུགས་ནས་ལོ་འཁོར་བརྒྱད་ལོན་པའི་ལ་གཞས་འགྲན་སྡུར་སྟེང་ཨང་གཉིས་པ་ཐོབ། 2024ལོའི་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་གླུ་ཤགས་ཆེད་ཚོགས་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ། 2023ལོའི་རྐང་ཚ་རྫོང་གི་ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་ལས་བོད་ཀྱི་གླུ་ཆུང་གི་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ། རྐང་ཚ་རྫོང་གི་མཚོ་སྔོན་པོའི་དམངས་ཁྲོད་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་ཁྲོད་རྟིང་སྐུལ་བྱ་དགའ་ཐོབ། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་སྟེང་ཕུལ་བྱུང་བྱ་དགའ་ཐོབ།

2. རྣམ་རྒྱལ་བཀྲ་ཤིས། 

མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མེ་རི་གྲོང་རྡལ་དུ་སྐྱེས།

བླངས་ཟིན་པའི་གྲུབ་འབྲས།

མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་སྟེང་ཕུལ་བྱུང་བྱ་དགའ་ཐོབ།

3.ཀླུ་ཐར་རྒྱལ།

མཚོ་ནུབ་ཁུལ་དུ་ཐེམ་ཆེན་རྫོང་དུ་སྐྱེས།

བླངས་ཟིན་པའི་གྲུབ་འབྲས།

སྡེ་ཆེན་རྩེད་རའི་མདོ་སྨད་ཡུལ་གྱི་སྐབས་དང་པོའི་དངུལ་སྒོར་རྟགས་མའི་ལ་གཞས་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ། 2022ལོའི་མཚོ་སྔོན་ཞིང་ཆེན་གྱི་བརྙན་འཕྲིན་སྟེགས་བུའི་གླུ་ཤགས་འགྲན་སྡུར་སྐབས་བཞི་པའི་སྟེང་ཕུལ་བྱུང་བྱ་དགའ་ཐོབ། 2023ལོའི་མདོ་ལ་རྫོང་གི་སྐབས་བཞི་པའི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཨ་རིག་གླུ་ཤགས་འགྲན་སྡུར་ཁྲོད་ཨང་བཞི་པ་ཐོབ། 2023ལོར་ཐེམ་ཆེན་རྫོང་བོད་རིགས་དམངས་གླུ་མཐུན་ཚོགས་བཙུགས་ནས་ལོ་འཁོར་བརྒྱད་ལོན་པའི་ལ་གཞས་འགྲན་སྡུར་སྟེང་ཨང་གསུམ་པ་ཐོབ། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་སྟེང་ཕུལ་བྱུང་བྱ་དགའ་ཐོབ།

4.ཚེ་རིང་།

མཚོ་ཤར་གྲོང་ཁྱེར་མཐའ་རྒྱ་ཡུལ་ཚོ་རུ་སྐྱེས།

བླངས་ཟིན་པའི་གྲུབ་འབྲས།

མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་སྟེང་ཕུལ་བྱུང་བྱ་དགའ་ཐོབ།

5.ཁོན་ཐར་རྒྱལ།

མཚོ་བྱང་ཁུལ་རྐང་ཚ་རྫོང་སྐྱིད་སྨོན་ཡུལ་ཚོ་རུ་སྐྱེས། 

བླངས་ཟིན་པའི་གྲུབ་འབྲས།

རྐང་ཚ་རྫོང་གི་མཚོ་སྔོན་པོའི་དམངས་ཁྲོད་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་སྟེང་ཨང་གཉིས་པ་ཐོབ། 2018ལོའི་སྡེ་ཆེན་རྩེད་རའི་བོད་ཀྱི་ལ་གཞས་འགྲན་སྡུར་སྐབས་དྲུག་པའི་སྟེང་ཕུལ་བྱུང་བྱ་དགའ་ཐོབ། 2018ལོའི་ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་གྱི་ཡུལ་སྐོར་རིག་གནས་དུས་ཆེན་གྱི་ལ་གཞས་འགྲན་སྡུར་སྐབས་བྱ་དགའ་ཨང་གསུམ་པ་ཐོབ། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་སྟེང་ཕུལ་བྱུང་བྱ་དགའ་ཐོབ།

6.བུན་ཁྲང་ཚེ་རིང་།

མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཨེར་སྟི་ཡུལ་ཚོ་རུ་སྐྱེས། 

བླངས་ཟིན་པའི་གྲུབ་འབྲས།

ཁྲི་ཀའི་དྲུག་པའི་ལྷ་རྩེད་མི་རིགས་མཐུན་སྒྲིལ་རྟགས་མའི་བོད་ཀྱི་ལ་གཞས་འགྲན་ཚོགས་སྟེང་ཨང་གཉིས་པ་ཐོབ། 2023ལོའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ༼ཡུས་ལུང་བུམ་པ་རྟགས་མའི༽བོད་ཀྱི་ལ་གཞས་འགྲན་སྡུར་ཁྲོད་ཨང་གཉིས་པ་ཐོབ། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་སྟེང་ཕུལ་བྱུང་བྱ་དགའ་ཐོབ།

7.ཚེ་རིང་དོན་འགྲུབ།

མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་གཅན་ཚ་མ་ནི་གྲོང་རྡལ་དུ་སྐྱེས། 

བླངས་ཟིན་པའི་གྲུབ་འབྲས།

2019ལོའི་མཚོ་སྔོན་ཞིང་ཆེན་གྱི་བརྙན་འཕྲིན་སྟེགས་བུའི་གླུ་ཤགས་འགྲན་སྡུར་ཆེན་མོ་སྐབས་གཉིས་པའི་རྟིང་སྐུལ་བྱ་དགའ་ཐོབ། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་སྟེང་ཕུལ་བྱུང་བྱ་དགའ་ཐོབ།

8.འཕྲིན་ལས།

མགོ་ལོག་ཁུལ་རྨ་ཆེན་རྫོང་སྡོམ་ཁོག་ཡུལ་ཚོ་རུ་སྐྱེས།

བླངས་ཟིན་པའི་གྲུབ་འབྲས།

མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་སྟེང་ཕུལ་བྱུང་བྱ་དགའ་ཐོབ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号