ཤ་བོ་སྐྱབས་ཀྱིས221རྟེན་གཞིའི་གནས་རྙིང་དུ་ཡུལ་དངོས་སུ་གཞུང་དོན་སྤེལ་སྐབས་སེམས་ནུས་གཅིག་སྒྲིལ་གྱིས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཆུ་ཚུད་མུ་མཐུད་མཐོར་འདེགས་སུ་གཏོང་དགོས་པའི་ནན་བཤད་གནང་པ།

ཟླ5པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས221རྟེན་གཞིའི་གནས་རྙིང་སྤྱི་ཁྱབ་བཀོད་འདོམས་པུའུ་དང་དམག་དཔོན་ཐོག་ཁང་། ཐོག་ཁང་སེར་པོ། ཡན་ལག་བཟོ་གྲྭ་བཞི་བ(ཚ་ཤུགས་གློག་འདོན་བཟོ་གྲྭ)བཅས་སུ་སོང་ནས་ཡུལ་དངོས་ནས་གཞུང་ལས་སྤེལ་ཏེ་ནན་གྱིས་བསྟན་དོན། "མིག་མངས་འགྲིག་སྐོར་གཅིག"གི་བསམ་བློ་བརྟན་པོ་བཙུགས་ཏེ་རྟེན་གཞིའི་གནས་རྙིང་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཏན་ཏིག་འཁུར་བ་དང་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་པ། ཕན་འབྲས་ཡོང་པ་མངོན་པར་བྱས་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་གསར་བརྗེའི་རིག་དངོས་སྲུབ་སྐྱོབ་དང་བེད་སྤྱོད་ཀྱི་ཆུ་ཚད་མུ་མཐུད་མཐོར་འདེགས་སུ་གཏོང་དགོས་ཟེར། 

རྟེན་གཞིའི་གནས་རྙིང་སྤྱི་ཁྱབ་བཀོད་འདོམས་པུའུ་དང་དམག་དཔོན་ཐོག་ཁང་། ཐོག་ཁང་སེར་པོ་བཅས་སུ་ཤ་བོ་སྐྱབས་འཁོར་དང་བཅས་པས་བཤམས་སྟོན་འགྲེམས་སྟོན་དང་། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་སྔོག་འདོན། རྒྱུ་ནོར་བདག་དབང་ཚུར་བསྡུ་སོགས་ཀྱི་བྱ་བར་རྒྱུས་ལོན་ཞིབ་ཕྲ་གནང་སྟེ་བསྟན་དོན། རྟེན་གཞིའི་གནས་རྙིང་སྤྱི་ཁྱབ་བཀོད་འདོམས་པུའུ་དང་དམག་དཔོན་ཐོག་ཁང་། ཐོག་ཁང་སེར་པོ་བཅས་ནི221བཟོ་གྲྭའི་མགོ་ཁྲིད་གཙོ་བོ་དང་ཚན་རྩལ་ལས་བྱེད་པའི་གཞུང་ལས་ཁང་དང་གཞིས་རྙིང་ཡིན་པ་དང་། 221རྟེན་གཞིའི་གནས་རྙིང་གི་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་བཟོ་བཀོད་ཡིན་ཞིང་། གནས་རྙིང་ཐོན་ཁུངས་སྲུང་སྐྱོབ་ཡག་པོ་དང་སླར་ཕྱིན་བེད་སྤྱོད་ཡག་པོ་བྱ་རྒྱུ་དེ་རྡུལ་ཕྲན་མཁར་གྱི་གསར་བརྗེའི་གྲོང་རྡལ་ཆུང་ངུ་ཆགས་པར་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་བསྐྲུན་རྒྱུར་རག་ལས་ཡོད་དེ། གཅིག་ནས"མདེལ་གཉིས་སྐར་གཅིག"གི་མཛད་རྗེས་ཆེ་བའི་ཚན་རིག་པའི་གཞུང་ལས་ཁང་གི་ལོ་རྒྱུས་དཔྱད་ཡིག་དང་ཚད་ལྡན་ཡིག་ཆ་མུ་མཐུད་སྔོག་འདོན་དང་ལེགས་སྒྲིག་བྱས་ཏེ། འབྲེལ་ཡོད་ཐོག་ཁང་གི་བདག་དབང་ཚུར་བསྡུའི་བྱ་བ་གང་མགྱོགས་ལེགས་སྒྲུབ་བྱས་ནས་ཕྱོགས་ཡོངས་སླར་གསོའི་རྣམ་པ་གཏོད་པ་དང་སྤྱི་ཡོངས་འགྲེམས་སྟོན་སོགས་ཀྱི་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། གཉིས་ནས་གནས་རྙིང་ལོ་རྒྱུས་རིག་གནས་ཀྱི་གཞི་རྒྱུ་མངོན་གསལ་དོད་པོ་ཡོང་པར་བྱས་ཏེ། རྟེན་གཞིའི་གནས་རྙིང་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་ལས་ཐོག་ཁང་གི་སླར་གསོའི་བྱ་བ་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་། མཚོ་བྱང་མགྲོན་ཁང་འཛུགས་སྐྲུན་དང་དོ་དམ་འབྲེལ་མཐུད་ཐུབ་པར་བྱས་ཏེ་གསར་བརྗེའི་རིག་གནས་གཞི་གཅིག་ཡིན་པའི་མགྲོན་ཁང་བསྐྲུན་ནས་གསར་བརྗེའི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ལ་རོགས་རམ་བྱེད་དགོས། གསུམ་ནས་ད་ཡོད་འགྲེམས་སྟོན་ཁང(སུའོ)གི་རྨང་གཞིའི་ཐོག"གཅིག་གཏོད་པ་དང་གཅིག་ཚགས་ཚུད། གཅིག་མཐོར་གཏོང"བཅས་ཀྱི་དམིགས་ཚད་གཞིར་བཟུང་ནས་གཙོ་གནད་འགྲེམས་ཁང་གཅིག་གྱུར་འཆར་འགོད་དང་བེད་སྤྱོད་ཡག་པོ་བྱས་ཏེ། འགྲེམས་སྟོན་སྤུས་དག་གཏོད་རྒྱུར་ཤུགས་སྣོན་དགོས་ཟེར།

ཡན་ལག་བཟོ་གྲྭ་བཞི་པ་རུ(ཚ་ཤུགས་གློག་འདོན་བཟོ་གྲྭ)ཤ་བོ་སྐྱབས་འཁོར་དང་བཅས་པ་གཞུང་ལས་ཁང་དང401འཁོར་ཁང་སོགས་སུ་བསྐྱོད་དེ་ཡན་ལག་བཟོ་གྲྭ་བཞི་པའི་སྤྱིའི་འཆར་འགོད་དང་བཟོ་ཁང་ཕྱིར་འཐེན་བྱེད་ཚུལ། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ནས་ནན་གྱིས་བསྟན་དོན། ཡན་ལག་བཟོ་གྲྭ་བཞི་པའི(ཚ་ཤུགས་གློག་འདོན་བཟོ་གྲྭ)རིག་དངོས་གྲངས་འབོར་མང་པ་དང་ཐོན་ཁུངས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ། སྒྲིག་བཀོད་ཆ་ཚང་ཡིན་པས་མཚོ་བྱང་གི་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་དང་གསར་བརྗེ་ཉམས་ཞིབ་ཐོན་ལས་གཏོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་གློག་བརྙན་ཅུས་དང་ཁུལ་རྟེན་གཞིའི་གནས་རྙིང་གཞུང་ལས་ཁང་། དེ་བཞིན་འབྲེལ་ཡོད་སྡེ་ཁག་གིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི་མཛུབ་སྟོན་བླང་བྱ་གཞིར་བཟུང་ནས221རྟེན་གཞིའི་གནས་རྙིང་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུའི་བྱ་བ་ཏན་ཏིག་ཡག་པོ་བསྒྲུབ་དགོས་ཏེ། གཅིག་ནས་རྟེན་གཞིའི་གནས་རྙིང་གི་གསར་བརྗེའི་རིག་དངོས་ཐོན་ཁུངས་ཀྱི་རིན་ཐང་སྔོག་འདོན་སྔར་ལས་ལྷག་པ་བྱས་ནས། རྟེན་གཞིའི་གནས་རྙིང་སླར་གསོ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བའི་ལས་གཞི་ཆེ་གྲས་དང་ལས་གཞི་ཡག་པོ་ཇུས་འགོད་བྱས་ཏེ་ལས་གཞིའི་མ་དངུལ་གྱི་རྒྱབ་སྐྱོར་ཕྱོགས་མང་པོའི་ཐད་ནས་བརྩོན་ལེན་བྱས་ནས་རྟེན་གཞིའི་གནས་རྙིང་བཟོ་གྲྭ་སོ་སོའི་ལོ་རྒྱུས་ཀྱི་ནང་དོན་དང་དུས་རབས་ཀྱི་རིན་ཐང་། དངོས་ཡོད་ཀྱི་དོན་སྙིང་བཅས་ཆེ་རུ་གཏོང་དགོས། གཉིས་ནས་ད་ཡོད་བཟོ་ཁང་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་ལུགས་མཐུན་བྱས་ཏེ་གློག་ཤུགས་རྟེན་མཛོད་ཁང་དང་དྲོད་འདོན་རྟེན་མཛོད་ཁང་། ས་འོག་བཀོད་འདོམས་ཁང་། ལྷུ་ལག་བཟོ་བཅོས་ཁང་རྙིང་པའི་ཉམས་གསོ་དང་འགྲེམས་སྟོན་སོགས་ཇུས་འགོད་ནན་ཏན་བྱེད་དགོས་པ། ནུས་པ་གང་ཡོད་ཀྱིས་ཟ་ཁང་དང་ཚོགས་ཁང་། ཉེན་སྲུང་ལས་རེས་ཁང་སོགས་ཉམས་གསོ་དང་སླར་གསོ་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཕུགས་བསམ་དད་སེམས་ཀྱི་སློབ་གསོའི་ཁྲོད་ཀྱི་གསར་བརྗེའི་རིག་དངོས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། གསུམ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་རྟེན་གཞིའི་གནས་རྙིང་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་བྱ་བའི་ལྷུ་ཚིགས་སོ་སོའི་ནང་ཁྱབ་པར་བྱས་ཏེ་ཡན་ལག་བཟོ་གྲྭ་སོ་སོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་ལྗང་སྒྱུར་ལྗང་སྲུང་ལྗང་བསྐྱེད་གཏོང་པའི་བྱ་བར་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱེད་པ་དང་སྐྱེ་ཁམས་ཀྱི་གཏིང་མདོག་ཟབ་ཏུ་བཏང་ནས་སྔོ་ལྗང་མཛེས་བཟོའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཡུལ་སྐོར་བར་ལྟ་སྐོར་དང་མྱོང་ཚོར་དེ་བས་ལེགས་པ་མཁོ་འདོན་བྱེད་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཁུལ་རྟེན་གཞིའི་གནས་རྙིང་གཞུང་ལས་ཁང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号