ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་སུང་ཞུག་ཙུང་གིས་ཁུལ་གྱི་སྨྱན་སྦྱོར་ལས་ཁུངས་ལ་བརྟག་ཞིབ་གནང་པ།

ཟླ3པའི་ཚེས5ཉིན། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་སུང་ཞུག་ཙུང་གིས་ཁུལ་སྨྱན་སྦྱོར་བྱ་བའི་ཕྱོགས་ཡོངས་ལ་བརྟག་ཞིབ་གནང་ལ། ཁུལ་ཨུའི་དྲིལ་སྒྲོག་པུའི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་བརྟག་ཞིབ་ལ་ཕེབས་རོགས་གནང་། 

སུང་ཞུག་ཙུང་འཁོར་དང་བཅས་པ་མདོ་ལ་ཚགས་པར་ཁང་དང་མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྡེ་ཁག་སོ་སོར་བསྐྱོད་དེ་ལས་གནས་དང་པོ་རུ་གནས་པའི་ལས་བྱེད་ལས་བཟོ་བར་འཚམས་འདྲི་གནང་ཞིང་། སྨྱན་སྦྱོར་ལས་ཁུངས་གཉིས་ཀྱི་སྒྲིག་གཞི་བཀོད་སྒྲིག་དང་མི་སྣ་བསྐོ་བཞག སྨྱན་སྦྱོར་མཉམ་འདྲེས། ལེ་ཚན་སྒྲིག་བཟོ། བྱེད་ཐབས་གསར་གཏོད། ནང་དོན་བཤེར་འབེབས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། དེའི་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། སུང་ཞུག་ཙུང་གིས་སྨྱན་སྦྱོར་ལས་ཁུངས་གཉིས་ཀྱི་བྱ་བའི་སྙན་ཞུར་ཉན་པ་དང་། ལས་ཁུངས་གཉིས་ཀྱི་གསར་འགྱུར་སྨྱན་སྦྱོར་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། 

སུང་ཞུག་ཙུང་གིས་ནན་གྱིས་བསྟན་དོན། ཏང་གི་གསར་འགྱུར་སྨྱན་སྦྱོར་ཞིག་ཡིན་པའི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི"ཡིག་འབྲུ48"ཀྱི་གསར་འགྱུར་གླེང་ཕྱོགས་བྱ་བའི་འགན་འཁྲི་དང་ལས་འགན་ཡིད་ལ་བརྟན་པོར་ངེས་དགོས་ལ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་ཕྱོགས། གསར་འགྱུར་གྱི་བློ་ཕྱོགས། བྱ་བའི་བླང་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁུལ་ཡོངས་ཀྱི་གསར་འགྱུར་དྲིལ་སྒྲོག་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བར་ཕྱོགས་ལྔའི་ཐད་ཤུགས་སྣོན་དགོས་ཏེ། གཅིག་ནས"ཞབས་ཞུ་གསུམ"སྒྲུབ་ཐུབ་པར་བྱེད་དགོས། མི་དམངས་ལ་ཞབས་ཞུ་སྒྲུབ་པ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་ཞུ་སྒྲུབ་པ། ཏང་ཡོངས་དང་རྒྱལ་ཡོངས། ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སྨྱན་སྦྱོར་གྱི་འགན་ནུས་དང་བྱེད་ནུས་འདོན་སྤེལ་ཧུར་ཐག་བྱས་ནས། གསར་འགྱུར་དྲིལ་སྒྲོག་བྱ་བའི་འགན་འཁྲི་འཁུར་ཐུབ་པ་བྱེད་དགོས། གཉིས་ནས"ཉེ་བཅར་གསུམ"ལག་བསྟར་བྱས་ཏེ། དོན་དངོས་ལ་ཉེ་བཅར་དང་འཚོ་བར་ཉེ་བཅར། མང་ཚོགས་ལ་ཉེ་བཅར་ཐུབ་པ་བྱ་རྒྱུ་ནི་གསར་འགྱུར་བྱ་བའི་རྩ་དོན་ཡིན་ལ། གསར་འགྱུར་བྱ་བའི་བྱེད་སྟངས་དང་བྱེད་ཐབས་ཀྱང་ཡིན། "ཉེ་བཅར་གསུམ"ལག་ལེན་རྒྱུན་འཁྱོངས་བྱས་ན་ད་གཟོད་གསར་འགྱུར་འཕྲིན་སྤེལ་ལ་བྲོ་བ་དང་ནང་དོན། ཟབ་ཚད་ལྡན་ཞིང་། མང་ཚོགས་དང་འབྲེལ་འདྲིས་ཐུབ་ལ་དུས་རབས་ཀྱི་འཕར་རྩ་འཛིན་ཐུབ།  གསུམ་ནས"གསར་གཏོད་གསུམ"འཚོལ་ཞིབ་བྱས་ཏེ། རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པས་ངེས་པར་དུ་རིག་གནས་ཀྱི་འགན་འཁྲི་ཡིད་ལ་བཅིངས་ནས་གཞུང་འཇུག་གསར་གཏོད་ཀྱི་ལས་ལ་གཞོལ་ཞིང་འཚོལ་ཞིབ་ཀྱི་བྱ་བར་ཤུགས་ཀྱིས་ཞུགས་ཏེ་ནང་དོན་གསར་གཏོད་དང་རྣམ་པ་གསར་གཏོད། བྱེད་ཐབས་གསར་གཏོད་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁུལ་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་གཏིང་ཟབ་སྐུལ་འདེད་བྱས་ཏེ་གསར་འགྱུར་གླེང་ཕྱོགས་ཀྱི་ཡིད་ཆེས་ནུས་པ་དང་ཤུགས་རྐྱེན་ནུས་པ། བརྒྱུད་སྒྲོག་ནུས་པ། ཁྲིད་སྟོན་ནུས་པ་བཅས་མུ་མཐུད་མཐོར་འདེགས་གཏོང་དགོས། བཞི་ནས"སློབ་གསོ་རིགས་གསུམ"དམ་འཛིན་ལེགས་པོ་བྱེད་དགོས། གཞུང་ལུགས་སློབ་སྦྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་གསོ་དང་མར་ཁེ་སིའི་རིང་ལུགས་ཀྱི་གསར་འགྱུར་ལྟ་བའི་སློབ་གསོ། ལས་རིགས་ཀྱི་སྙིང་སྟོབས་དང་ལས་རིགས་ཀྱི་ཀུན་སྤྱོད་སློབ་གསོ་བཅས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་པ། མར་ཁེ་སིའི་གསར་འགྱུར་ལྟ་བ་ཡང་དག་པ་འཛུགས་པ། ལས་རིགས་ཀྱི་སྙིང་སྟོབས་དང་ལས་རིགས་ཀྱི་ཀུན་སྤྱོད་དར་སྤེལ་གཏོང་བ། ཀུན་སྤྱོད་ཀྱི་བློ་སྦྱོང་སྔར་ལས་ཆེ་རུ་བཏང་སྟེ་ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་སྔར་ལས་ལེགས་པར་འཁུར་དགོས། ལྔ་ནས"སྐད་ཆ་ཚིག་གསུམ་གྱི་བླང་བྱ"ལག་བསྟར་བྱས་ཏེ། ཞིང་ཆེན་ཏང་ཨུའི"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ"བཅས་ཀྱི་བླང་བྱ་ལྟར། དངོས་དོན་སྒྲུབ་པའི་ཁྲིད་ཕྱོགས་རྒྱུན་འཁྱོངས་སྒོས་འགན་འཁྲི་ཤེས་པ་དང་འགན་འཁྲི་གསལ་རྟོགས། འགན་འཁྲི་སྒྲུབ་པ། འགན་འཁྲི་འཁུར་བ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ"ངའི་ལས་གནས་ལ་ངས་འགན་འཁུར་བ་དང་། ང་ལས་གནས་སུ་ཡོད་པས་བློ་བདེ་སེམས་བདེ་གནང་ཆོག"ཅེས་པའི་བྱ་བའི་རྣམ་འགྱུར་བཟུང་སྟེ་བྱ་བ་ཐམས་ཅད་ལེགས་པོར་སྒྲུབ་དགོས། སྨྱན་སྦྱོར་ལས་ཁུངས་གཉིས་ཀྱི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་ཀྱིས་ཁེངས་པའི་བྱ་བའི་རྣམ་པ་ཧུར་ཐག་གཏོད་པ་དང་། སྤྱོད་ཚུལ་གྱི་མཐའ་ཚད་སྲུང་བའི་ཁྲོད་ལས་དོན་སོ་སོ་དེ་བས་ཏན་ཏིག་དང་ལེགས་པོ་སྒྲུབ་ནས་ད་ཡོད་ཀྱི་རྨང་གཞིའི་ཐོག་སྔར་ལས་ཕུལ་བྱུང་གི་གྲུབ་འབྲས་ཐོབ་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号